Input# Statement

ཁ་ཕྱེ་འབྱུང་རིམ་ཡིག་སྣོད་ནང་ལས་གནད་སྡུད་ལྷགཔ་ཨིན།

ཚིག་སྦྱོར:

ཨིན་པུཊི་ #ཡིག་སྣོད་ཨང་ཧྲིལ་ཨང་ ཝར་ ༡[, var2[, var3[,...]]]བཟུམ་སྦེ།

ཚད་བཟུང་ཚུ་:

ཡིག་སྣོད་ཨང་: ཡིག་སྣོད་ཀྱི་ཨང་དེ་ནང་ཁྱོད་ཀྱིས་ལྷག་ནི་ཨིན་མི་གནད་སྡུད་དེ་ཡོདཔ་ཨིན། ཡིག་སྣོད་དེ་གཙོ་ཚིག་་ཨིན་པུཊི་ལག་ལེན་འཐབ་དེ་ཁ་ཕྱེ་གསལ་བཤད་དེ་དང་གཅིག་ཁར་ཁ་ཕྱེ་དགོཔ་ཨིན།

མི་མཐུན་པ་: ཨང་གྲངས་ཀྱི་ཡང་ན་ཡིག་རྒྱུན་འགྱུར་ཅན་དེ་ཁྱོད་ཀྱིས་ཁ་ཕྱེ་ཡོད་པའི་ཡིག་སྣོད་ལུ་ལས་གནས་གོང་ལྷག་དེ་འགན་སྤྲོད།

ཨིན་པུཊི#་གསལ་བཤད་དེ་གིས་ འགྱུར་ཅན་ཚུ་ལྷགཔ་ཡང་ན་གནད་སྡུད་གཅིག་ལུ་འགན་སྤྲོདཔ་དང་ཁ་ཕྱེ་ཡིག་སྣོད་ལས་ཡིག་རྒྱུན་ཚུ་ཡང་ན་ཨང་གྲངས་ཀྱི་གནས་གོང་ཚུ་ལྷགཔ་ཨིན། ཨང་གྲངས་ཀྱི་འགྱུར་ཅན་དེ་ཀེརེ་ཇི་དང་པ་སླར་ལོག་ (Asc=13), line feed (Asc=10) བར་སྟོང་ཡང་ན་ལྷོད་རྟགས་ཚུན་ཚོད་ལྷགཔ་ཨིན། ཡིག་རྒྱུན་འགྱུར་ཅན་ཚུ་ཆ་མཉམ་ཀེརེ་ཇི་དང་པ་སླརལོག་ (Asc=13), line feed (Asc=10), ཡང་ན་ལྷོད་རྟགས་ཚུན་ཚོད་ལུ་ལྷགཔ་ཨིན།

གནད་སྡུད་དང་གནད་སྡུད་དབྱེ་བ་ཚུ་ཁ་ཕྱེ་ཡོད་པའི་ཡིག་སྣོད་ནང་་ལུ་"var" ཚད་བཟུང་ནང་རྩིས་སྤྲོད་ཡོད་པའི་འགྱུུར་ཅན་བཟུམ་སྦེ་གོ་རིམ་ཅོག་འཐདཔ་ནང་འབྱུང་དགོཔ་ཨིན། ཁྱོད་ཀྱིས་ཨང་གྲངས་ཀྱི་གནས་གོང་ཚུ་མེད་པའི་ཨང་གྲངས་ཀྱི་འགྱུར་ཅན་ལུ་འགན་སྤྲོད་པ་ཅིན་ "var" དེ་"0"གི་གནས་གོང་ལུ་འགན་སྤྲོད་ཡོདཔ་ཨིན།

ཡིག་རྒྱུན་འགྱུར་ཅན་ལུ་ལྷོད་རྟགས་ཚུ་གིས་སོ་སོ་འཕྱལ་ཡོད་མི་ཚུ་འགན་སྤྲོད་འབད་མི་བཏུབ་ནི་ཨིནམ་དྲན་ཐོ་བཀོདཔ་ཨིན། དེ་མ་ཚད་ཡིག་སྣོད་ནང་གི་འདྲེན་རྟགས་ (") ཚུ་མི་བརྩིཝ་ཨིན། ཁྱོད་ཀྱིས་ཡིག་འབྲུ་འདི་ཚུ་ཡིག་སྣོད་ལས་ལྷག་དགོ་མནོ་བ་ཅིན་ གྱལ་ལས་གྱལ་སྦེ་་ (དཔར་བསྐྲུན་འབད་བཏུབ་པའི་ཡིག་འབྲུ་ཚུ་རྐྱངམ་གཅིག་ལྡན་མི་ཡིག་སྣོད་) ཡང་དག་ཚིག་ཡིག་ཡིག་སྣོད་ཚུ་ལྷག་ནི་ལུ་ གྲལ་ཐིག་ཨིན་པུཊི་#གསལ་བཤད་ལག་ལེན་འཐབ།

ཡིག་སྣོད་ཀྱི་མཇུག་དེ་གནད་སྡུད་ཆ་ཤས་ལྷག་པའི་སྐབས་ལྷོད་པ་ཅིན་ འཛོལ་བ་འབྱུངམ་དང་ལས་སྦྱོར་དེ་བར་བཤོལ་འབད་ཡོདཔ་ཨིན།

དཔེར་བརྗོད:

Sub ExampleWorkWithAFile

Dim iCount As Integer

Dim sName As String

Dim sValue As Integer

Dim sFileName As String

 

sFileName = "c:\data.txt"

iCount = Freefile

 

' Write data ( which we will read later with Input ) to file

Open sFileName For Output As iCount

sName = "Hamburg"

sValue = 200

Write #iCount, sName, sValue

sName = "New York"

sValue = 300

Write #iCount, sName, sValue

sName = "Miami"

sValue = 459

Write #iCount, sName, sValue

Close #iCount

 

iCount = Freefile

' Read data file using Input

Open sFileName For Input As iCount

Input #iCount; sName, sValue

MsgBox sName & " " & sValue

Input #iCount; sName, sValue

MsgBox sName & " " & sValue

Input #iCount; sName, sValue

MsgBox sName & " " & sValue

Close #iCount

End Sub