ཡིག་རྒྱུན་ནང་དོན་ཚུ་ཞུན་དག་འབད་དོ

འོག་གི་ལས་འགན་ཚི་གིས་ཞུན་དག་ རྩ་སྒྲིག་འབད་ནི་དང་ཡིག་རྒྱུན་ཚུ་གི་ནང་དོན་ཚུ་འཕྲངམ་ཨིན། ཡིག་རྒྱུན་ རྒྱུན་མཐུད་འབད་ནི་ལུ་བཀོལ་སྤྱོད་པ་དེ་ལག་ལེན་འཐབ། (&o)

Format Function

ཨང་དེ་ཡིག་རྒྱུན་ལུ་གཞི་བསྒྱུར་འབདཝ་དང་ དེ་ལས་ཁྱོད་ཀྱིས་གསལ་བཀོད་འབད་མི་རྩ་སྒྲིག་ལུ་འཁྲིལ་རྩསྒྲིག་འབདཝ་ཨིན།

LCase Function

ཚུགས་ཡིག་ ཡིག་གུ་ཚུ་ཆ་མཉམ་ མགྱོགས་ཡིག་ཡིག་གུ་ཡིག་རྒྱུན་ནང་གཞི་བསྒྱུར་འབདཝ་ཨིན།

Left Function

ཁྱོད་ཀྱིས་ཡིག་རྒྱུན་གསལ་བརྗོད་ཀྱི་གཡོན་ཤོས་ཡིག་འབྲུ་ཚུ་གསལ་བཀོད་འབད་མི་ཨང་དེ་སླར་ལོགཔ་ཨིན།

LSet Statement

ཡིག་རྒྱུན་འགྱུར་ཅན་གྱི་གཡོན་ཕྱོགས་ལུ་ཡིག་རྒྱུན་ཅིག་འཕྲངམ་ ཡང་ན་ལག་ལེན་པ་ངེས་འཛིན་འབད་མི་དབྱེ་བ་སོ་སོ་གི་འགྱུར་ཅན་གཞན་ལུ་ལག་ལེན་པ་ངེས་འཛིན་འབད་མི་དབྱེ་བ་གི་འགྱུར་ཅན་ཅིག་འདྲ་བཤུས་འབདཝ་ཨིན།

LTrim Function

ཡིག་རྒྱུན་གསལ་བརྗོད་ཀྱི་འགོ་བཙུགས་ལུ་སྔོན་བསྐྱོད་བར་སྟོང་ཚུ་ཆ་མཉམ་རྩ་བསྐྲད་གཏངམ་ཨིན།

Mid Function, Mid Statement

ཡིག་རྒྱུན་གསལ་བརྗོད་ཀྱི་གསལ་བཀོད་འབད་ཡོད་མི་ཆ་ཚད་དེ་སླར་ལོགཔ (མི་ཌི་ལས་འགན) ཡང་ན་ཡིག་རྒྱུན་གསལ་བརྗོད་གཅིག་ཁར་ཡིག་རྒྱུན་གཞན་གྱི་ཆ་ཚད་ཚབ་བཙུགསཔ་ཨིན (གསལ་བཤད་འབྲིང་མ).

Right Function

ཡིག་རྒྱུན་གསལ་བརྗོད་ཀྱི་ཡིག་འབྲུ་ "n" ཐོབ་དབང་མང་ཤོས་དེ་ཚུ་སླར་ལོགཔ་ཨིན།

RSet Statement

ཡིག་རྒྱུན་འགྱུར་ཅན་ནང་འཁོད་ཡིག་རྒྱུན་ཅིག་གཡས་འཕྲངམ་ཡང་ན་ལག་ལེན་པ་ངེས་འཛིན་འབད་ཡོད་མི་འགྱུར་ཅན་དབྱེ་བ་གཞན་ནང་འདྲ་བཤུས་འབདཝ་ཨིན།

RTrim Function

ཡིག་རྒྱུན་གསལ་བརྗོད་ཀྱི་མཇུག་ལུ་བར་སྟོང་དེ་བཏོན་གཏངམ་ཨིན།

Trim Function

ཡིག་རྒྱུན་གསལ་བརྗོད་ཅིག་ནང་ལས་སྔོན་བསྐྱོད་ཆ་མཉམ་དང་རྒྱབ་ལུས་བར་སྟོང་ཚུ་རྩ་བསྐྲད་གཏངམ་ཨིན།

UCase Function

མགྱོགས་ཡིག་ ཡིག་འབྲུ་ཚུ་ཚུགས་ཡིག་ ཡིག་རྒྱུན་ནང་ལུ་གཞི་བསྒྱུར་འབདཝ་ཨིན།

Split Function

ཡིག་རྒྱུན་གསལ་བརྗོད་ལས་ཡིག་རྒྱུན་འོག་མ་ཚུ་གི་ཨེ་རེ་ཅིག་སླར་ལོགཔ་ཨིན།

Join Function

ཡིག་རྒྱུན་ཨེ་རེ་ནང་ཡིག་རྒྱུན་འོག་མ་ཚུ་གི་ཨང་ལས་ཡིག་རྒྱུན་ཅིག་སླར་ལོགཔ་ཨིན།

ConvertToURL Function

རིམ་ལུགས་ཡིག་སྣོད་མིང་དེ་ཡུ་ཨར་ཨེལ་ཡིག་སྣོད་ལུ་གཞི་བསྒྱུར་འབདཝ་ཨིན།

ConvertFromURL Function

ཡིག་སྣོད་ཡུ་ཨར་ཨེལ་དེ་རིམ་ལུགས་ཡིག་སྣོད་མིང་ལུ་གཞི་བསྒྱུར་འབདཝ་ཨིན།