GIF རིས་འགུལ་བཪྙན་རིས་གསར་འཛུགས་

ཁྱེད་ཀྱིས་སྒྲོན་བཪྙན་སྤྱིན་ཤོག་ནང་གྱི་རིས་འགོད་བྱ་ཡུལ་དང་ ཡི་གེ་བྱ་ཡུལ་དང་རིས་དབྱིབས་བྱ་ཡུལ་(བཪྙན་རིས་)ལ་རིས་འགུལ་ལས་སྣོན་བྱས་ཆོག་ཅིང་ གསལ་སྟོན་ཡིག་ཟིན་དེ་བས་བྲོད་པོའི་རང་བཞིན་གྱི་ཕྱུག་ཐུབ། LibreOffice གསལ་སྟོན་ཡིག་ཟིན་གྱི་སྟབས་དེབ་རིས་འགུལ་རྩོམ་སྒྲིག་ཆས་ཞིག་མཁོ་འདོན་བྱས་པའི་དེ་ནང་ནས་ སྒྲོན་བཪྙན་སྤྱིན་ཤོག་ནང་གི་བྱ་ཡུལ་ཚོ་སྒྲིག་བྱེད་ཆོག་པ་ཡིན་ན་ རིས་འགུལ་བཪྙན་རིས་གསར་འཛུགས་(སྒྲོམ་གཞི་)བྱེད་གསོ། རིས་འགུལ་ཕན་འབྲས་ནི་བསྐྱར་འཁོར་མངོན་པ་བརྒྱུད་ཁྱེད་ཀྱིས་གསར་འཛུགས་བྱས་པའི་གཞི་སྒྲོམ་ཞིག་མངོན་རྒྱུ་བྱེད་དགོས་པ་ཡིན།

དྲན་བརྡའི་རིས་རྟགས་

གལ་ཏེ་གནས་རིས་རིས་འགུལ་གསར་འཛུགས་(GIF བྱ་འགུལ་བཪྙན་རིས་)བྱེད་ན་སྒྲོམ་གཞི་སོ་སོར་དུས་ཚོད་ནང་རྒྱང་ཞིག་གཏན་འཁེལ་བྱེད་པ་མ་ཟད་ རིས་འགུལ་བསྒྲགས་གཏོང་ཐེངས་གྲངས་གཏན་འཁེལ་བྱེད་དགོས།


GIF རིས་འགུལ་བཪྙན་རིས་གསར་འཛུགས་

  1. རིས་འགུལ་ནང་གི་བྱ་ཡུལ་གཅིག་གམ་བྱ་ཡུལ་ཚོ་གཅིག་ཚུད་པ་འདེམས་ཐོག་ དེ་ནས་[སྒྲོན་བཪྙན་སྤྱིན་ཤོག་བསྒྲགས་གཏོང་] - [རིས་འགུལ་སྔོན་ལྟ་...]འདེམས་དགོས།

  2. གཤམ་གྱི་བཀོལ་སྤྱོད་རིགས་ཤིག་ལག་བསྟར་བྱེད་པ་སྟེ་

  1. རིས་འགུལ་ཚོ་སྒྲིག་ས་ཁོངས་ནང་ གནས་རིས་བྱ་ཡུལ་འདེམས་དགོས།

    རིས་འགུལ་གྱི་དུས་ཚོད་བེད་སྤྱོད་ཀྱི་སྒྲོམ་གཞི་སོ་སོའི་མངོན་པ་རྒྱུན་མཐུད་དུས་ཚོད་དེ་བཞིན་རིས་འགུལ་རིམ་ལྟར་སོ་སོའི་མུ་མཐུད་བསྒྲགས་གཏོང་(འཁོར་སྐྱོད་)གྱི་ཐེངས་གྲངས་བེད་སྤྱོད་དགོས།

  2. བཪྙན་རིས་ཨང་སྒྲིག་སྒྲོམ་(གཡོན་ངོས་སྒྲོམ་)ནང་སྒྲོམ་གཞི་ཨང་སྒྲིག་ནང་བཅུག་བྱེད་དགོས།

  3. རྒྱུན་མཐུད་དུས་ཚོད་སྒྲོམ་(དབུས་སྒྲོམ་ནང་)རེ་བ་སྒྲོམ་གཞི་མངོན་པའི་སྐར་ཆའི་གྲངས་ནང་བཅུག་བྱེད་དགོས།

  4. རིས་འགུལ་ནང་གྱི་སྒྲོམ་གཞི་སོ་སོ་ཟློས་ཟླའི་མཐའ་མཇུག་གྱི་གོང་སྟབས་གཉིས་ལག་བསྟར་བྱེད་དགོས།

    དྲན་བརྡའི་རིས་རྟགས་

    ཁྱེད་ཀྱིས་བཪྙན་རིས་ཨང་སྒྲིག་་སྒྲོམ་གཡོན་ངོས་་ཀྱི་ཚོད་ཆས་བེད་སྤྱོད་ཀྱི་རིས་འགུལ་སྔོན་ལྟ་བྱས་ཆོག


  5. འཁོར་སྐྱོད་བསྒྲརྒས་གཏོང་ཐེངས་གྲངས་སྒྲོམ་(གཡས་་ངོས་སྒྲོམ་)ནང་རིས་འགུལ་རིམ་ལྟར་བསྐྱར་འཁོར་གྱི་ཐེངས་གྲངས་འདེམས་དགོས།

  6. སྙོམས་གཤིབ་སྒྲོམ་ནང་བྱ་ཡུལ་ལ་སྙོམས་གཤིབ་འདེམས་གཞི་གཅིག་འདེམས་དགོས།

  7. གསར་འཛུགས་རྐྱང་རྡེབ།