རེའུ་འགོད་གནས་བསྒར་འཛུད་དང་རྩོམ་སྒྲིག་
ཆུ་སྙོམས་ཚད་ཁྲེའི་ཐོག་མིག་སྔའི་དུམ་མཚམས་ཀྱི་རེའུ་འགོད་གནས། གལ་སྲིད་རེའུ་འགོད་གནས་བཟོ་བཅོས་བྱེད་ན་སྔོན་ལ་བཟོ་བཅོས་བྱེད་པའི་རེའུ་འགོད་གནས་ཀྱི་ཁྱབ་ཁོངས་ཁས་ལེན་བྱེད་ གཤམ་དུ་བཤད་པ་ལྟར།
-
Change the default tab stops for all documents: Use the menu LibreOffice - PreferencesTools - Options - LibreOffice Writer - General.
-
མིག་སྔའི་དུམ་མཚམས་བཟོ་ལྟའི་དུམ་མཚམས་ཀྱི་རེའུ་འགོད་གནས་ཡོད་ཚད་བེད་སྤྱོད་བཟོ་བཅོས་བྱེད་ གཡས་མཐེབ་རྐྱང་རྡེབ་ འདིའི་ དུམ་མཚམས་བཟོ་ལྟ་རྩོམ་སྒྲིག་བྱེད་པ་འདེམས་དེ་རྗེས་རེའུ་འགོད་རྟགས་རྐྱང་རྡེབ་བྱེད།
-
དུམ་མཚམས་གཅིག་གམ་ཡང་ན་མང་དག་གི་རེའུ་འགོད་གནས་བཟོ་བཅོས་བྱེད་ དུམ་མཚམས་འདེམས་ དེ་རྗེས་ཚད་ཁྲེ་རྐྱང་རྡེབ་བྱེད།
གཤམ་གྱི་ནང་དོན་ནང་ ཁྱེད་ཀྱིས་གོང་ལ་བཏོན་པའི་ལས་འགན་གྱི་གསལ་བཤད་ཡོད་ཚད་ཪྙེད།
ཚད་ཁྲེའི་ཐོག་རྐྱང་རྡེབ་ཡང་ན་ རྣམ་གཞག་ - ཡིག་དུམ་ -རེའུ་འགོད་རྟགས་འདེམས་པ་བརྒྱུད་རེའུ་འགོད་རྟགས་བཀོད་སྒྲིག་བྱེད། བྱ་ཐབས་འདི་གཉིས་ཀྱིས་མིག་སྔའི་དུམ་མཚམས་སམ་ཡང་ན་འདེམས་ངེས་པའི་དུམ་མཚམས་ཡོད་ཚད་ལ་ཤུགས་རྐྱེན་ཐེབས།
ཚད་ཁྲེའི་ཐོག་ཙིག་རྟགས་རྡེབ་གནོན་བྱས་ཏེ་གཡོན་སྙོམ་གཤིབ་ཀྱི་རེའུ་འགོད་རྟགས་ཤིག་བཀོད་སྒྲིག་བྱེད། ཁྱེད་ཀྱིས་ཙིག་རྟགས་གཡས་མཐེབ་སྤྱད་དེ་ཐད་ཀར་ཚད་ཁྲེའི་ཐོག་གི་རེའུ་འགོད་རྟགས་རྡེབ་གནོན་བྱེད་སྐབས་གཡས་མཐེབ་ཚལ་ཐོ་ཞིག་འཕར་ཐོན་བྱེད་ ཁྱེད་ཀྱིས་ཚལ་ཐོའི་དེའི་ནང་རེའུ་འགོད་རྟགས་ཀྱི་རིགས་བཟོ་བཅོས་བྱེད།
ཁྱེད་ཀྱིས་བཅུ་གོང་སྒྲིལ་གྱི་རེའུ་འགོད་རྟགས་མང་དག་རིམ་བཞིན་སྟར་སྒྲིག་བཀོད་སྒྲིག་འདོད་སྐབས་ ཁྱེད་ཀྱིས་ལས་ཀ་འདི་འདྲ་སྟབས་བདེ་བྱེད་ ཚད་ཁྲེའི་གཡོན་མཐའི་རེའུ་འགོད་རྟགས་རིས་འགོད་རྡེབ་གནོན་བྱེད་ ཁྱེད་ཀྱིས་སྤྱོད་འདོད་པའི་རེའུ་འགོད་རྟགས་ཀྱི་རིགས་མངོན་ དེ་རྗེས་ཚད་ཁྲེ་རྐྱང་རྡེབ་བྱས་ཏེ་རེའུ་འགོད་རྟགས་བཀོད་སྒྲིག་བྱེད།
འདེམས། |
གསལ་བཤད་ |
གཡོན་རེའུ་འགོད་གནས་བཀོད་སྒྲིག་བྱེད། |
|
གཡས་སྙོམས་གཤིབ་ཀྱི་རེའུ་འགོད་རྟགས་བཀོད་སྒྲིག་བྱེད། |
|
བཅུ་གོང་འགྲིལ་རེའུ་འགོད་རྟགས་བཀོད་སྒྲིག་བྱེད། |
|
དཀྱིལ་བསྡུའི་རེའུ་འགོད་རྟགས་བཀོད་སྒྲིག་བྱེད། |
ཚད་ཁྲེའི་ཐོག་ཙིག་རྟགས་སྒུལ་སློང་གླེང་སྒྲོམ་དུམ་མཚམས་རྐྱང་རྡེབ་བྱེད།
ཚད་ཁྲེའི་ས་ཁོངས་དཀར་པོ་ཆ་རྡེབ་བྱེད་ རེའུ་འགོད་རྟགས་ཤིག་བཀོད་སྒྲིག་བྱེད་པ་མ་ཟད་ དུམ་མཚམས་གླེང་སྒྲོམ་མངོན་ཐུབ་ གཞན་ཡང་རེའུ་འགོད་རྟགས་འདེམས་གཞི་ཁྭའི་ཤོག་ངོས་ལ་གནས་སྟངས་ཁ་ཕྱེས།
ཚད་ཁྲེའི་ཐོག་རེའུ་འགོད་གནས་སྤོ་སྒུལ་བྱེད།
-
ཙིག་རྟགས་བརྒྱུད་ཚད་ཁྲེའི་ཐོག་རྐྱང་པའི་རེའུ་འགོད་རྟགས་ཤིག་འདྲུད་སྒུལ་བྱེད་པ་དང་དེ་སྤོ་སྒུལ་བྱེད་ན་འགྲིག
-
གལ་སྲིད་ཁྱེད་ཀྱིས་ཚད་ཁྲེའི་ཐོག་རེའུ་འགོད་རྟགས་སྤོ་སྒུལ་བྱ་འདོད་ན་ Shift མཐེབ་གནོན་པ་མ་ཟད་མུ་མཐུད་ནས་དེ་གནོན་འཛིན་བྱེད། Shift གནོན་འཛིན་བྱེད་པ་དང་དུས་མཚུངས་རེའུ་འགོད་རྟགས་ཤིག་འདྲུད་སྒུལ་བྱེད་ རེའུ་འགོད་རྟགས་འདི་དང་དེའི་གཡས་མཐའི་རེའུ་འགོད་རྟགས་ཡོད་ཚད་སྤོ་སྒུལ་བྱེད། སྤོ་སྒུལ་བྱེད་པའི་རེའུ་འགོད་རྟགས་འདི་དག་ཕན་ཚུན་དབར་གྱི་བར་ཆོད་འགྱུར་བ་མི་འགྲོ།
-
ཚད་ཁྲེའི་ཐོག་རེའུ་འགོད་རྟགས་ཤིག་འདྲུད་སྒུལ་བྱེད་ བཀའ་ཚིག་Ctrl མཐེབ་གནོན་འཛིན་བྱེད་ རེའུ་འགོད་རྟགས་འདི་དེ་བཞིན་གཡས་ངོས་ཀྱི་རེའུ་འགོད་རྟགས་ཡོད་ཚད་སྤོ་སྒུལ་བྱེད། རེའུ་འགོད་རྟགས་འདི་དག་གི་དབར་གྱི་བར་རྒྱང་ནི་བར་ཐག་གཞན་གྱི་ཤོག་མཐའི་དར་ཐག་དྲང་སྡུར་གྱི་འགྱུར་བ་ཡིན།
རེའུ་འགོད་གནས་ཀྱི་གཏོགས་གཤིས་ཤིག་བཟོ་བཅོས་བྱེད།
རེའུ་འགདའགད་རྟགས་ཀྱི་རིགས་བཟོ་བཅོས་བྱེད་ ཚད་ཁྲེའི་ཐོག་བཟོ་བཅོས་བྱེད་པའི་རེའུ་འགོད་རྟགས་རྐྱང་རྡེབ་བྱེད་ དེ་རྗེས་གཡས་མཐེབ་རྐྱང་རྡེབ་བྱས་ཏེ་གཡས་མཐེབ་ཚལ་ཐོ་ཁ་ཕྱེས།
རེའུ་འགོད་རྟགས་ཤིག་སུབ།
རེའུ་འགོད་རྟགས་ཤིག་སུབ་ ཙིག་རྟགས་མཐེབ་གནོན་འཛིན་བྱེད་པ་མ་ཟད་རེའུ་འགོད་རྟགས་འདི་ཚད་ཁྲེ་ནས་འདྲུད་སྐྱེལ་བྱེད།
ཁས་ལེན་བཟོ་བཅོས།
གལ་སྲིད་ཁས་ལེན་རེའུ་འགོད་གནས་བཀོད་སྒྲིག་བཟོ་བཅོས་བྱེད་ན་ [ཡོ་བྱད་] - [འདེམས་གཞི་...] - "ཡི་གེ་ལས་སྣོན་ཡིག་ཚགས་" - "སྤྱིར་བཏང་"[ཡོ་བྱད་] - [འདེམས་གཞི་...] - "ལས་དེབ་" - "སྤྱིར་བཏང་"[ཡོ་བྱད་] - [འདེམས་གཞི་...] - "རིས་འགོད་" - "སྤྱི་བཏང་"[ཡོ་བྱད་] - [འདེམས་གཞི་...] - "གསལ་སྟོན་ཡིག་ཟིན་" - "སྤྱིར་བཏང་"[ཡོ་བྱད་] - [འདེམས་གཞི་...] - (ཡིག་ཚགས་རིགས་) - "སྤྱིར་བཏང་"འོག་དེ་བས་མང་བའི་ཆ་འཕྲིན་ཪྙེད།
ཚད་ཁྲེའི་གཡས་མཐེབ་ཚལ་ཐོ་བཟོ་བཅོས་མངོན་པའི་ཚད་འཇལ་འཇལ་བྱེད་སྤྱོད་རུང་། བཟོ་བཅོས་འདི་དག་ LibreOffice ཕྱིར་འཐེན་སྔོན་ནུད་པ་ལྡན་པ་མ་ཟད་གཞན་གཡས་མཐེབ་ཚལ་ཐོའི་ཚད་ཁྲེ་བཟོ་བཅོས་བྱེདཔ་ཁོ་ན་སྤྱོད་བདེ་བྱེད། གལ་སྲིད་ཚད་ཁྲེའི་ཚད་འཇལ་འཇལ་བྱེད་བཟོ་བཅོས་བྱེད་ན་[ཡོ་བྱད་] - [འདེམས་གཞི་...] -(ཡིག་ཚགས་རིགས་)- "མཐོང་རིས་"འདེམས་ དེ་རྗེས་ཁུལ་འདིར་ཚད་འཇལ་འཇལ་བྱེད་བཟོ་བཅོས་བྱེད།