བྱུང་ལས་ཚུ་

ཌའི་ལོག་ཡང་ན་སེལ་འཐུ་འབད་ཡོད་པའི་ཚད་འཛིན་དོན་ལུ་འབྱུང་ལས་འགན་སྤྲོད་ཚུ་ངེས་འཛིན་འབད། འབྱུང་ལས་ཐོབ་ཚུགས་མི་འདི་ཚུ་སེལ་འཐུ་འབད་ཡོད་པའི་ཚད་འཛིན་གྱི་དབྱེ་བ་འདི་གུ་རྟེནམ་ཨིན།

ཆེད་མེད་ལེན་པའི་སྐབས།

ཚད་འཛིན་གྱིས་ཆེད་དམིགས་ལེན་པ་ཅིན་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

ཆེད་མེད་བྱང་སྟོར་ཤོར་་བའི་སྐབས།

ཚད་འཛིན་གྱིས་ཆེད་དམིགས་བྱང་སྟོར་ཤོར་བ་ཅིན་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

ལྡེ་མིག་ཨེབ།

ཚད་འཛིན་ལུ་ཆེད་དམིགས་ཡོད་པའི་སྐབས་ལག་ལེན་པ་གིས་ལྡེ་མིག་གང་རུང་ཅིག་ཨེབ་ད་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

ལྡེ་མིག་འཛིན་གྲོལ་ཡོདཔ།

ཚད་འཛིན་ལུ་ཆེད་དམིགས་ཡོད་པའི་སྐབས་ལག་ལེན་པ་གིས་ལྡེ་མིག་འཛིན་གྲོལ་འབདཝ་ད་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

ལེགས་བཅོས་འབད་ཡོདཔ།

ཚད་འཛིན་གྱིས་ཆེད་དམིགས་བྱང་སྟོར་ཤོར་བའི་སྐབས་དང་ དེ་གིས་ཆེད་དམིགས་བྱང་སྟོར་ཤོར་ཡོད་མི་ལས་ཚུར་ཚད་འཛིན་གྱི་ནང་དོན་ཚུ་བསྒྱུར་བཅོས་འབད་ཡོད་པའི་སྐབས་ ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

ཚིག་ཡིག་ལེགས་བཅོས་འབད་ཡོདཔ།

ཁྱོད་ཀྱིས་ཨིན་པུཊི་ས་སྒོ་ནང་ཚིག་ཡིག་བཙུགས་ནི་ ཡང་ན་ ལེགས་བཅོས་འབད་བ་ཅིན་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

གནས་ཚད་རྣམ་གྲངས་བསྒྱུར་བཅོས་འབད་ཡོདཔ།

ཚད་འཛིན་ས་སྒོ་གི་གནས་ཚད་ཚུ་བསྒྱུར་བཅོས་འབད་ཡོད་པ་ཅིན་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན་ དཔེར་ན་ ཞིབ་དཔྱད་འབད་ཡོད་མི་ལས་ཞིབ་དཔྱད་མ་འབད་མི་ལུ་བཟུམ།

མཱའུསི་ནང་ན།

མཱའུསི་གིས་ཚད་འཛིན་བཙུགས་པའི་སྐབས་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

ལྡེ་མིག་ཨེབ་ད་མའུསི་སྤོ་ཡོདཔ།

ལྡེ་མིག་ཨེབ་བཞག་ཡོད་པའི་སྐབས་མཱའུསི་འདྲུདཔ་ད་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

མཱའུསི་སྤོ་ཡོདཔ།

ཚད་འཛིན་གུ་མཱའུསི་སྤོ་བཤུད་འབད་བའི་སྐབས་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

མཱའུསི་ཨེབ་རྟ་ཨེབ་ཡོདཔ།

མཱའུསི་དཔག་བྱེད་འདི་ཚད་འཛིན་གུ་ཡོད་པའི་སྐབས་མཱའུསི་ཨེབ་རྟ་ཨེབ་ད་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

མའའུསི་ཨེབ་རྟ་འཛིན་གྲོལ་ཡོདཔ།

མཱའུསི་དཔག་བྱེད་འདི་ཚད་འཛིན་གུ་ཡོད་པའི་སྐབས་མཱའུསི་ཨེབ་རྟ་འཛིན་གྲོལ་འབདཝ་ད་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

མཱའུསི་ཕྱི་ཁར།

མཱའུསི་གིས་ཚད་འཛིན་བཞག་པའི་སྐབས་ཨ་ནི་བྱུང་ལས་འདི་འབྱུངམ་ཨིན།

བདེ་སྒྲིག་འབད་བའི་བསྒང་།

བཤུད་ཕྲ་འདྲུད་པའི་སྐབས་ཨ་ནི་བྱུང་ལས་འདི་འདི་འབཡུངམ་ཨིན།་