འབྲེལ་བ་

བཀའ་ཚིག་འདི་འབྲེལ་བའི་ཇུས་འགོད་སྒེའུ་ཁུང་ཁ་ཕྱེ་ཆོག་པ་དང་ དེའི་ནང་གཞི་གྲངས་མཛོད་རེའུ་མིག་སྣ་ཚོགས་བར་གྱི་འབྲེལ་བ་མཚན་འཇོག་བྱ་ཆོག

འདིར་མིག་སྔའི་གཞི་གྲངས་མཛོད་ནང་གི་རེའུ་མིག་སྤྱི་སྤྱོད་གཞི་གྲངས་ཡིག་དུམ་བརྒྱུད་ཕན་ཚུན་སྦྲིལ་བ་བྱེད། གསར་འཛུགས་འབྲེལ་བ་རིས་རྟགས་ལ་རྐྱང་རྡེབ་ཀྱིས་འབྲེལ་བ་གསར་འཛུགས་བྱེད་པའམ་ཡང་ན་སྟབས་བདེའི་ངང་ཙིག་རྟགས་འདྲུད་འཇོག་བྱད་པ་བརྒྱུད་བཀོལ་སྤྱོད་འདི་ལེགས་གྲུབ་བྱེད།

བཀའ་ཚིག་ལ་བཅར་འདྲི་...

གཞི་གྲངས་མཛོད་ཡིག་ཆའི་སྒེའུ་ཁུང་ནང་"རྩོམ་སྒྲིག་" - "གཞི་གྲངས་མཛོད་" - "མཐོ་རིམ་བཀོད་སྒྲིག་"


ཟུར་མཆན་རིས་རྟགས་

བྱེད་ནུས་དེ་འབྲེལ་བའི་གཞི་གྲངས་མཛོད་ལ་སྤྱོད་པ་འཚམས།


རེའུ་མིག་ཤོང་སྣོད་གཡས་མཐེབ་ཚལ་ཐོའི་ནང་གི་འབྲེལ་བ་ཇུས་འགོད།བཀའ་ཚིག་ལ་རྐྱང་རྡེབ་བྱས་རྗེས་སྒེའུ་ཁུང་ཞིག་ཁ་ཕྱེ་ དེའི་ནང་མིག་སྔའི་གཞི་གྲངས་མཛོད་ཀྱི་རེའུ་མིག་བར་གྱི་འབྲེལ་བ་སྣ་ཚོགས་མངོན། གལ་ཏེ་ད་དུང་མཚན་འཇོག་གི་འབྲེལ་བ་མེད་ན་ ཡང་ན་གཞི་གྲངས་མཛོད་ཀྱི་གཞན་པའི་རེའུ་མིག་བར་ལ་འབྲེལ་བ་འཛུགས་ན་ གསབ་སྣོན་རེའུ་མིག།རིས་རྟགས་ལ་རྐྱང་རྡེབ་བྱེད། གསབ་སྣོན་རེའུ་མིག།གླེང་སྒྲོམ་ཁ་འབྱེད་པ་མ་ཟད་ དེའི་ནང་མཁོ་བའི་རེའུ་མིག་འདེམས་ཆོག

རིས་རྟགས་

རེའུ་མིག་བསྒར་འཛུད།

ཟུར་མཆན་རིས་རྟགས་

གལ་ཏེ་འབྲེལ་བ་ཇུས་འགོད་སྒེའུ་ཁུང་ཁ་ཕྱེ་ན་ རེའུ་རིགས་ཇུས་འགོད་མ་ཚུལ་འོག་བདམས་ངེས་ཀྱི་རེའུ་མིག་བཟོ་བཅོས་བྱ་ཐབས་བྲལ། འདི་ལྟར་འབྲེལ་བ་གསར་འཛུགས་བྱེད་པའི་བརྒྱུད་རིམ་ནང་རེའུ་མིག་བཟོ་བཅོས་མི་བྱེད་པ་འགན་སྲུང་བྱེད།


བདམས་པའི་གཞི་གྲངས་ནི་ཇུས་འགོད་མཐོང་རིས་ཀྱི་གཏན་ཁུལ་ས་ཁོངས་སུ་མངོན་པར་འགྱུར། ཁྱེད་ཀྱིས་གཡས་མཐེབ་ཚལ་ཐོའམ་སུབ་པའི་མཐེབ་བརྒྱུད་བསྐྱར་དུ་རེའུ་མིག་སྒེའུ་ཞིག་སུབ།

རེའུ་མིག་སྤོ་འགུལ་དང་རེའུ་མིག་ཆེ་ཆུང་།

དགོས་མཁོར་གཞིགས་ནས་རེའུ་མིག་སྒྲིག་པ་མ་ཟད་དེའི་ཆེ་ཆུང་བཟོ་བཅོས་བྱེད་ཆོག། རེའུ་མིག་ཅིག་སྤོ་འགུལ་བྱ་འདོད་ན་དེའི་སྟེང་གི་མཐའ་སྒྲོམ་གི་འཇོག་འདོད་པའི་གནས་སར་སྤོ་འགུལ་བྱེད། རེའུ་མིག་ཅིག་གི་མངོན་པའི་སྡུར་ཚད་ཆེ་རུའམ་ཆུང་དུ་གཏོང་ན་དེའི་མཐའ་སྒྲོམ་མམ་ཟུར་ཞིག་ཁྱེད་ཀྱིས་འདོད་པའི་ཆེ་ཆུང་ཐོབ་པའི་བར་དུ་འདྲུད་སྒུལ་བྱེད།

འགག་གནད་ཡི་གེ་གཙོ་བོ་དང་ཕྱི་ཁུལ་འགག་གནད་ཡི་ཕག

གལ་ཏེ་རེའུ་མིག་དེ་འདྲ་བའི་བར་འབྲེལ་བ་མཚན་འཇོག་བྱེད་ན་ འགག་གནད་ཡི་གེ་གཙོ་བོ།ནང་འཇུག་བྱེད་ཁ་གསལ་གོང་ནས་ད་ཡོད་རེའུ་མིག་གི་གཞི་གྲངས་ཡིག་དུམ་ཞིག་རྟགས་འགོད་པ་བྱེད། དེ་རྗེས་རེའུ་མིག་གཞན་པའི་ནང་ནས་འགག་གནད་ཡི་གེ་གཙོ་བོ་འདི་ཀློག་ལེན་བྱས་པ་བརྒྱུད་རེའུ་མིག་ནང་གི་གཞི་གྲངས་འདྲེན་སྤྱོད་བྱེད་ འདྲེན་སྤྱོད་བྱས་པའི་འགག་གནད་གཙོ་བོའི་གཞི་གྲངས་ཡིག་དུམ་ཕྱི་་ཁུལ་གྱི་འགག་གནད་ཡིག་གེ་བྲིས་རྟགས་འགོད་པར་བྱེད།

འགག་གནད་ཡི་གེ་གཙོ་བོས་གཏན་འཁེལ་བྱས་པའི་གཞི་གྲངས་ཡིག་དུམ་གྱི་སྒེའུ་ཁུང་ནང་འགག་གནད་ཡི་གེའི་བྲིས་རྟགས་ཝང་ངུ་ཞིག་སྤྱད་དེ་རྟགས་གསལ་པོ་འགོད།

འབྲེལ་བ་མཚན་འཇོག

འབྲེལ་བའི་ཡིག་དུམ་ནང་ད་ཡོད་ཀྱི་འབྲེལ་བ་ཡོད་ཚད་ཐིག་སྐུད་ཀྱི་མཚོན་ འགག་གནད་ཡིག་དུམ་ཡི་གེ་དང་་གཞན་པའི་ཡིག་དུམ་ཡི་གེ་ཐིག་སྐུད་འདི་བརྒྱུད་ཕན་ཚུན་སྦྲེལ། རེའུ་མིག་ནང་གི་ཡིག་དུམ་རེའུ་མིག་གཞན་པའི་ཡིག་དུམ་ནང་དུ་འདྲུད་འཇོག་བྱེད་པ་དང་འབྲེལ་བ་འཕར་སྣོན་བྱ་ཆོག། འབྲེལ་བ་འདེམས་པ་མ་ཟད་ Delete མཐེབ་གནོན་ན་བསྐྱར་དུ་གསར་འཛུགས་ཀྱི་འབྲེལ་བ་སུབ་པ་བྱེད།

ཡང་རྐྱང་རྡེབ་བྱས་པ་བརྒྱུད་ཡིག་དུམ་འབྲེལ་བའི་ས་ཁོངས་ནང་གི་འབྲེལ་བ་གསར་འཛུགས་རིས་རྟགས་ལ་རྐྱང་རྡེབ་བྱེད་ འབྲེལ་བ་ གླེང་སྒྲོམ་ནང་རེའུ་མིག་གཉིས་བར་གྱི་འབྲེལ་བ་མཚན་འཇོག་བྱེད།

རིས་རྟགས་

འབྲེལ་བ་གསར་འཛུགས།

ཐ་ཚིག་རིས་རྟགས་

གལ་ཏེ་ LibreOffice འབྲེལ་བའི་གཞི་གྲངས་མཛོད་ཀྱི་མདུན་སྣེ་ཡིན་ན་ འབྲེལ་བའི་གསར་འཛུགས་དང་སུབ་པ་ LibreOffice ཡིས་གནས་སྐབས་ཉར་ཚགས་བྱེད་པ་ལས་ ཕྱི་ཁུལ་གྱི་གཞི་གྲངས་མཛོད་ཐད་ཀར་གོང་འབུལ་མི་བྱེད།


སྦྲེལ་ཐིག་ལ་ཆ་རྡེབ་བྱས་ཏེ་འབྲེལ་བའི་གླེང་སྒོམ་ཁ་ཕྱེ་བ་དང་དེའི་ནང་འབྲེལ་བའི་གཏོགས་གཤིས་ཁ་ཤས་ཤིག་ལ་གཏན་འཁེལ་བྱེད།