རེའུ་བྱང་སྣེ་སྟོན་ཡོ་བྱད་ཚང་

[རེའུ་བྱང་སྣེ་སྟོན་ཡོ་བྱད་ཚང་]ལ་གཞི་གྲངས་མཛོད་རེའུ་མིག་གམ་གཞི་གྲངས་མཐོང་རིས་ཚོད་འཛིན་རྩོམ་སྒྲིག་ལ་སྤྱོད་པའི་རིས་རྟགས་ཚུད་ཡོད། གཞི་གྲངས་མཛོད་ཐག་སྦྲེལ་ཡིག་དུམ་ཚུད་པའི་ཡིག་ཚགས་ནང་ཚང་དེ་ཡིག་ཚགས་མཐིལ་ངོས་སུ་མངོན།

ཁྱེད་ཀྱིས་[རེའུ་བྱང་སྣེ་སྟོན་ཡོ་བྱད་ཚང་]སྤྱད་ནས་ཟིན་ཐོ་སྣ་ཚོགས་ནང་སྤོ་སྒུལ་བྱ་ མ་ཟད་ཟིན་ཐོ་བསྒར་འཛུད་དང་སུབ་ཐུབ། གལ་ཏེ་རེའུ་བྱང་སྤྱད་ནས་གཞི་གྲངས་ཉར་ཚགས་བྱས་ན་བཟོ་བཅོས་དེ་གཞི་གྲངས་མཛོད་ལ་བརྒྱུད་གཏོང་བྱེད། [རེའུ་བྱང་སྣེ་སྟོན་ཡོ་བྱད་ཚང་]ད་དུང་གཞི་གྲངས་ཟིན་འགོད་ཀྱི་རིམ་སྒྲིག་དང་འཚག་འདེམས་བཙལ་འཚོལ་བྱེད་ནུས་ཚུད་ཡོད།

དྲན་བརྡའི་རིས་རྟགས་

ཁྱེད་ཀྱིས་རེའུ་བྱང་བྱེད་ནུས་ཡོ་བྱད་ཚང་སྟེང་གི་"ཕྱོགས་སྟོན་ཚང་"རིས་རྟགས་སྤྱད་ནས་རེའུ་བྱང་ནང་ཕྱོགས་སྟོན་ཚང་ནང་གསབ་སྣོན་བྱ།


ཟུར་མཆན་རིས་རྟགས་

རེའུ་བྱང་གཞི་གྲངས་མཛོད་ལ་སྦྲེལ་བའི་སྐབས་ཁོ་ནར་ཕྱོགས་སྟོན་ཚང་གཞི་ནས་མཐོང་ཐུབ། རེའུ་བྱང་གི་མཐོང་རིས་ཇུས་འགོད་ནང་ཕྱོགས་སྟོན་ཚང་བེད་སྤྱོད་མེད། གཞི་གྲངས་མཛོད་ཡོ་བྱད་ཚང་ལ་དཔྱད་གཟིགས་མཛོད།


རིམ་སྒྲིག་དང་འཚག་འདེམས་ཆས་ཀྱི་བྱེད་ནུས་བརྒྱུད་ནས་གཞི་གྲངས་མཐོང་རིས་ཚོད་འཛིན་བྱ་ཐུབ་ དེ་ལྟར་དེ་སྔོན་གྱི་རེའུ་མིག་དེ་བཟོ་བཅོས་མི་བྱེད།

མིག་སྔའི་རིམ་སྒྲིག་གོ་རིམ་མམ་འཚག་འདེམས་ཆས་དེ་མིག་སྔའི་ཡིག་ཚགས་དང་མཉམ་དུ་ཉར་ཚགས་བྱེད། གལ་ཏེ་འཚག་འདེམས་ཆས་བཀོད་སྒྲིག་བྱས་ཡོད་ན་ཕྱོགས་སྟོན་ཚང་སྟེང་གི་ཉེར་སྤྱོད་འཚག་འདེམས་ཆས་རིས་རྟགས་དེ་གསོན་སློང་གནས་སྟངས་སུ་གནས། ཡིག་ཚགས་ནང་གི་རིམ་སྒྲིག་དང་འཚག་འདེམས་བྱེད་ནུས་ཡང་རེའུ་བྱང་གཏོགས་གཤིས་§གླེང་སྒྲོམ་ནང་སྡེབ་སྒྲིག་བྱ་ཐུབ།(རེའུ་བྱང་གཏོགས་གཤིས་ - གཏོགས་གཤིས་ - གཞི་གྲངས་རིམ་སྒྲིགདང་འཚག་འདེམ་ཆས་)

ཟུར་མཆན་རིས་རྟགས་

གལ་ཏེ་རེའུ་བྱང་ལ་ SQL བཀའ་བརྡ་སྤྱད་ན་(རེའུ་མིག་གཏོགས་གཤིས་ -གཞི་གྲངས་འདེམས་གཞི་ཁཱ་-གཞི་གྲངས་ཁུངས་)དེས་ན་ SQL བཀའ་བརྡ་དེ་རེའུ་མིག་གཅིག་འབྲེལ་བ་ཡོད་ཅིང་ད་དུང་ས་འདིའི་ SQL མ་ཚུལ་རྩོམ་སྒྲིག་བེད་སྤྱོད་བྱས་མེད་པའི་སྐབས་ཁོ་ནར་གཞི་ནས་འཚག་འདེམས་ཆས་དང་རིམ་སྒྲིག་བྱེད་ནུས་སྤྱད་ཆོག


ཨང་སྒྲིག་ཟིན་འགོད།

མིག་སྔའི་ཟིན་ཐོའི་ཨང་སྒྲིག་མངོན་པ། ཨང་སྒྲིག་ཅིག་ནང་འཇུག་གིས་ལྟོས་ཟླའི་ཟིན་ཐོར་བསྒྱུར་བ།

ཟིན་ཐོ་ཨང་དང་པོ།

རིས་རྟགས་

ཨང་དང་པོའི་ཟིན་ཐོར་བསྒྱུར།

ཟིན་ཐོ་གོང་མ་དེ།

རིས་རྟགས་

གོང་གི་ཟིན་ཐོ་ལ་བསྒྱུར།

ཟིན་ཐོ་རྗེས་མ་དེ།

རིས་རྟགས་

ཟིན་ཐོ་གཤམ་མ་ལ་བསྒྱུར།

མཇུག་མཐའི་ཟིན་ཐོ་ཞིག

རིས་རྟགས་

མཇུག་མཐའི་ཟིན་ཐོ་ལ་བསྒྱུར་བ།

ཟིན་ཐོ་ཉར་ཚགས།

རིས་རྟགས་

གཞི་གྲངས་གསར་པའི་གཤར་བྱང་ཉར་ཚགས། གཞི་གྲངས་མཛོད་ནང་བཟོ་བཅོས་ཐོ་འགོད་བྱ།

ཕྱིར་འཐེན་ གཞི་གྲངས་ནང་འཇུག

རིས་རྟགས་

གཞི་གྲངས་གཤར་བྱང་ཕྱིར་འཐེན་ལ་སྤྱོད།

གསར་འཛུགས་ཟིན་ཐོ།

རིས་རྟགས་

ཟིན་ཐོ་གསར་པ་གསར་འཛུགས།

ཟིན་ཐོ་སུབ་པ།

རིས་རྟགས་

ཟིན་ཐོ་སུབ་པ། མ་སུབ་སྔོན་ལ་འདྲིས་ནས་གཏན་འཁེལ་རྒྱུ།

གསར་བཅོས།

མངོན་པའི་གཞི་གྲངས་གསར་བཅོས།མཁོ་མཁན་མང་བའི་འཁོར་ཡུག་ཁྲོད་གཞི་གྲངས་གསར་བཅོས་ཀྱིས་གཞི་གྲངས་ཆེས་གསར་པ་རྒྱུན་འཁྱོངས་བྱེད་པའོ།

རིས་རྟགས།

གསར་བཅོས།

ཟིན་ཐོ་འཚོལ་བ་

གཞི་གྲངས་མཛོད་རེའུ་མིག་དང་རེའུ་བྱང་བཤེར་འཚོལ་བྱེད་པ།རེའུ་བྱང་ངམ་གཞི་གྲངས་མཛོད་རེའུ་མིག་ནང་ཁྱེད་ཀྱིས་གཞི་གྲངས་ཡིག་དུམ་དང་ རེའུ་འགོད་སྒྲོམ་ བསྐྱར་འདེམས་སྒྲོམ་ཡོད་ཚད་ནང་དམིགས་འཛུགས་ཀྱི་ཐང་བཤེར་འཚོལ་བྱེད་པ།

རིས་རྟགས་

འཚོལ་བའི་ཟིན་ཐོ།

རིམ་འཕར་རིམ་སྒྲིག

ཡི་གེའི་ཡིག་དུམ་ནི་ཡིག་འབྲུའི་གོ་རིམ་(A ནས་ Z)ལྟར་གོ་རིམ་སྒྲིག་པ་དང་གྲངས་ཀའི་ཡིག་དུམ་ནི་རིམ་འཕར་གོ་རིམ་(0 ནས་ 9)ལྟར་གོ་རིམ་སྒྲིག་དགོས།

རིས་རྟགས།

རིམ་འཕར་རིམ་སྒྲིག

རིམ་ཆག་རིམ་སྒྲིག

ཡི་གེའི་ཡིག་དུམ་ནི་ཡིག་འབྲུའི་གོ་རིམ་(A ནས་ Z)ལྟར་གོ་རིམ་སྒྲིག་པ་དང་གྲངས་ཀའི་ཡིག་དུམ་ནི་རིམ་འཕར་གོ་རིམ་(0 ནས་ 9)ལྟར་གོ་རིམ་སྒྲིག་དགོས།

རིས་རྟགས།

རིམ་ཆག་རིམ་སྒྲིག

རང་འགུལ་འཚག་འདེམས།

མིག་སྔར་བདམས་པའི་གཞི་གྲངས་ཡིག་དུམ་གྱི་ནང་དོན་ལ་གཞིགས་ནས་ཟིན་ཐོ་འཚག་འདེམས་བྱས་ཆོག

རིས་རྟགས།

རང་འགུལ་འཚག་འདེམས།

རེའུ་བྱང་ཚུལ་གྱི་འཚག་ཆས།

གཞི་གྲངས་མཛོད་ཞབས་ཞུ་ཆས་ཀྱིས་གཏན་འཁེལ་བྱས་པའི་ཆ་རྐྱེན་ལ་གཞིགས་ནས་མཐོང་ཐུབ་པའི་གཞི་གྲངས་འཚག་འདེམས་བྱེད་པར་མཛུབ་སྟོན་བྱེད།

རིས་རྟགས།

རེའུ་བྱང་ཚུལ་གྱི་འཚག་ཆས།

རིམ་སྒྲིབ་

གཞི་གྲངས་མངོན་པའི་རིམ་སྒྲིག་ཆ་རྐྱེན་གཏན་འཁེལ་བཟོ་བ།

རིས་རྟགས་

རིམ་སྒྲིག་འདེམས་གཞི་འདེམས་པར་བྱ།

Reset Filter/Sorting

Cancels the filter settings and displays all of the records in the current table.

རིས་རྟགས།

Reset Filter/Sorting

གཞི་གྲངས་ཁུངས་ལ་བརྟེན་ནས་རེའུ་མིག་འཛུགས་པ།

རེའུ་བྱང་ཐད་མཐོང་དཔེ་རིས་ནང་ཟུར་སྣོན་རེའུ་མིག་ཐད་མཐོང་དཔེ་རིས་སྒུལ་སློང་བྱེད། སྒུལ་སློང་གཞི་གྲངས་ཁུངས་ལ་བརྟེན་ནས་རེའུ་མིག་བྱེད་ནུས་འཛུགས་རྗེས་རེའུ་བྱང་ཐོད་ཕྱོགས་ཀྱི་ས་ཁོངས་ནང་རེའུ་མིག་མཐོང་ཐུབ།

རིས་རྟགས།

གཞི་གྲངས་ཁུངས་ལ་བརྟེན་ནས་རེའུ་མིག་འཛུགས་པ།

འཚག་འདེམས་སྤྱོད་པ།

རེའུ་མིག་གི་ཐད་མཐོང་དཔེ་རིས་བཙགས་ཟིན་པ་དང་འཚག་རྒྱུའི་བར་བརྗེ་བསྒྱུར་བྱེད།

རིས་རྟགས།

འཚག་འདེམས་སྤྱོད་པ།