གཞི་རྟེན་ཚུ་

འ་དི་དབྱེ་ཚན་གྱིས་LibreOffice གཞི་རྟེན་ཅིག་ཁར་ལཱ་འབད་ནི་དོན་ལུ་གཞི་རྩ་འདི་ཚུ་བྱིནམ་ཨིན།

LibreOffice གཞི་རྟེན་ཨང་རྟགས་འདི་ཡན་ལག་རྒྱུན་ལས་ཚུ་དང་ལས་འགན་ཚུའི་བར་་ན་གསལ་བཀོད་ཡོད་མི་ ཡན་ལག...མཇུག་ ཡན་ལག་ དང ལས་འགན...མཇུག་ ལས་འགན་ དབྱེ་ཚན་ཚུ་གུ་གཞི་བཞགཔ་ཨིན། ཡན་ལག་ཡང་ན་ལས་འགན་རེ་རེ་གིས་གཞན་ཡན་ལག་ཚུ་དང་ལས་འགན་ཚུ་བོད་ཆོག ཁྱོད་ཀྱིས་ཡན་ལག་ཡང་ན་ལས་འགན་གྱི་དོན་ལུ་དབྱེ་རྟགས་ཨང་འབྲི་ནི་ལུ་བདག་འཛིན་འབད་བཞག་པ་ཅིན་གཞན་ལས་རིམ་ཚུ་ནང་ལུ་བསྐྱར་སྤྱོད་འབད་བཏུབ། ད་རུང་བྱ་སྒོའི་ལམ་ལུགས་ཚུ་དང་ལས་འགན་ཚུ་་བལྟ།.

དྲན་འཛིན་ངོས་དཔར།

Some restrictions apply for the names of your public variables, subs, and functions. You must not use the same name as one of the modules of the same library.


ཡན་ལག་ཟེར་མི་འདི་ག་ཅི་སྨོ?

འོག་མ་ འདི་འབྲི་ཤོག་ཐུང་ཀུ་གི་ རྒྱུན་ལས་འོག་མ ལས་རིམ་ནང་འཁོད་ལས་ཀ་ལ་ལོ་ཅིག་ལེགས་སྐྱོང་འཐབ་ནི་ལུ་ལག་ལེན་འཐབ་ཡོདཔ་ཨིན། འོག་མ་ཚུ་ལས་ཀ་བྱ་སྒོའི་ལམ་ལུགས་ཚུ་ངོ་རྐྱང་ལུ་གཤག་ནི་ལུ་ལག་ལེན་འཐབ་ཨིན། ལས་རིམ་འདི་བྱ་སྒོའི་ལམ་ལུགས་དང་་བྱ་སྒོའི་ལལམ་ལུགས་འོག་མ་ཚུ་ལུ་གཤག་མི་འདི་ཡིས་ལྷག་ཚུགསཔ་བཟོ་ནི་དང་འཛོལ་བ་ཉེན་ཁ་ཅན་ཚུ་མར་ཕབ་འབདཝ་ཨིན། འོག་མ་ཅིག་གིས་སྒྲུབ་རྟགས་ལ་ལོ་ཅིག་ཚད་བཟུང་བཟུམ་སྦེ་འབག་འོང་སྲིད་དེ་འབཐཝ་ད་གནས་གོང་ཚུ་གང་རུང་ལོག་འོག་མ་ཡང་ན་ལས་འགན་ལུ་བོད་པར་སླར་ལོག་མི་འོང་ དཔེར་ན་:

གནས་གོང་ཚུ་ཅིག་ཁར་གང་རུང་འབད།(ངེའི་གནས་གོང་དང་པ,ངེའི་གནས་གོང་གཉིས་པ་)

ལས་འགན་ཟེར་མི་ག་ཅི་སྨོ?

ལས་འགན་འདི་ གནས་གོང་སླར་ལོག་མི་ངེས་པར་མཁོ་བའི་ཡན་ལག་གཅིག་ཨིན། ཁྱོད་ཀྱིས་འགྱུར་ཅན་གསལ་བསྒྲགས་ཅིག་གི་གཡས་ཁ་ཐུག་ལུ་ལས་འགན་ ་ཡང་ན་གཞན་ས་སྒོ་སྤྱིར་བཏང་ཁྱོད་ཀྱིས་ལག་ལེན་འཐབ་པའི་གནས་གོང་ཚུ་ནང་ལག་ལེན་འཐབ་འོང་ དཔེར་ན་:

ངེའི་གནས་གོང་གཉིས་པ་ = ངེའི་ལས་འགན(ངེའི་གནས་གོང་དང་པ)

སྤྱི་ཁྱབ་དང་ཉེ་གནས་འགྱུར་ཅན་ཚུ།

སྤྱི་ཁྱབ་འགྱུར་ཅན་ཚུ་ཆ་མཉམ་ཡན་ལག་ཚུ་ཆ་མཉམ་དང་ཚད་གཞི་ནང་གི་ལས་འགན་ཚུ་ལུ་ནུས་ཅན་ཨིན། ཁོང་ཆ་མཉམ་ལས་འགན་འགོ་བཙུགསཔ་ཡང་ན་ཚད་གཞིའི་ཧེ་མ་ཡན་ལག་འགོ་བཙུགསཔ་ད་ལུ་གསལ་བསྒྲགས་འབད་ཡོདཔ་ཨིན།

ཁྱོད་ཀྱིས་འོག་མ་ཡང་ན་ལས་འགན་ནང་འཁོད་གསལ་བསྒྲགས་འབད་མི་འགྱུར་ཅན་ཚུ་ཆ་མཉམ་འ་ནི་འོག་མ་ཡང་ན་ལས་འགན་ནང་ན་རྐྱངམ་ཅིག་ནུས་ཅན་ཨིན། འགྱུར་ཅན་དེ་ཚུ་གིས་འོག་མ་ཚུ་ཡང་ན་ལས་འགན་ཚུ་མཐོ་ཤོས་ནང་ལས་འོང་མི་མིང་གཅིགཔ་བཅས་ཉེན་གནས་འགྱུར་ཅན་ཚུ་དང་མིང་གཅིགཔ་དང་འགྱུར་ཅན་སྤྱི་ཁྱབ་ཟུར་བཟག་འབདཝ་ཨིན།

གཞི་བཀོད་འབད་དོ།

ཁྱོད་རའི་ལས་རིམ་བྱ་སྒོའི་ལམ་ལུགས་ཚུ་དང་ལས་འགན་ཚུ་ནང་དབྱེ་སེལ་འབད་ཚར་བའི་ཤུལ་ལུ (Subs and Functions), ཁྱོད་ཀྱིས་གཞན་ལས་འགུལ་ཚུ་ནང་བསྐྱར་ལག་ལེན་འཐབ་ནི་དོན་ལུ་འ་ནི་བྱ་སྒོའི་ལམ་ལུགས་ཚུ་དང་ལས་འགན་ཚུ་སརུང་བཞག་འབད་རུང་བཏུབ། LibreOffice གཞི་རིམ་གྱིས་ ཚད་བཟུང་ཚུ་དང་དཔེར་མཛོད་ཚུ་ལུ་རྒྱབ་སྐྱོར་འབདཝ་ཨིནཝ. འོག་མ་ཚུ་དང་ལས་འགན་ཚུ་ཆ་མཉམ་ཨ་རྟག་ར་ཚད་བཟུང་ནང་ན་ཡོདཔ་ཨིན། ཁྱོད་ཀྱིས་ཚད་བཟུང་ཚུ་སྤྱི་ཁྱབ་ལུ་་ཡང་ན་ ཡིག་ཆ་གི་ཡན་ལག་སྦེ་ངེས་ཚིག་འབད་རུང་བཏུབ། སྣ་མང་ཚད་བཟུང་ཚུ་དཔེར་མཛོད་ལུ་མཉམ་མཐུད་འབད་བཏུབ་ཨིན།

ཁྱོད་ཀྱིས་ཡན་ལག་ཚུ་ ཚད་གཞི་ཚུ་དང་དཔེ་མཛོད་ཚུ་ཡིག་སྣོད་གཅིག་ནང་ལས་གཅིག་ནང་ལུ་ མེཀརོ་ ཌའི་ལོག་ ལག་ལེན་འཐབ་འདི་འདྲ་བཤུས་ཡང་ན་སྤོ་བཏུབ།