བཤེར་འདྲེན་ཇུས་འགོད།

བཤེར་འདྲེན་ཇུས་འགོད།གླེང་སྒྲོམ་ནང་དུ་མིག་སྔའི་རེའུ་མིག་གི་གཤེར་འདྲེན་རྩོམ་སྒྲིག་བྱེད་ཆོག་

བཀའ་ཚིག་ལ་བཅར་འདྲི་...

གཞི་གྲངས་མཛོད་ཡིག་ཆའི་སྒེའུ་ཁུང་ནང"རེའུ་མིག་"རིས་རྟགས་ལ་རྐྱང་རྡེབ་བྱ། "བསྒར་འཛུད་ "-"རེའུ་མིག་ཇུས་འགོད་"ཡང་ན་"རྩོམ་སྒྲིག་"-"རྩོམ་སྒྲིག་"


རེའུ་མིག་འཆར་འགོད་

གཤེར་འདྲེན་རེའུ་འགོད།

སྤྱོད་རུང་གི་གཤེར་འདྲེན་མངོན་ཆོག། རེའུ་འགོད་ནང་རྩོམ་སྒྲིག་བྱ་རྒྱུའི་གཤེར་འདྲེན་འདེམས་དགོས། འདེམས་ངེས་གཤེར་འདྲེན་དང་འབྲེལ་བའི་ཞིབ་ཆའི་ལམ་སེང་གླེང་སྒྲོམ་གྱི་གཡས་གཞོགས་སུ་མངོན།

གསར་འཛུགས་གཤེར་འདྲེན།

གཤེར་འདྲེན་གསར་པ་གསར་འཛུགས།

མིག་སྔའི་གཤེར་འདྲེན་སུབ་པ།

མིག་སྔའི་གཤེར་འདྲེན་དེ་སུབ་པ།

མིག་སྔའི་གཤེར་འདྲེན་ལ་མིང་བསྐྱར་འདོགས།

མིག་སྔའི་གཤེར་འདྲེན་ལ་མིང་བསྐྱར་འདོགས་དགོས།

མིག་སྔའི་གཤེར་འདྲེན་ཉར་ཚགས།

གཞི་གྲངས་ཁུངས་ནང་མིག་སྔའི་གཤེར་འདྲེན་ཉར་ཚགས་བྱེད།

མིག་སྔའི་གཤེར་འདྲེན་བསྐྱར་སྒྲིག

མིག་སྔའི་གཤེར་འདྲེན་གྱི་གླེང་སྒྲོམ་འགུལ་སློང་བྱེད་དུས་ཀྱི་བཀོད་སྒྲིག་ལ་བསྐྱར་སྒྲིག་བྱེད།

ཞིབ་ཕྲིཕྲི་ཆ་འཕྲིན་གཤེར་འདྲེན།

མིག་སྔའི་གཤེར་འདྲེན་གྱི་ཞིབ་ཆ་བཟོ་བཅོས་བྱེད་པ་མ་ཟད་གཤེར་འདྲེན་གཞན་ཞིག་འདེམས་དུས་བཟོ་བཅོས་ཀྱི་ནང་དོན་ལམ་སེང་གཞི་གྲངས་ཁུངས་ལ་བརྒྱུད་སྐྱེལ་བྱེད། གཞི་གྲངས་ཁུངས་ལེགས་གྲུབ་བརྡ་ལན་སློག་རྗེས་ཁོ་ནར་གླརྔ་སྒྲོམ་དེ་ཁ་ཕྱེ་ཐུབ་ ཡང་ན་གཤེར་འདྲེན་གཞན་ཞིག་འདེམས་དགོས། འོན་ཀྱང་ཁྱེད་ཀྱིས་མིག་སྔའི་གཤེར་འདྲེན་བསྐྱར་སྒྲིག།རིས་རྟགས་ལ་རྐྱང་རྡེབ་བྱས་པ་བརྒྱུད་བཟོ་བཅོས་ཕྱིར་འཐེན་བྱེད།

འབའ་ཞིག

མིག་སྔའི་གཤེར་འདྲེན་གྱི་ཐང་གཅིག་ཁོ་ནས་ཆོག་གི་ཡོད་མེད་གཏན་འཁེལ་བྱེད།བདམས་པ་འབའ་ཞིག།འདེམས་གཞི་ཡིག་དུམ་ནང་སྡོས་པའི་གཞི་གྲངས་ཐོན་མིན་འགོག་པ་མ་ཟད་གཞི་གྲངས་ཀྱི་འཐུས་ཚང་རང་བཞིན་འགན་སྲུང་བྱེད།

ཡིག་དུམ།

ཡིག་དུམ་ས་ཁོངས་ཀྱི་མིག་སྔའི་རེའུ་མིག་ནང་གི་ཡིག་དུམ་རེའུ་གོད་མངོན། ཁྱེད་ཀྱིས་དུས་མཚུངས་ཡིག་དུམ་མང་པོ་འདེམས་ཆོག་ ཡིག་དུམ་ཞིག་འདེམས་པར་དོར་འདོད་ན་ ཁྱེད་ཀྱིས་རེའུ་འགོད་འགོད་ཚུགས་སའི་གཤར་བྱང་སྟོང་པ་འདེམས་དགོས།

གཤེར་འདྲེན་ཡིག་དུམ།

མིག་སྔའི་རེའུ་མིག་ནང་གི་ཡིག་དུམ་རེའུ་འགོད་མངོན་པར་བྱེད། ཁྱེད་ཀྱིས་ཡིག་དུམ་ནམནམ་པོ་འདེམས་ཆོག་

རིམ་སྒྲིག་གོ་རིམ།

རིམ་སྒྲིག་གོ་རིམ་གཏན་འཁེལ་བྱེད།

ཁ་བརྒྱབ།

གླེང་སྒྲོམ་ཁ་རྒྱག