བང་རིམ་བསྒར་འཛུད་

LibreOffice རིས་འགོད་བཟོ་སྐྲུན་ནང་གི་རིས་འགོད་བང་རིམ་དབྱེ་བ་རྒྱབ་སྐྱོར་བྱེད།

  1. བར་རིམ་འདེམས་གཞི་ཁ་ས་ཁོངས་ཀྱི་མཐིལ་དངོས་ལ་གཡས་མཐེབ་རྐྱང་རྡེབ་བྱེད།

  2. རྩོམ་སྒྲིག་ - བང་རིམ་དབྱེ་བ་ - བསྒར་འཛུད་འདེམས་པ།

  3. མིང་སྒྲོམ་ནང་བང་རིམ་དབྱེ་བ་མིང་འཛུགས་དགོས།

  4. གཏོགས་གཤིས་ས་ཁོངས་ནང་ བང་རིམ་དབྱེ་བ་འདེམས་གཞི་བཀོད་སྒྲིག

  5. གཏན་འཁེལ་"ལ་རྐྱང་རྡེབ་བྱེད། བང་རིམ་དབྱེ་བ་གསར་པ་རང་འགུལ་གྱི་གསོག་སློང་བྱེད་པ།

བང་རིམ་དབྱེ་བའི་གཏོགས་གཤིས་བཟོ་བཅོས་བྱེད་ན་ བང་རིམ་དབྱེ་བའི་མིང་འདེམས་གཞི་ཁ་ལ་རྐྱང་རྡེབ་བྱེད་ དེ་ནས་རྣམ་གཞག་ - བང་རིམ་དབྱེ་བ་འདེམས་པ།

ཟུར་མཆན་རིས་རྟགས་

ཁྱེད་ཀྱིས་སྔོན་མཚན་འཇོག་གི་LibreOffice རིས་འགོད་ཡིག་ཚགས་ཀྱི་བང་རིམ་དབྱེ་བ་སུབ་མི་ཆོག་ལ་ མིང་ཡང་བཟོ་བཅོས་བྱས་མི་ཆོག


བང་རིམ་སྐོར་

བྱ་ཡུལ་བང་རིམ་གཞན་དུ་སྤོ་འགུལ་བྱེད་པ

བང་རིང་བེད་སྤྱོད