ཤོག་མཆན།

འོད་རྟགས་གནས་པའི་གནས་སར་ཤོག་མཆན་བསྒར་འཛུད་བྱེད་པ་དང།དེ་རྗེས་ལག་རོགས་བེད་སྤྱོད་ཀྱི་མགྱོགས་མྱུར་ངང་དེ་འཕྲལ་བྲིས་རྟགས་ཀྱི་གནས་སར་མཆོངས་སྒྱུར་བྱེད་དགོས། HTML ཡིག་ཚགས་ནང་ ཤོག་མཆན་དེ་ཆེས་ཐག་སྦྲེལ་རྒྱུད་མཆོངས་སྒྱུར་བྱེད་པའོ་གནས་ངེས་བྲིས་རྟགས་སུ་བརྗེ་སྒྱུར་བྱེད།

བཀའ་ཚིག་ལ་བཅར་འདྲི་...

ཚལ་ཐོ་:[བསྒར་འཛུད་] - [མཆན་འགོད་...]

[བསྒར་འཛུད་ཡོ་བྱད་ཚང་]སྟེང་གི་རིས་རྟགས་ རྐྱང་རྡེབ་།

Icon

མཆན་འགོད།


དམིགས་འཛུགས་ཀྱི་ཤོག་མཆན་ཪྙེད་པ་བྱས་ན་ F9 མཐེབ་གནོན་ནས་ལག་རོགས་ཁ་ཕྱེ་བ་དང་ཤོག་མཆན་གཤར་བྱང་སྒྲོམ་ནང་"+" ལ་རྐྱང་རྡེབ་བྱེད་དེ་ནས་ཤོག་མཆན་ཐོག་ཆ་རྡེབ་བྱེད།

ཤོག་མཆན།

གསར་འཛུགས་བྱེད་པའི་ཤོག་མཆན་གྱི་མིང་ནང་བཅུག་བྱེད་། འོག་ཕྱོགས་ཀྱི་རེའུ་འགོད་ནང་མིག་སྔའི་ཡིག་ཚགས་ནང་གི་ཤོག་མཆན་ཡོད་ཚད་ཚུད་ཡོད་། ཤོག་མཆན་ཞིག་སུབ་པ་དགོས་ན་ རེའུ་འགོད་ནང་ཤོག་མཆན་དེ་འདེམས་པ་དང་དེ་ནས་"སུབ་པ་"གནོན་མཐེབ་ལ་རྐྱང་རྡེབ་བྱེད་།

ཤོག་མཆན་མིང་ནང་གཤམ་གསལ་ཡིག་རྟགས་ཚུད་མི་ཆོག་ཏེ་:/ \ @ : * ? " ; , . #

སུབ་པ།

ཤོག་མཆན་ཤིག་སུབ་པ་ན་ "ཤོག་མཆན་བསྒར་འཛུད་"གླིང་སྒྲོམ་ནང་ཤོག་མཆན་དེ་འདེམས་པ་དང་དེ་ནས་ " སུབ་པ་"གནོན་མཐེབ་ལ་རྐྱང་རྡེབ་བྱེད།འོན་ཀྱང་སུབ་པའི་སྐབས་ དངོས་ཟུང་གླིང་སྒྲོམ་ཐོན་མི་སྲིད།