Open Statement

གནད་སྡུད་རྒྱུ་ལམ་ཁ་ཕྱེཝ་ཨིན།

ཚིག་སྦྱོར:

ཁ་ཕྱེ་ཡིག་སྣོད་མིང་ཡིག་རྒྱུན་བཟུམ་སྦེ [For Mode] [Access IOMode] [Protected] བཟུམ་སྦེ [#]ཡིག་སྣོད་ཨང་ཡིག་རྒྱུན་བཟུམ་སྦེ [Len = DatasetLength]

ཚད་བཟུང་ཚུ་:

ཡིག་སྣོད་མིང་: ཁྱོད་ཀྱིས་ཁ་ཕྱེ་ནི་ཨིན་མི་ཡིག་སྣོད་ཀྱི་མིང་དང་འགྲུལ་ལམ། ཁྱོད་ཀྱིས་ཡིག་སྣོད་མེད་མི་ཅིག་ལྷག་ནི་གི་འབད་རྩོལ་བསྐྱེད་པ་ཅིན་ (འཛུལ་སྤྱོད་འབད་ནི་ = ལྷག་ནི་) འཕྲིན་དོན་འཛོལ་བ་ཅིག་འབྱུངམ་ཨིན། ཁྱོད་ཀྱིས་ཡིག་སྣོད་མེད་མི་ཅིག་འབྲི་ནི་གི་འབད་རྩོལ་བསྐྱེད་པ་ཅིན་ (འཛུལ་སྤྱོད་འབད་ནི = འབྲི་ནི)ཡིག་སྣོད་གསརཔ་ཅིག་གསར་བསྐྲུན་འབདཝ་ཨིན།

ཐབས་ལམ་: གཙོ་ཚིག་དེ་གིས་ཡིག་སྣོད་ཐབས་ལམ་གསལ་བཀོད་འབདཝ་ཨིན། ནུས་ཅན་གནས་གོང་: ཟུང་ལྡན་ (གནད་སྡུད་དེ་ལེན་དང་བཙུགས་བཱའིཊིསི་ལག་ལེན་འཐབ་དེ་གིས་འབད་འཛུལ་སྤྱོད་འབད་བཏུབ་) ཨིན་པུཊི་ (ལྷག་ནི་གི་དོན་ལུ་གནད་སྡུད་རྒྱུན་ལམ་ཁ་ཕྱེཝ་ཨིན) ཨའུ་པུཊི་ (འབྲི་ནི་གི་དོན་ལུ་གནད་སྡུད་རྒྱུན་ལམ་ཁ་ཕྱེཝ་ཨིན) དང་གང་འབྱུང་ (འབྲུལ་བའི་ཡིག་སྣོད་ཚུ་ཞུན་དག་འབདཝ་ཨིན)མཇུག་བསྣོན་འབད་(འབྱུང་རིམ་ཡིག་སྣོད་ལུ་མཇུག་བསྣོན་འབད)

ཨེལ་ ༠ ཐབས་ལམ་: གཙོ་ཚིག་དེ་གིས་འཛུལ་སྤྱོདའབད་ནི་དབྱེ་བ་དེ་ངེས་འཛིན་འབདཝ་ཨིན། ནུས་ཅན་གནས་གོང་: ལྷག་ནི་ (ལྷག་ནི་རྐྱངམ་ཅིག་) འབྲི་ནི (འབྲི་ནི་རྐྱངམ་ཅིག་) ལྷག་འབྲི་ (གཉིས་ཆ་རང་)

ཉེན་སྐྱོབ་འབད་ཡོདཔ་: གཙོ་ཚིག་དེ་གིས་ཡིག་སྣོད་ཁ་ཕྱེ་བའི་ཤུལ་གྱི་སྲུང་སྐྱོབ་གནས་ཚད་དེ་ངེས་འཛིན་འབདཝ་ཨིན། ནུས་ཅན་གནས་གོང་: རུབ་སྤྱོད་འབད་ཡོདཔ་(ཡིག་སྣོད་དེ་ཡང་་ཅིན་འཇུག་སྤྱོད་གཞན་གྱིས་ཡང་ཁ་ཕྱེ་བཏུབ་) ལོཀ་ལྷག་ནི་(ཡིག་སྣོད་དེ་ལྷག་ནི་ལུ་སྲུང་སྐྱོབ་འབད་ཡོདཔ) ལོཀ་འབྲི་ནི་(ཡིག་སྣོད་དེ་འབྲི་ནི་ལུ་སྲུང་་སྐྱོབ་འབད་ཡོདཔ་) ལོཀ་ལྷག་འབྲི་ནི་(ཡིག་སྣོད་འཛུལ་སྤྱོད་འབད་ནི་ལུ་ཉེན་མི་བཏུབ)

ཡིག་སྣོད་ཨང་: ཧྲིལ་ཨང་གསལ་བརྗོད་གང་རུང་ ༠ ལས་ ༥༡༡ ལུ་གནད་སྡུད་རང་དབང་རྒྱུན་ལམ་གྱི་ཨང་དེ་བརྡ་སྟོན་ནི་ཨིན། ཁྱོད་ཀྱིས་དེ་ལས་ཡིག་སྣོད་དེ་འཛུལ་སྤྱོད་འབད་ནི་ལུ་གནད་སྡུད་རྒྱུན་ལམ་ལས་བརྒྱུད་དེ་བརྡ་བཀོད་ཚུ་རྩིས་སྤྲོད་འབད་བཏུབ། ཡིག་སྣོད་ཨང་དེ་གསལ་བཤད་ཁ་མ་ཕྱེ་བའི་ཧེ་མ་དེ་འཕྲལ་ལས་ཡིག་སྣོད་རང་དབང་ལས་འགན་གྱིས་གཏན་འབེབས་བཟོ་དགོཔ་ཨིན།

གནད་སྡུད་གཞི་སྒྲིག་རིང་ཚད་: གང་འབྱུང་འཛུལ་སྤྱོད་ཡིག་སྣོད་ཚུ་ལུ་ དརན་ཐོ་ཚུའི་རིང་ཚད་གཞི་སྒྲིག་འབད།

དྲན་འཛིན་ངོས་དཔར།

ཁྱོད་ཀྱིས་ཁ་ཕྱེ་གསལ་བཤད་དང་གཅིག་ཁ་ཕྱེ་ཡོད་པའི་ཡིག་སྣོད་ཀྱི་ནང་དོན་ཚུ་རྐྱངམ་ཅིག་ལེགས་བཅོས་འབད་བཏུབ། ཁྱོད་ཀྱིས་ཡིག་སྣོད་ཧེ་མ་ལས་ཁ་ཕྱེ་ཡོད་མི་ཁ་ཕྱེ་ནི་འབད་རྩོལ་བསྐྱེད་པ་ཅིན་ འཕྲིན་དོན་འཛོལ་བ་ཅིག་འབྱུངམ་ཨིན།


དཔེར་བརྗོད:

Sub ExampleWorkWithAFile

Dim iNumber As Integer

Dim sLine As String

Dim aFile As String

Dim sMsg As String

    aFile = "c:\data.txt"

    iNumber = Freefile

    Open aFile For Output As #iNumber

    དཔར་བསྐྲུན་འབད#ཨའི་ཨང་ "This is a line of text"

    #ཨའི་ཨང་དཔར་བསྐྲུན་འབད། "This is another line of text"

    Close #iNumber

    iNumber = Freefile

    Open aFile For Input As iNumber

    While Not eof(iNumber)

        Line Input #iNumber, sLine

        If sLine <>"" Then

            sMsg = sMsg & sLine & chr(13)

        End If

    Wend

    Close #iNumber

    MsgBox sMsg

End Sub