ནང་སྐུམ་མཐའ་རྒྱང་དང་སྟར་པ་བཀོད་སྒྲིག་བྱེད་པ།

ཙིག་རྟགས་སྤྱད་ནས་མིག་སྔའི་དུམ་མཚམས་སམ་འདེམས་ངེས་དུམ་མཚམས་ཐམས་ཅད་ཀྱི་ནང་སྐུམ་དང་མཐའ་རྒྱང་ལ་མཚན་འཇོག་བྱས་ཆོག

གལ་སྲིད་ཤོག་ངོས་སྟར་པ་དབྱེ་ཟིན་པའམ་འོད་རྟགས་ཉིད་ཚང་མང་གི་ཡིག་དེབ་སྒྲོམ་ནང་ཡོད་ན་ཙིག་རྟགས་སྤྱད་དེ་ཚད་ཁྲེའི་ཐོག་ཚང་ཞེང་དང་ཚང་བར་ཆོད་འདྲུད་སྒུལ་གྱིས་ཚང་ཞེང་དང་ཚང་བར་གཅོད་བཟོ་བཅོས་བྱེད།

བྱ་ཡུལ་དང་ བཪྙན་རིས་སམ་རིས་འགོད་བྱ་ཡུལ་བདམས་པས་ན་ཚད་ཁྲེའི་ཐོག་བྱ་ཡུལ་དེའི་མཐའ་སྒྲོམ་མངོན། ཁྱེད་ཀྱིས་ཙིག་རྟགས་སྤྱད་ནས་ཚད་ཁྲེའི་ཐོག་མཐའ་སྒྲོམ་འདྲུད་སྒུལ་གྱིས་མཐའ་སྒྲོམ་བཟོ་བཅོས་བྱས་ཆོག

གལ་སྲིད་འོད་རྟགས་ཉིད་རེའུ་མིག་དྲ་མིག་ནང་གནས་ཡོད་ན་ཙིག་རྟགས་སྤྱད་ནས་ཚད་ཁྲེའི་ཐོག་དྲ་མིག་ནང་དོན་ནང་སྐུམ་འདྲུད་ནས་ནང་སྐུམ་བཟོ་བཅོས་བྱས་ཆོག ཁྱེད་ནས་ཚད་ཁྲེའི་ཐོག་རེའུ་མིག་གི་ས་མཚམས་ཐིག་བཟོ་བཅོས་བྱས་ཆོག་ལ་དོན་དངོས་ཀྱི་ས་མཚམས་ཐིག་འདྲུད་སྒུལ་བྱས་པ་བརྒྱུད་བཟོ་བཅོས་ཀྱང་བྱས་ཆོག

རིས་རྟགས།

རིས་རྟགས་འདིས་མིག་སྔའི་དུམ་མཚམས་ཀྱི་ཕྲེང་འགོའི་གཡོན་ནང་སྐུམ་(གོང་གི་ཟུར་གསུམ་)དང་དུམ་མཚམས་དེའི་ཡིག་ཕྲེང་གཞན་གྱི་གཡོན་ནང་སྐུམ་(འོག་གི་ཟུར་གསུམ་)བཅས་ལ་རྟགས་བཀོད་པའོ།

རིས་རྟགས།

ཚད་ཁྲེའི་གཡས་ཕྱོགས་ཀྱི་རིས་རྟགས་ཀྱིས་མིག་སྔའི་དུམ་མཚམས་ཀྱི་གཡས་ནང་སྐུམ་གསབ་སྟོན་བྱེད།

ལས་འགན།

བཀོལ་སྤྱོད།

གཡོན་ནང་སྐུམ་བཀོད་སྒྲིག

ཙིག་རྟགས་གནོན་འཛིན་གྱིས་གཡོན་ཕྱོགས་འོག་ངོས་ཀྱི་རྟགས་གཡས་སུ་འདྲུད།

འགོ་ཕྲེང་དེ་གཡོན་ནས་ནང་སྐུམ་བྱེད།

ཙིག་མཐེབ་གནོན་འཛིན་གྱིས་གཡོན་ངོས་ཐོད་ཕྱོགས་ཀྱི་རྟགས་གཡས་སུ་འཐེན།

གཡས་ནས་ནང་སྐུམ་བྱེད།

ཙིག་མཐེབ་གནོན་འཛིན་གྱིས་གཡས་ཕྱོགས་ཀྱི་རྟགས་གཡོན་ངོས་སུ་འདྲུད།


དྲན་བརྡའི་རིས་རྟགས་

In order to change the left indent starting with the second line of a paragraph, hold down the key, click the triangle on the bottom left, and drag it to the right.


ཟུར་མཆན་རིས་རྟགས་

དུམ་མཚམས་ཀྱི་ནང་སྐུམ་བཟོ་བཅོས་བྱེད་པའི་སྐབས་བཀོད་སྒྲིག་ཟིན་པའི་རེའུ་འགོད་རྟགས་ལ་འགྱུར་བ་མི་ཐེབས། གལ་སྲིད་བཀོད་སྒྲིག་ཟིན་པའི་རེའུ་འགོད་རྟགས་དུམ་མཚམས་ཀྱི་མཐའ་རྒྱང་ཕྱིར་ལུས་ན་དེ་དག་སྔར་བཞིན་གནས་ཡོད་ཀྱང་མངོན་པར་མི་བྱེད།