SQL བྱ་ཡུལ་ཚང་

When creating or editing an SQL query, use the icons in the Query Design Bar to control the display of data.

ཇུས་འགོད་འདེམས་གཞིའི་ཁཱ་འམ་ཡང་ན་SQLའདེམས་གཞིའི་ཁཱ་ཤོག་ངོས་ནང་བཙལ་འདྲི་འམ་མཐོང་རིས་གསར་འཛུགས་བྱས་པ་ལ་བརྟེན་ནས་གཤམ་གསལ་རིས་རྟགས་མངོན་པར་འགྱུར།

འདྲི་རྩད་འཁོར་རྒྱུགས་བྱ།

SQL འདྲི་རྩད་འཁོར་རྒྱུགས་དང་འདྲི་རྩད་འབྲས་བུ་མངོན། འདྲི་རྩད་འཁོར་རྒྱུགས་བྱེད་ནུས་ཀྱི་འདྲི་རྩད་འབྲས་བུ་ཉར་ཚགས་མི་བྱེད།

རིས་རྟགས།

འདྲི་རྩད་འཁོར་རྒྱུགས་བྱ།

འདྲི་རྩད་གཙང་སེལ།

འདྲི་རྩད་གཙང་སེལ་དང་ཇུས་འགོད་སྒེའུ་ཁུང་ནང་གི་རེའུ་མིག་ཡོད་ཚད་དོར་བ།

རིས་རྟགས།

འདྲི་རྩད་གཙང་སེལ།

ཇུས་འགོད་ཐད་མཐོང་དཔེ་རིས་ཁ་ཕྱེ་བ་/ཁ་བརྒྱབ་པ།

འདྲི་རྩད་ཀྱི་ཇུས་འགོད་ཐད་མཐོང་དཔེ་རིས་མངོན་པ།

རིས་རྟགས།

ཇུས་འགོད་ཐད་མཐོང་དཔེ་རིས་ཁ་ཕྱེ་བ་/ཁ་བརྒྱབ་པ།

གསབ་སྣོན་རེའུ་མིག་

ཇུས་འགོད་སྒེའུ་ཁུང་ནང་བསྒར་འཛུད་དགོས་རྒྱུའི་རེའུ་མིག་གཏན་འཁེལ་བ།རེའུ་མིག་ཁ་སྣོན་གླེང་སྒྲོམ་ནང་མིག་སྔའི་ལས་འགན་ལ་མཁོ་བའི་རེའུ་མིག་འདེམས།

རིས་རྟགས་

རེའུ་མིག་བསྒར་འཛུད།

རྟེན་གྲངས།

འདྲི་རྩད་ཇུས་འགོད།སྒེའུ་ཁུང་གི་ཇུས་འགོད་ཐད་མཐོང་དཔེ་རིས་གི་གཤམ་གྱི་ས་ཁོངས་ནང་"རྟེན་གྲངས།"ཡིས་ཕྲེང་མངོན།

རིས་རྟགས།

རྟེན་གྲངས།

རེའུ་མིག་མིང་།

འདྲི་རྩད་ཇུས་འགོད།ཀྱི་གཤམ་གྱི་ས་ཁོངས་ནང་"མིང་གཞན།"ཕྲེང་མངོན།

རིས་རྟགས།

རེའུ་མིག་མིང་།

མིང་གཞན།

འདྲི་རྩད་ཇུས་འགོད།ཀྱི་གཤམ་གྱི་ས་ཁོངས་ནང་"མིང་གཞན།"ཕྲེང་མངོན།

རིས་རྟགས།

མིང་གཞན།

གསལ་ཁ་ཆོད་པའི་གྲངས་ཐང་།

མིག་སྔའི་སྟར་པའི་ནང་ཞུགས་གྲངས་ DISTINCT སྤྱད་ནས་ SQL འདྲི་རྩད་ཀྱིས་གསར་འཛུགས་བྱས་པའི་བདམས་ངའི་བརྗོད་པ་རྒྱ་སྐྱེད་བྱེད། ཐེངས་མང་ཐོན་པའི་ཞུགས་གྲངས་གཅིག་པ་རྣམས་ཐེངས་གཅིག་སྒྲིག་པར་བྱེད།

རིས་རྟགས།

གསལ་ཁ་ཆོད་པའི་གྲངས་ཐང་།

འདེམས་གཞིའི་ཁཱ་ SQL ནང་གཤམ་གསལ་རིས་རྟགས་མངོན།

ཐད་ཀར་ SQL བཀའ་ཚིག་འཁོར་རྒྱུགས།

རང་སའི་SQL མ་ཚུལ་འོག་ SQL བཀའ་ཚིག་ནང་འཇུག་བྱེད་ བཀའ་ཚིག་ LibreOffice ཡི་འགྲེལ་བཤད་བརྒྱུད་མི་དགོས་པར་ཐད་ཀར་གཞི་གྲངས་མཛོད་ནང་བརྒྱུད་གཏོང་བྱེད་གལ་སྲིད་ཇུས་འགོད་ཐད་མཐོང་དཔེ་རིས་ནང་བཟོ་བཅོས་འདི་དག་མངོན་མེད་ན་ཡང་བསྐྱར་ཇུས་འགོད་ཐད་མཐོང་དཔེ་རིས་ལ་བཅོས་སུ་མེད།

རིས་རྟགས།

ཐད་ཀར་ SQL བཀའ་ཚིག་འཁོར་རྒྱུགས།