ཐད་ཀར་ SQL བཀའ་ཚིག་འཁོར་རྒྱུགས།

རང་སའི་SQL མ་ཚུལ་འོག་ SQL བཀའ་ཚིག་ནང་འཇུག་བྱེད་ བཀའ་ཚིག་ LibreOffice ཡི་འགྲེལ་བཤད་བརྒྱུད་མི་དགོས་པར་ཐད་ཀར་གཞི་གྲངས་མཛོད་ནང་བརྒྱུད་གཏོང་བྱེད་གལ་སྲིད་ཇུས་འགོད་ཐད་མཐོང་དཔེ་རིས་ནང་བཟོ་བཅོས་འདི་དག་མངོན་མེད་ན་ཡང་བསྐྱར་ཇུས་འགོད་ཐད་མཐོང་དཔེ་རིས་ལ་བཅོས་སུ་མེད།

རང་སའི་ SQLནས་བརྗོད་ན་SQL ཡི་གེའི་ཕྲེང་བ་ཐད་ཀར་འབྲེལ་མཐུད་བྱས་པའི་གཞི་གྲངས་མཛོད་ཀྱི་མ་ལག་ལ་བསྒྱུར་བ་ལས་ LibreOffice ནས་སྔོན་ལ་དཔྱད་དཔོག་བྱ་མི་དགོས། དཔེར་ན་ ODBC མཐུད་ཁ་བརྒྱུད་གཞི་གྲངས་མཛོད་གཅིག་ལ་མཚམས་འདྲི་བྱེད་པ་དང་SQL ཡི་གེའི་ཕྲེང་བ་ཉིད་ ODBC སྒུལ་འདེད་བྱ་རིམ་ལ་བསྒྱུར་བ་དང་སྦྲགས་དེས་ལས་སྣོན་བྱེད།

རིས་རྟགས།

ཐད་ཀར་ SQL བཀའ་ཚིག་འཁོར་རྒྱུགས།

བསྐྱར་དུ་དཔེ་རིས་འདི་ལ་སྡེབ་གནོན་གྱིས་རྒྱུན་གཏན་མ་ཚུལ་དུ་ཕྱིར་ལོག་པ་དང་མ་ཚུལ་འདིའི་འོག་ འདྲི་རྩད་ཇུས་འགོད་གསར་དུ་འཛུགས་པ།ནང་གི་བཟོ་བཅོས་དང་ SQL བརྒྱུད་བཟོ་བཅོས་བྱས་ཆོག་པ་གཉིས་གོམ་པ་མཉམ་མཚམས་དགོས།