More Controls

The More Controls toolbar opens when you click the More Controls icon on the Form Controls toolbar.

གྲགྲངས་ཐང་སྙོམ་སྒྲིག་མཐེབ།

རིས་རྟགས།

གྲངས་ཐང་སྙོམས་སྒྲིག་གནོན་མཐེབ་གསར་བཟོ་བྱེད།

གལ་སྲིད་ལས་ཁྲའི་ནང་གྲངས་ཐང་སྙོམས་སྒྲིག་གནོན་མཐེབ་གསབ་སྣོན་བྱེད་ "གཞི་གྲངས།"འདེམས་གཞི་ཁཱའི་ཤོག་ངོས་སྤྱོད་དེ་གྲངས་ཐང་སྙོམས་སྒྲིག་མཐེབ་དང་དྲ་མིག་དབར་ཆ་ཕྱོགས་ཐག་སྦྲེལ་གསར་བཟོ་བྱེད། དེར་བརྟེན་ དྲ་མིག་གི་ནང་དོན་བཟོ་བཅོས་སྐབས་ གྲངས་ཐང་སྙོམས་སྒྲིག་མཐེབ་ཀྱི་ནང་དོན་ཡང་བཟོ་བཅོས་བྱེད། དེ་ལས་ལྟོག་ན་ གལ་སྲིད་གྲངས་ཐང་སྙོམས་སྒྲིག་མཐེབ་ཀྱི་ཐང་བཟོ་བཅོས་བྱེད་ན་ དྲ་མིག་ནང་དོན་ཡང་བཟོ་བཅོས་བྱེད།

འགྲིལ་འཁོར་མདའ།

རིས་རྟགས།

འགྲིལ་འཁོར་མདའ་གསར་བཟོ་བྱེད།

འགྲིལ་འཁོར་མདའི་གཤམ་གྱི་གཏོགས་གཤིས་གཏན་འཁེལ་བྱེད།

UI མིང་།

བརྡ་སྤྲོད།

འགྲིལ་འཁོར་ཐང་ཆུང་ཤོས།

འགྲིལ་འཁོར་མདའི་མཐོ་ཚད་ཆུང་ཤོས་ཡང་ན་ཞེང་ཚད་ཆུང་ཤོས་གཏན་འཁེལ་བྱེད།

འགྲིལ་འཁོར་ཐང་ཆེ་ཤོས།

འགྲིལ་འཁོར་མདའ་མཐོ་ཚད་ཆེ་ཤོས་ཡང་ན་ཞེང་ཚད་ཆེ་ཤོས་གཏན་འཁེལ་བྱེད།

འགྲིལ་འཁོར་ཐང་ཁས་ལེན་བྱེད།

འགྲིལ་འཁོར་མདའི་ཁས་ལེན་མཐོ་ཚད་ཡང་ན་ཞེང་ཚད་གཏན་འཁེལ་བྱེད།

ཁ་ཕྱོགས།

འགྲིལ་འཁོར་མདའི་ཁ་ཕྱོགས་གཏན་འཁེལ་བྱེད་ ཆུ་སྙོམས་ཡང་ན་དྲང་འཕྱང་།

འགྱུར་བ་ཆུང་བ།

འགྲིལ་འཁོར་མདའི་གོང་འགྲིལ་འཁོར་གི་ཐང་ཆུང་ཤོས་གཏན་འཁེལ་བྱེད་ དཔེར་ན་ མདའ་རྩེ་རྐྱང་རྡེབ་བྱེད།

འགྱུར་བ་ཆེ་བ།

འགྲིལ་འཁོར་མདའ་གོང་འགྲིལ་འཁོར་གི་ཁ་གྲངས་གཏན་འཁེལ་བྱེད་ དཔེར་ན་ འགྲིལ་འཁོར་འདྲེད་ལིང་དང་མདའ་རྩེ་དབར་རྐྱང་རྡེབ་བྱེད།

ཕྱིར་འགྱངས།

འགྲིལ་འཁོར་མདའ་ཕོག་ཐུབ་བྱུང་བའི་བྱ་ལས་དབར་ཕྱིར་འགྱངས་བྱས་པའི་ཧའོ་སྐར་ཆའི་གྲངས་གཏན་འཁེལ་བྱེད། དཔེར་ན་ འགྲིལ་འཁོར་མདའ་ཐོག་གི་གནོན་མཐེབ་རྐྱང་རྡེབ་བྱེད་ཙིག་རྟགས་གནོན་མཐེབ་གནོན་འཛིན་སྐབས་ཐོན་པའི་ཕྱིར་འགྱངས་མཚོན་རྟགས་ཚོས་གཞི།

མཚོན་རྟགས་ཚོས་གཞི།

འགྲིལ་འཁོར་མདའི་ཐོག་གི་མདའ་ཙེ་ཚོས་གཞི་གཏན་འཁེལ་བྱེད།

མཐོང་རུང་བའི་ཆེ་ཆུང་།

འགྲིལ་འཁོར་མདའི་འདྲེད་ལིང་གི་ཆེ་ཆུང་གིས་"གྲངས་ཐང་འཇལ་བྱེད།"མཚོན་པ་གཏན་འཁེལ་བྱེད། དཔེར་ན་ "འགྲིལ་འཁོར་ཐང་ཆེ་ཤོས།"ནས་"འགྲིལ་འཁོར་ཐང་ཆུང་ཤོས།"འཐེན་ བསྐྱར་དུ་ 2 ཀྱི་བགོས་པའི་གྲངས་ཐང་ནི་འགྲིལ་འཁོར་མདའ་འདྲེད་ལིང་གི་འགྲིལ་འཁོར་མདའ་ཕྱེད་ཟིན་པ་མཚོན་ཡོད།

འགྲིལ་འཁོར་མདའི་ཞེང་ཚད་དང་འགྲིལ་འཁོར་མདའི་མཐོ་ཚད་མཚུངས་ "མཐོང་རུང་བའི་ཆེ་ཆུང་།"ནི་ཀླད་ཀོར་ལ་བཀོད་སྒྲིག་བྱེད།


ལས་ཁྲའི་ནང་ "གཞི་གྲངས།"འདེམས་གཞི་ཁཱའི་ཤོག་ངོས་སྤྱད་དེ་འགྲིལ་འཁོར་མདའ་དང་དྲ་མིག་དབར་ཁ་ཕྱོགས་ཐག་སྦྲེལ་གསར་བཟོ་བྱེད།

བཪྙན་རིས་གནོན་མཐེབ།

རིས་རྟགས།

མངོན་པའི་བཪྙན་རིས་ཀྱི་གནོན་མཐེབ་བཟོས།རིས་དབྱིབས་ཀྱི་མཚོན་པ་ཕུད་ བཪྙན་རིས་གནོན་མཐེབ་དང་"སྤྱིར་བཏང་།"གནོན་མཐེབ་འདྲ་བའི་གཏོགས་གཤིས་ལྡན།

པར་རིས་ཚོད་འཛིན།

རིས་རྟགས།

བཪྙན་རིས་ཚོད་ཆས་ཞིག་གསར་བཟོ་བྱེད། དེ་གཞི་གྲངས་མཛོད་ནས་བཪྙན་རིས་ལ་གསབ་སྣོན་བྱེད་པ་སྤྱོད།རེའུ་བྱང་ཡིག་ཚགས་ནང་དེའི་ནང་ཚོད་ཆས་ཞིག་ཆ་རྡེབ་བྱེད་རིས་དབྱིབས་བསྒར་འཛུད།གླེང་སྒྲོམ་ཁ་འབྱེད་ བཪྙན་རིས་བསྒར་འཛུད་བྱེད། ད་དུང་གཡས་མཐེབ་ཚལ་ཐོའི་(མ་ཚུལ་འཆར་འགོད་འོག་ལ་མིན་པ་)ཡོད་ གཞན་ཡང་བཪྙན་རིས་བསྒར་འཛུད་དང་སུབ་པའི་བཀའ་ཚིག་སྤྱོད་པ་ཁྱེར།

རེའུ་བྱང་ནང་གཞི་གྲངས་མཛོད་ནང་གི་བཪྙན་རིས་མངོན་ བཪྙན་རིས་ཚོད་ཆས་ནི་འབྲི་འགོད་སྲུང་སྐྱོབ་ལ་གཏན་འཁེལ་མི་བྱེད་ ད་དུང་བཪྙན་རིས་གསར་པ་གཞི་གྲངས་མཛོད་ནང་བསྒར་འཛུད་བྱེད། ཚོད་འཛིན་ངེས་པར་དུ་བཪྙན་རིས་རིགས་ཀྱི་གཞི་གྲངས་མཛོད་ཡིག་དུམ་ཞིག་ཐག་སྦྲེལ་བྱེད་ དེར་བརྟེན་ གཏོགས་གཤིས་སྒེའུ་ཁུང་ནང་གི་གཞི་གྲངས།འདེམས་གཞི་ཁཱ་ཤོག་ངོས་ཐོག་གཞི་གྲངས་མཛོད་ནང་འཇུག་བྱེད།

ཚེས་གྲངས་ཡིག་དུམ།

རིས་རྟགས།

ཚེས་གྲངས་ཡིག་དུམ་ཞིག་གསར་བཟོ་བྱེད།གལ་སྲིད་རེའུ་བྱང་གཞི་གྲངས་མཛོད་ནང་ཐག་སྦྲེལ་བྱས་ན་ གཞི་གྲངས་མཛོད་ནང་གི་ཚེས་གྲངས་ཐང་སྤྱོད་ཆོག

གལ་སྲིད་ཚེས་གྲངས་ཡིག་དུམ་ནང་གཏོགས་གཤིས་"རྒྱ་བསྐྱེད་"ནང་འཇུག་བྱས་ན་ སྤྱོད་པོ་ནི་ཚེས་གྲངས་ཡིག་དུམ་འདི་འོག་ཚེས་གྲངས་འདེམས་པའི་ཉིན་ཐོ་སྤྱོད་པ་ཞིག་རྒྱ་བསྐྱེད་བྱེད། འདིར་རེའུ་མིག་ཚོད་འཛིན་གཅིག་ནང་གི་ཚེས་གྲངས་ཡིག་དུམ་ཡང་ནུས་ལྡན་ཡིན།

དྲན་བརྡའི་རིས་རྟགས་

ཚེས་གྲངས་ཡིག་དུམ་རྩོམ་སྒྲིག་ཧ་ཅང་སླ་ སྤྱོད་པོ་ནི་གོང་ཕྱོགས་མདའ་མཐེབ་བམ་ཡང་ན་འོག་ཕྱོགས་མདའ་རྩེ་མཐེབ་ཁོ་བརྒྱུད་དགོས་ངེས་་ཡིན་ འོད་རྟགས་གནས་སའི་ཚེས་ ཟླ་བ་ཡང་ན་ལོའི་ཐང་འཕར་སྣོན་ཡང་ན་ཉུང་དུ་གཏོང་ཆོག


ཚེས་གྲངས་ཡིག་དུམ་གྱི་ལྟག་དོན་དྲན་བརྡ།

དུས་ཚོད་ཡིག་དུམ།

རིས་རྟགས།

དུས་ཚོད་ཡིག་དུམ་ཞིག་གསར་བཟོ་བྱེད།གལ་སྲིད་རེའུ་བྱང་གཞི་གྲངས་མཛོད་ནང་ཐག་སྦྲེལ་བྱས་ན་ གཞི་གྲངས་མཛོད་ནང་རེའུ་བྱང་གི་དུས་ཚོད་ཐང་འདེམས་སྤྱོད་བྱེད།

དྲན་བརྡའི་རིས་རྟགས་

དུས་ཚོད་ཡིག་དུམ་སྒྲིག་ཧ་ཅང་སླ་ སྤྱོད་པོ་ནི་གོང་ཕྱོགས་མདའ་མཐེབ་བམ་ཡང་ན་འོག་ཕྱོགས་མདའ་རྩེ་མཐེབ་ཁོ་བརྒྱུད་དགོས་ངེས་་ཡིན་ འོད་རྟགས་གནས་སའི་ཆུ་ཚོད་སྐར་མ་ཡང་ནསྐར་ཆའི་ཐང་འཕར་སྣོན་ཡང་ན་་ཉུང་དུ་གཏོང་ཆོག


ཡིག་ཆ་འདེམས།

རིས་རྟགས།

ཡིག་ཆ་འདེམས་པའི་གནོན་མཐེབ་སྤྱོད་པ་གཅིག་གསར་བཟོ་བྱེད།

གྲངས་ཀའི་ཡིག་དུམ།

རིས་རྟགས།

གྲངས་ཀའི་ཡིག་དུམ་ཞིག་གསར་བཟོ་བྱེད།གལ་སྲིད་རེའུ་བྱང་གཞི་གྲངས་མཛོད་ནང་ཐག་སྦྲེལ་བྱས་ན་ གཞི་གྲངས་མཛོད་རེའུ་བྱང་ནང་གྲངས་ཐང་འདེམས་སྤྱོད་བྱེད།

དངུལ་ལོར་ཡིག་དུམ།

རིས་རྟགས།

དངུལ་ལོར་ཡིག་དུམ་ཞིག་གསར་བཟོ་བྱེད།གལ་སྲིད་རེའུ་བྱང་གཞི་གྲངས་མཛོད་ནང་ཐག་སྦྲེལ་བྱས་ན་ རེའུ་བྱང་ནང་གཞི་གྲངས་མཛོད་ནང་གི་དངུལ་ལོར་ཡིག་དུམ་ནང་དོན་ཉེར་སྤྱོད་བྱེད།

སྒྲིབ་ཨང་ཡིག་དུམ།

རིས་རྟགས།

སྒྲིབ་ཨང་ཡིག་དུམ་ཞིག་གསར་བཟོ་བྱེད།སྒྲིབ་ཨང་ཡིག་དུམ་ནི་རྩོམ་སྒྲིག་སྒྲིབ་ཨང་དང་ཡིག་རྟགས་སྒྲིབ་ཨང་ལས་གྲུབ། རྩོམ་སྒྲིག་སྒྲིབ་ཨང་ནང་འཇུག་རུང་བའི་གཞི་གྲངས་གཏན་འཁེལ་ལ་སྤྱོད།

ཟུར་མཆན་རིས་རྟགས་

དོ་སྣང་བྱེད་ HTML རྣམ་གཞག་ནང་སྒྲིབ་ཨང་ཡིག་དུམ་བསམ་གཞིགས་མི་བྱེད།


ཚོ་སྒྲོམ།

རིས་རྟགས།

ཚོད་ཆས་མང་དག་མཐོང་རུང་ཅན་གྱི་ཚོ་སྒྲིག་གྱི་སྒྲོམ་གཞི་གསར་བཟོ་བྱེད།ཚོ་སྒྲོམ་བེད་སྤྱད་དེ་སྒྲོམ་གཞི་ནང་གི་གནོན་མཐེབ་འདེམས་གཞི་ཚོ་སྒྲིག་བྱེད།

གལ་སྲིད་ཡིག་ཚགས་ནང་ཚོ་སྒྲིག་སྒྲོམ་བསྒར་འཛུད་བྱེད་ན་ཚོ་དབྱེའི་གཞི་རྒྱུའི་ཕྱོགས་སྟོན།སྒུལ་སློང་བྱེད་ ཁྱེད་ཀྱིས་དལ་ལྷོའི་ངང་ནས་འདེམས་གཞི་ཚོ་གཅིག་གསར་བཟོ་བྱེད།

དོ་སྣང་ གལ་སྲིད་ཚོ་སྒྲོམ་ཞིག་ད་ཡོད་ཀྱི་ཚོད་ཆས་ཐོག་འདྲུད་སྒུལ་བྱེད་པ་མ་ཟད་ ཚོད་ཆས་ཞིག་འདེམས་འདོད་ན་ ཁྱེད་ཀྱིས་ངེས་པར་དུ་སྔོན་ལ་ཚོ་སྒྲོམ་གྱི་གཡས་མཐེབ་ཚལ་ཐོའི་ཁ་ཕྱེ་བ་དང་དེ་རྗེས་སྟར་འགོད་ - མཐིང་ལ་འཇོག་པ་འདེམས་ མུ་མཐུད་ གནོན་འཛིན་དང་དུས་མཚུངས་ཚོད་ཆས་འདེམས།

ཟུར་མཆན་རིས་རྟགས་

ཚོ་སྒྲོམ་ནི་མཐོང་ཚོར་ཕན་འབྲས་སྤྱོད་མཚན་འཇོག མིང་བརྒྱུད་འདེམས་གཞིའི་ཡིག་དུམ་བྱེད་ནུས་ཚོ་སྒྲིག་བྱེད་ འདེམས་གཞིའི་ཡིག་དུམ་ཡོད་ཚད་ཀྱི་མིང་།གཏོགས་གཤིས་ནང་མིང་འདྲ་བ་ནང་འཇུག་བྱེད།


རེའུ་མིག་ཚོད་འཛིན།

རིས་རྟགས།

Creates a table control to display a database table. If you create a new table control, the Table Element Wizard appears.

འབྲེལ་ཡོད་རེའུ་མིག་ཚོད་ཆས་ཀྱི་དམིགས་གསལ་ཆ་འཕྲིན།

ཕྱོགས་སྟོན་ཚང་།

རིས་རྟགས།

ཕྱོགས་སྟོན་ཚང་གསར་བཟོ་བྱེད།

ཕྱོགས་སྟོན་ཚང་ནི་གཞི་གྲངས་མཛོད་ཡང་ན་གཞི་གྲངས་མཛོད་རེའུ་བྱང་གི་ཟིན་འགོད་ཁག་དབར་སྤོས་སྒུལ་བྱས་པ་སྤྱོད། ཕྱོགས་སྟོན་ཚང་འདིའི་ཐོག་ཚོད་ཆས་ཐབས་ཚུལ་དང་ LibreOffice ནང་ཕྱོགས་སྟོན་ཚང་ཐོག་གི་ཚོད་ཆས་ཀྱི་ལས་ཀའི་ཐབས་ཚུལ་མཚུངས་པར་ཁས་ལེན་བྱེད།