Declare Statement

ཌི་ཨེལ་ཨེལ་ནང་ཡིག་སྣོད་ནང་་ཁྱོད་ཀྱིས་LibreOffice གཞི་རིམ་ལས་ལག་ལེན་འཐབ་ནི་ཨིན་མི་རྒྱུན་ལས་འོག་མ་ཅིག་ངེས་འཛིན་འབདཝ་དང་གསལ་བསྒྲགས་འབདཝ་ཨིན།

བལྟ་ཡང་: རང་དབང་དཔེར་མཛོད་

ཚིག་སྦྱོར:

གསལ་བསྒྲགས་ {འོག་མ | ལས་འགན་} དཔེར་མཛོད་མིང་ "Libname" [Alias "Aliasname"] [ཚད་བཟུང་] [དབྱེ་བ་བཟུམ་སྦེ]

ཚད་བཟུང་ཚུ་:

མིང་: ཌི་ཨེལ་ཨེལ་ནང་་ལས་ངེས་འཛིན་འབད་ཡོད་མི་མིང་ སོ་སོ་LibreOffice གཞི་རིམ་རྒྱུན་ལས་འོག་མ་དེ་བོད་ནི་ལུ།

མིང་གཞན་མིང་ : ཌི་ཨེལ་ཨེལ་ནང་ངེས་འཛིན་འབད་ཡོད་མི་རྒྱུན་ལས་འོག་མ་དེ་གི་མིང་།

དཔེར་མཛོད་མིང་: ཌི་ཨེལ་ཨེལ་གྱི་ཡིག་སྣོད་ཡང་ན་རིམ་ལུགས་མིང་། འ་ནི་དཔེར་མཛོད་དེ་ལས་འགན་དེ་དང་པ་ལག་ལེན་འཐབ་ཡོདཔ་ཅིན་རང་བཞིན་གྱིས་མངོན་གསལ་འབད་ཡོདཔ་ཨིན།

སྒྲུབ་རྟགས་ཐོ་ཡིག་: བྱ་སྒོའི་ལམ་ལུགས་ལུ་བོད་ཡོད་མི་རྩིས་སྤྲོད་འབད་ཡོདཔ་སྒྲུབ་རྟགས་ཚུ་ཁྱད་ཚབ་འབད་མི་ཚད་བཟུང་ཚུ་གི་ཐོ་ཡིག དབྱེ་བ་དང་ཨང་གི་ཚད་བཟུང་ཚེ་དེ་བྱ་སྒོའི་ལམ་ལུགས་ལག་ལེན་འཐབ་ཡོད་མི་ལུ་རྟེནམ་ཨིན།

དབྱེ་བ:ལས་འགན་བྱ་སྒོའི་ལམ་ལུགས་ཀྱིས་སླར་ལོག་ཡོད་མི་གནས་གོང་གི་གནད་སྡུད་དེ་ངེས་འཛིན་འབདཝ་ཨིན། ཁྱོད་ཀྱིས་འ་ནི་ཚད་བཟུང་དེ་དབྱེ་བ་གསལ་བསྒྲགས་ཡིག་འབྲུ་དེ་མིང་གི་ཤུལ་མ་བཙུགས་ཡོད་པ་ཅིན་གྲངས་སུ་རྩིས་མི་དགོ།

ཉེན་བརྡའི་ངོས་དཔར།

ཚད་བཟུང་ཅིག་རྒྱུན་ལས་འོག་མ་ལུ་གཞི་བསྟུན་གྱི་ཚབ་མ་གནས་གོང་སྦེ་ རྩིས་སྤྲོད་ནི་ལུ་ ཚད་བཟུང་དེ་ གཙོ་ཚིག་བའི་ཝལ་གྱིས་འབད་བརྡ་སྟོན་འབད་ཡོད་་མི་དེ་དགོཔ་ཨིན།


དཔེར་བརྗོད:

Declare Sub MyMessageBeep Lib "user32.dll" Alias "MessageBeep" ( Long )

Sub ExampleDeclare

Dim lValue As Long

    lValue = 5000

    MyMessageBeep( lValue )

    FreeLibrary("user32.dll" )

End Sub