བཙལ་འཚོལ་ཟིན་ཐོ།

རེའུ་བྱང་ངམ་གཞི་གྲངས་མཛོད་རེའུ་མིག་ནང་ཁྱེད་ཀྱིས་གཞི་གྲངས་ཡིག་དུམ་དང་ རེའུ་འགོད་སྒྲོམ་ བསྐྱར་འདེམས་སྒྲོམ་ཡོད་ཚད་ནང་དམིགས་འཛུགས་ཀྱི་ཐང་བཤེར་འཚོལ་བྱེད་པ།

བཀའ་ཚིག་ལ་བཅར་འདྲི་...

[རེའུ་མིག་གཞི་གྲངས་ཡོ་ཆས་ཚང་]དང་[རེའུ་མིག་བཀོད་སྒྲིག་ཡོ་ཆས་ཚང་]སྟེང་གི་"འཚོལ་བའི་ཟིན་ཐོ་"རིས་རྟགས་ལ་རྐྱང་རྡེབ་བྱེད།

རིས་རྟགས་

འཚོལ་བའི་ཟིན་ཐོ།


རེའུ་མིག་བཤེར་འཚོལ་སྐབས་ བཤེར་འཚོལ་ཁྱབ་ཁོངས་ནི་མིག་སྔའི་རེའུ་མིག་གི་གཞི་གྲངས་ཡིག་དུམ་ཡིན། རེའུ་འགོད་བཤེར་འཚོལ་སྐབས་བཤེར་འཚོལ་ཁྱབ་ཁོངས་ནི་རེའུ་འགོད་འདི་དང་ཐག་སྦྲེལ་གྱི་རེའུ་མིག་གི་གཞི་གྲངས་ཡིག་དུམ་ཡིན་ནོ།

དྲན་བརྡའི་རིས་རྟགས་

འདིར་བཀོད་འབྲི་བྱས་པའི་བཤེར་འཚོལ་ནི་ LibreOfficeགྱིས་ལག་བསྟར་བྱེད། གལ་སྲིད་ SQL ཞབས་ཞུ་ཆས་སྤྱད་ནས་གཞི་གྲངས་མཛོད་བཤེར་འཚོལ་དགོས་ན་རེའུ་བྱང་ཚང་།སྟེང་གི་རེའུ་བྱང་ཚུལ་གྱི་འཚག་ཆས།རིས་རྟགས་སྤྱོད་དགོས།


བཤེར་འཚོལ་བྱེད་ནུས་ཡང་རེའུ་མིག་ཚོད་ཆས་ལ་སྤྱད་ཆོག རེའུ་མིག་ཚོད་ཆས་ནང་ནས་བཤེར་འཚོལ་བྱེད་ནུས་བཀོལ་སྤྱོད་བྱེད་པའི་སྐབས་རེའུ་མིག་ཚོད་ཆས་ཀྱི་སྟར་པ་ཡོད་ཚད་བཤེར་འཚོལ་ཐུབ་ སྟར་པ་འདི་དག་དང་ཐག་སྦྲེལ་གྱི་གཞི་གྲངས་མཛོད་རེའུ་མིག་གི་གཞི་གྲངས་མཛོད་ཀྱི་སྟར་པ་ཕན་ཚུན་ལྟོས་ཟླར་འགྱུར།

བཤེར་འཚོལ་ནང་དོན།

བཤེར་འཚོལ་རིགས་གཏན་འཁེལ་བཟོ་བ།

ཡི་གེ།

སྒྲོམ་ནང་བཤེར་འཚོལ་གཤར་བྱང་ནང་འཇུག་གམ་རེའུ་འགོད་ནང་ནས་བཤེར་འཚོལ་གཤར་བྱང་འདེམས་པ། འོད་རྟགས་གནས་སའི་ཡིག་དེབ་ནི་ཡིག་དེབ་ཚོ་སྒྲིག་སྒྲོམ་ནང་འདྲ་ཕབ་བྱས་ཟིན། དོ་སྣང་དགོས་རྒྱུར་ རེའུ་བྱང་ནང་བཤེར་འཚོལ་ལག་བསྟར་བྱེད་སྐབས་རེའུ་འགོད་རྟགས་དང་ཕྲེང་བརྗེ་རྟགས་གཉིས་ལས་སྣོན་བྱ་ཐབས་བྲལ།

རེའུ་མིག་གམ་སྤྱི་འགྲོས་ཡིག་ཚགས་ཁ་ཕྱེ་བའི་གནས་སྟངས་སུ་ཡོད་ཕྱིན་བཤེར་འཚོལ་གཤར་བྱང་ཉར་ཚགས་བྱེད། བཤེར་འཚོལ་མང་དུ་བྱེད་པའི་སྐབས་ གལ་སྲིད་དེ་སྔོན་སྤྱོད་མྱོང་བའི་བཤེར་འཚོལ་གཤར་བྱང་གང་ཞིག་བཤེར་འཚོལ་བསྐྱར་བྱ་དགོས་ན་ཚོ་སྒྲིག་ནང་ནས་བཤེར་འཚོལ་གཤར་བྱང་དེ་ཉིད་བདམས་ཆོག

ཡིག་དུམ་ནང་དོན་ནི་ NULLཡིན་པ།

གཞི་གྲངས་མི་ཚུད་པའི་ཡིག་དུམ་བཙལ་འཚོལ་གཏན་འཁེལ་བཟོ་བ།

ཡིག་དུམ་ནང་དོན་ནི་ NULLམ་ཡིན་པ།

གཞི་གྲངས་ཚུད་པའི་ཡིག་དུམ་བཙལ་འཚོལ་གཏན་འཁེལ་བཟོ་བ།

བཤེར་འཚོལ་ས་ཁོངས།

བཤེར་འཚོལ་དགོས་པའི་ཡིག་དུམ་གཏན་འཁེལ་བཟོ་བ།

རེའུ་བྱང་།

བཤེར་འཚོལ་དགོས་པའི་གཏན་ཚིགས་རེའུ་བྱང་གཏན་འཁེལ་བྱ་དགོས།

ཟུར་མཆན་རིས་རྟགས་

མིག་སྔའི་རེའུ་བྱང་ཡིག་ཚགས་ནང་གཏན་ཚིགས་རེའུ་བྱང་མང་དུ་ཚུད་པ་ཁོ་ནའི་སྐབས་ད་གཟོད་རེའུ་བྱང་རེའུ་བྱང་ཚོ་སྒྲིག་སྒྲོམ་མངོན། རེའུ་འགོད་བཤེར་འཚོལ་ལམ་འདྲི་རྩད་སྐབས་ཚོ་སྒྲིག་སྒྲོམ་འདི་ཉིད་མི་མངོན་ནོ།


རེའུ་བྱང་ཡིག་ཚགས་ནང་གཏན་ཚིགས་རེའུ་བྱང་དུ་མ་ཚུད་ཆོག གཏན་ཚིགས་རེའུ་བྱང་རེ་རེ་ནི་རང་ཙུགས་ཀྱི་རེའུ་བྱང་ཚོ་ཆས་ཡིན་པ་མ་ཟད་སོ་སོར་རེའུ་མིག་ཞིག་དང་ཐག་སྦྲེལ་བྱེད།

རེའུ་བྱང་ཚོ་སྒྲིག་སྒྲོམ་ལ་ཚོད་འཛིན་ཆས་ཀྱི་གཏན་ཚིགས་རེའུ་བྱང་ཚུད་པའི་མིང་ཡོད་ཚད་ཚུད་ཡོད།

ཡིག་དུམ་ཡོངས་རྫོགས།

ཡིག་དུམ་ཡོད་ཚད་བཤེར་འཚོལ་བྱེད་པ། གལ་སྲིད་རེའུ་མིག་ནང་བཤེར་འཚོལ་ལག་བསྟར་བྱས་ན་ བཤེར་འཚོལ་གྱི་ཁྱབ་ཁོངས་ནི་རེའུ་མིག་གི་ཡིག་དུམ་ཡོད་ཚད་ཡིན། གལ་སྲིད་རེའུ་བྱང་ནང་བཤེར་འཚོལ་ལག་བསྟར་བྱས་ན་ བཤེར་འཚོལ་ཁྱབ་ཁོངས་གི་གཏན་ཚིགས་རེའུ་བྱང་(རེའུ་བྱང་ནང་ནང་འཇུག་བྱས་པའི་རེའུ་བྱང་)གི་ཡིག་དུམ་ཡོད་ཚད་ཡིན། གལ་སྲིད་རེའུ་མིག་ནང་བཤེར་འཚོལ་ལག་བསྟར་བྱས་ན་ བཤེར་འཚོལ་གྱི་ཁྱབ་ཁོངས་ནི་ཐག་སྦྲེལ་ནས་ཕན་ནུས་གཞི་གྲངས་མཛོད་རེའུ་མིག་གི་ཡིག་དུམ་ཡོད་ཚད་ཡིན།

ཡིད་གཟབ་དགོས་རྒྱུར་ མིག་སྔའི་གཏན་ཚིགས་རེའུ་འགོད་ཀྱི་ཡིག་དུམ་ནི་རེའུ་འགོད་ཡིག་ཚགས་ཀྱི་ཡིག་དུམ་དང་མཚུངས་མི་དགོས། གལ་སྲིད་རེའུ་འགོད་ཡིག་ཚགས་ནང་གི་ཡིག་དུམ་གྱིས་གཞི་གྲངས་ཁུངས་སུ་ཁ་གཏད་ཡོད་ན་(གཏན་ཚིགས་རེའུ་བྱང་དུ་མ་)ཡིག་དུམ་ཆ་ཚང་འདེམས་གཞི་སྤྱོད་པའི་སྐབས་རེའུ་བྱང་ཡིག་ཚགས་ནང་ཐག་སྦྲེལ་བྱས་པའི་གཞི་གྲངས་ཁུངས་ཀྱི་ཡིག་དུམ་ཁོ་ན་བཤེར་འཚོལ་བྱེད།

ཡིག་དུམ་རེ་རེ།

གཏན་འཁེལ་གྱི་གཞི་གྲངས་ཡིག་དུམ་བཤེར་འཚོལ་བྱས་པ།

བཀོད་སྒྲིག

མཚན་འཇོག་ནི་བཤེར་འཚོལ་ཚོད་འཛིན་གྱི་བཀོད་སྒྲིག་ལ་སྤྱོད་པའོ།

གནས་ས།

བཤེར་འཚོལ་གཤར་བྱང་དང་ཡིག་དུམ་ནང་དོན་དབར་གྱི་འབྲེལ་བ་གཏན་འཁེལ་བཟོ་བ།གཤམ་གྱི་འདེམས་གཞི་སྤྱད་ཆོག

ཡིག་དུམ་ནང་གི་གནས་གང་རུང་།

གནས་གང་རུང་དུ་བཤེར་འཚོལ་རི་མོ་ཚུད་པའི་ཡིག་དུམ་ཡོད་ཚད་ཕྱིར་ལོག་པ།

ཡིག་དུམ་གྱི་འགོ་ཚུགས་གནས།

བཤེར་འཚོལ་མ་ཚུལ་དེ་ཡིག་དུམ་འགོ་ཚུགས་གནས་སུ་ཡོད་པའི་ཡིག་དུམ་ཡོད་ཚད་ཕྱིར་ལོག་པ།

ཡིག་དུམ་གྱི་མཇུག་ཏུ།

བཤེར་འཚོལ་གཤར་བྱང་ཉིད་ཡིག་དུམ་མཇུག་སར་གནས་པའི་ཡིག་དུམ་ཡོད་ཚད་ཕྱིར་ལོག་པ།

ཡིག་དུམ་ཁྱོན་ཡོངས།

བཤེར་འཚོལ་གཤར་བྱང་རྦད་དེ་ཡིག་དུམ་ནང་དོན་དང་འཚམས་པའི་ཡིག་དུམ་ཕྱིར་ལོག་པ།


ཟུར་མཆན་རིས་རྟགས་

གལ་སྲིད་ཀུན་འཕྲོད་རྟགས་ཀྱི་མཚོན་ཐབས་བསྐྱར་འདེམས་སྒྲོམ་བདམས་ན་བྱེད་ནུས་འདི་ཉིད་སྤྱོད་པར་མི་བྱའོ།


ཉེར་སྤྱོད་པའི་ཡིག་དུམ་རྣམ་གཞག

མིག་སྔའི་ཡིག་ཚགས་ནང་བཤེར་འཚོལ་སྐབས་ཡིག་དུམ་རྣམ་གཞག་ཡོད་ཚད་དགོས་པའི་གཏན་འཁེལ་བཟོ་བ།ཡིག་དུམ་རྣམ་གཞག་ཟེར་བ་ནི་གཤམ་གྱི་ཐབས་ཤེས་བེད་སྤྱད་ནས་གསར་དུ་འཛུགས་པའི་མཐོང་ཐུབ་པའི་རྣམ་གཞག་ཡོད་ཚད་ལ་བརྗོད།

  1. རེའུ་འགོད་ཇུས་འགོད་ནང་ཡིག་དུམ་གཏོགས་གཤིས་སྤྱོད་པ།

  2. གཞི་གྲངས་ཁུངས་ཐད་མཐོང་དཔེ་རིས་ནང་སྟར་པ་བརྒྱུད་རྣམ་གཞག་ཅན་དུ་བསྒྱུར་བ།

  3. རེའུ་བྱང་ནང་ཚོད་འཛིན་ཆས་གཏོགས་གཤིས་བརྒྱུད།

གལ་སྲིད་ཁྱེད་ནས་རེའུ་མིག་གཞི་གྲངས་ཐད་མཐོང་དཔེ་རིས་ཀྱི་གཞི་གྲངས་ལ་མིག་བཤར་མཛད་དགོས་ན་ཁྱེད་ཀྱིས་བཤེར་འཚོལ་སྐབས་མིག་སྔའི་མཐོང་ཐུབ་པའི་རྣམ་གཞག་གམ་གཞི་གྲངས་མཛོད་ནང་ཁས་ལེན་གྱི་རྣམ་གཞག་ལ་དོ་སྣང་བྱ་དགོས་མིན་བདམས་ང་གནང་ཆོག གལ་སྲིད་ཉེར་སྤྱོད་ཡིག་དུམ་རྣམ་གཞག་བསྐྱར་འདེམས་སྒྲོམ་བདམས་ན་རེའུ་མིག་གཞི་གྲངས་མཛོད་ཀྱི་ཐད་མཐོང་དཔེ་རིས་སམ་རེའུ་བྱང་ནང་སྔོན་དུ་བཀོད་སྒྲིག་བྱས་ཟིན་པའི་རྣམ་གཞག་ལྟར་བཤེར་འཚོལ་བྱེད། གལ་སྲིད་བསྐྱར་འདེམས་སྒྲོམ་འདི་ཉིད་འདེམས་མེད་ན་གཞི་གྲངས་མཛོད་ནང་ཉར་ཚགས་ཀྱི་རྣམ་གཞག་ལྟར་བཤེར་འཚོལ་བྱེད།

དཔེ་གཞི།

གཞི་གྲངས་མཛོད་ནང་ "DD.MM.YY" ཡི་རྣམ་གཞག་(དཔེར་ན་17.02.65)གི་ཐོག་ནས་ཚེས་གྲངས་ཉར་ཚགས་བྱེད་ གཞི་གྲངས་ཁུངས་ཀྱི་ཐད་མཐོང་དཔེ་རིས་ནང་གཤར་བྱང་འདིའི་རྣམ་གཞག་ནི་ "DD. MMM YYYY" (17 Feb 1965)ལ་བསྒྱུར་བ་བྱེད། དཔེ་གཞི་འདི་ལ་གཞིགས་ནས་ February 17 ལྡན་པའི་ཟིན་ཐོ་ནི་ཉེར་སྤྱོད་ཡིག་དུམ་རྣམ་གཞག་འདེམས་གཞི་སྤྱོད་པ་ཁོ་ནའི་སྐབས་ཪྙེད་ཐུབ།

ཉེར་སྤྱོད་པའི་ཡིག་དུམ་རྣམ་གཞག

རི་མོ་བཤེར་འཚོལ།

ཁ་ཕྱེ་བ།

"Feb" ནི་འཚོལ་ཐུབ་ འོན་ཀྱང་ "2" ནི་མི་ཐུབ་བོ།

ཁ་བརྒྱབ་པ།

"2" འཚོལ་ཐུབ་པ་དང་ "Feb" ནི་མི་ཐུབ་བོ།


ང་ཚོས་ཡིག་དུམ་རྣམ་གཞག་སྤྱད་ནས་བཤེར་འཚོལ་དགོས་རྒྱུ་འོས་སྦྱོར་བྱ་རྒྱུ་ལགས།

གཤམ་གྱི་དཔེ་གཞིས་ཡིག་དུམ་རྣམ་གཞག་མི་སྤྱོད་པར་བཤེར་འཚོལ་བྱེད་པའི་སྐབས་ཕལ་ཆེར་འཕྲད་པའི་གནད་དོན་མངོན་པར་བྱས་ཡོད། འདི་དང་སྤྱོད་བཞིན་པའི་གཞི་གྲངས་མཛོད་དབར་འབྲེལ་བ་ཡོད་ཅིང་དམིགས་འཛུགས་ཀྱི་ནང་ཁུལ་ཁས་ལེན་རྣམ་གཞག་སྤྱོད་པ་ཁོ་ནའི་སྐབས་ཐོན་པའོ།

བཤེར་འཚོལ་འབྲས་བུ།

རྒྱུ་རྐྱེན།

"5" ཕྱིར་ལོག་དུས་ཚོད་ "14:00:00"

དུས་ཚོད་ཡིག་དུམ་

"00:00:00" ཚད་ལྡན་དུས་ཚོད་ཡིག་དུམ་ཞིག་གི་ཟིན་ཐོ་ཐམས་བཅད་ཕྱིར་ལོག

གཞི་གྲངས་མཛོད་ཀྱི་ནང་ཁུལ་གྱི་ཚེས་གྲངས་/དུས་ཚོད་ཚོ་སྒྲིག་ཡིག་དུམ་ནང་ཚེས་གྲངས་ཐང་ཞིག་གསོག་ཉར་བྱེད།

"45.79" དེ་ "45.79"ལ་ཕྱིར་མི་ལོག་ཐ་ན་ གནས་སའི་འོག་འདེམས་གཞིའི་ཡིག་དུམ་ཆ་ཚང་བདམས་ནའང་ཕྱིར་མི་ལོག་

མཐོང་ཐུབ་པའི་མངོན་པའི་ནང་དོན་དང་ནང་ཁུལ་གསོག་ཉར་གྱི་ནང་དོན་གཉིས་གཅིག་པ་མིན་པ། གཞི་གྲངས་མཛོད་ནང་ གལ་སྲིད་གྲངས་ཐང་ 45.789 ཉིད་"གྲངས་/གནས་གཉིས།"རིགས་ཀྱི་ཡིག་དུམ་ཞིག་ནང་བཞག་པ་དང་མཐོང་ཐུབ་པའི་རྣམ་གཞག་སིལ་གྲངས་རྗེས་ཀྱི་གནས་གཉིས་སུ་བཀོད་སྒྲིག་བྱས་ན་ཡིག་དུམ་རྣམ་གཞག་བཤེར་འཚོལ་སྐབས་"45.79"ཕྱིར་ལོག་པ་ཙམ་མོ།


དཔེ་གཞི་འདིའི་ནང་ཚད་ལྡན་རྣམ་གཞག་ཟེར་བ་ནི་ནང་ཁུལ་ཉར་ཚགས་བྱས་པའི་གཞི་གྲངས་ཀྱིས་སྤྱོད་པའི་རྣམ་གཞག་ལ་བརྗོད། སྤྱོད་པ་པོས་རྣམ་གཞག་འདི་ཉིད་མཐོང་བའི་རེ་བ་མེད་ ལྷག་དོན་དེ་ཉིད་འདྲ་བཅོས་གཞི་གྲངས་རིགས་ལ་སྤྱོད་པའི་སྐབས་(དཔེར་ན་ dBase གཞི་གྲངས་མཛོད་ནང་གི་དུས་ཚོད་ཡིག་དུམ་)དེ་བས་མཐོང་བའི་ངེས་པ་མེད། འདི་ནི་སྤྱོད་བཞིན་པའི་གཞི་གྲངས་མཛོད་དང་གཞི་གྲངས་མཛོད་རེ་རེས་ཐག་གཅོད་དོ། གལ་སྲིད་དོན་དངོས་མངོན་པའི་ནང་དོན་ཁོ་ན་འཚོལ་རྒྱུའི་རེ་བ་མཛད་ན་"ཡིག་དུམ་རྣམ་གཞག་སྤྱོད་པའི།"འདེམས་གཞི་སྤྱད་ནས་བཤེར་འཚོལ་བྱས་ན་ཅུང་ཟད་འཚམས། དཔེར་ན་བཤེར་འཚོལ་"ཚེས་གྲངས།" "དུས་ཚོད།" "ཚེས་གྲངས་/དུས་ཚོད།"དང་"གྲངས་ཀ་/ལྡབ་གཉིས།"སོགས་ཀྱི་ཡིག་དུམ།

འོན་ཀྱང་ རྣམ་གཞག་གནད་དོན་གྱི་གཞི་གྲངས་མཛོད་ཆེ་གྲས་དང་འབྲེལ་བ་མེད་ཚེ་ ཉེར་སྤྱོད་ཡིག་དུམ་རྣམ་གཞག་གི་བྱེད་ནུས་མི་སྤྱོད་ན་འཚམས་ རྒྱུ་མཚན་ནི་དེ་ལྟར་བྱས་ན་བཤེར་འཚོལ་མྱུར་ཚད་མགྱོགས་སུ་གཏོང་བར་བྱེད།

གལ་སྲིད་ཉེད་སྤྱོད་ཡིག་དུམ་རྣམ་གཞག་བྱེད་ནུས་སྤྱད་ནས་བསྐྱར་འདེམས་སྒྲོམ་བཤེར་འཚོལ་འབྲས་བུའི་ནང་བདམས་ཟིན་པའི་བསྐྱར་འདེམས་སྒྲོམ་ཉིད་"1"ཏུ་མངོན་པ་དང་འདེམས་མེད་པའི་བསྐྱར་འདེམས་སྒྲོམ་ཉིད་ "0"དུ་མངོན་ མཚན་འཇོག་བྱས་མེད་པའི་(རིམ་གསུམ་གནས་སྟངས་)བསྐྱར་འདེམས་སྒྲོམ་ཉིད་ཡིག་རྟགས་ཕྲེང་སྟོང་པར་མངོན། གལ་སྲིད་བཤེར་འཚོལ་སྐབས་ཉེར་སྤྱོད་ཡིག་དུམ་རྣམ་གཞག་བྱེད་ནུས་བེད་སྤྱོད་མ་བྱས་ན་སྤྱོད་བཞིན་པའི་སྐད་བརྡ་དང་འབྲེལ་ཡོད་ཀྱི་ཁས་ལེན་ཐང་ "TRUE" ངམ་ "FALSE"མངོན་ནོ།

རེའུ་འགོད་སྒྲོམ་བཤེར་འཚོལ་སྐབས་གལ་སྲིད་ཉེར་སྤྱོད་ཡིག་དུམ་རྣམ་གཞག་འདེམས་གཞི་སྤྱད་ན་ བཤེར་འཚོལ་གྱི་འབྲས་བུ་ནི་རེའུ་འགོད་སྒྲོམ་ནང་མངོན་པའི་ཡི་གེ་དེ་ཡིན། གལ་སྲིད་བཤེར་འཚོལ་སྐབས་ཉེར་སྤྱོད་ཡིག་དུམ་རྣམ་གཞག་སྤྱོད་པར་མི་བྱ་ན་བཤེར་འཚོལ་གྱི་འབྲས་བུ་ནི་ཚད་ལྡན་ཡིག་དུམ་རྣམ་གཞག་དང་ལྟོས་ཟླར་འགྱུར་པའི་ནང་དོན་ཡིན་ནོ།

ཡིག་ཆེན་ཡིག་ཆུང་དབྱེ་བ།

བཤེར་འཚོལ་སྐབས་ཡིག་ཆེན་ཡིག་ཆུང་གི་དབྱེ་བ་གཏན་འཁེལ་བྱ་དགོས།

རྒྱབ་ལ་ཕྱོགས་པའི་བཤེར་འཚོལ།

ལྡོག་ཕྱོགས་ཁ་ཕྱོགས་ལྟར་བཤེར་འཚོལ་དགོས་རྒྱུར་གཏན་འཁེལ་བཟོ་བ་སྟེ་མཐའ་མཇུག་གི་ཟིན་ཐོ་ནས་ཐོག་མའི་ཟིན་ཐོ་བར་ཡིན།

སྟེང་ནས་/འོག་ནས།

བསྐྱར་དུ་བཤེར་འཚོལ་འགོ་ཚུགས་པ། མདུན་དུ་ཕྱོགས་ནས་བཤེར་འཚོལ་བྱས་པ་ནི་ཟིན་ཐོ་དང་པོ་ནས་འགོ་ཚུགས་ཏེ་བསྐྱར་དུ་བཤེར་འཚོལ་བྱེད་པ་དང་རྒྱབ་ཏུ་ཕྱོགས་ནས་བཤེར་འཚོལ་བྱས་ནི་མཐའ་མའི་ཟིན་ཐོ་ནས་འགོ་ཚུགས་ཏེ་བསྐྱར་དུ་བཤེར་འཚོལ་བྱེད།

ཀུན་འཕྲོད་རྟགས་མཚོན་ཚུལ།

གཤམ་འོག་གི་ཀུན་འཕྲོད་རྟགས་རྣམས་སྤྱད་ཆོག

ཀུན་འཕྲོད་རྟགས།

གོ་དོན།

དཔེ་གཞི།

?

ཡིག་རྟགས་གང་རུང་ཞིག་མཚོན་པ།

"?loppy" ཕྱིར་ལོག་ "Floppy"

"M?ller" Miller དང་ Mullerཕྱིར་ལོག་པ།

*

0འམ་ཡིག་རྟགས་གང་རུང་ཡང་དག་ཅིག་བཙལ་འཚོལ་བྱེད་པ།

"*-*" ཕྱིར་ལོག་ "ZIP-Drive" དང་ "CD-ROM"

"M*er" "M"ཡིས་འགོ་བཙུགས་པ་དང་ "er" ཡིས་མཇུག་བསྡུ་བའི་གཤར་བྱང་ཡོད་ཚད་དུ་ཕྱིར་ལོག་(དཔེར་ན་ Muller、Miller、Meier)


གལ་སྲིད་བཤེར་འཚོལ་ ? འམ་ * ཡིག་རྟགས་དགོས་ན་ཡིག་རྟགས་འདི་དག་གི་མདུན་དུ་གསེག་ཐིག་ལྡོག་མ་ "\?" "\*"སྣོན་དགོས། འོན་ཀྱང་འདི་ལྟར་བྱེད་པའི་སྔོན་འགྲོ་ཀུན་འཕྲོད་རྟགས་མཚོན་ཚུལ་སྒུལ་སྤྱོད་བྱས་ཟོན་དགོས། གལ་སྲིད་འདེམས་གཞི་འདི་ཉིད་སྒུལ་སྤྱོད་བྱས་མེད་ན་ ཀུན་འཕྲོད་རྟགས་ཀྱི་ཡིག་རྟགས་ཉིད་སྤྱིར་བཏང་ཡིག་རྟགས་སུ་བརྩིས་ནས་ལས་སྣོན་བྱ་རྒྱུ་ཡིན།

དྲང་ཕྱོགས་མཚོན་ཚུལ།

དྲང་ཕྱོགས་མཚོན་ཐབས་སྤྱད་ནས་བཤེར་འཚོལ་བྱེད་པ།གནས་འདིས་རྒྱབ་སྐྱོར་བྱེད་པའི་དྲང་ཕྱོགས་མཚོན་ཐབས་ལ་ LibreOffice གི་གླེང་སྒྲོམ་བཙལ་འཚོལ་དང་ཚབ་བརྗེ།ནང་དུའང་རྒྱབ་སྐྱོར་བྱེད།

དྲང་ཕྱོགས་མཚོན་ཚུལ་

ཀུན་འཕྲོད་རྟགས་མཚོན་ཚུལ་སྤྱད་ནས་བཤེར་འཚོལ་བྱེད་པ།

དྲང་ཕྱོགས་མཚོན་ཐབས་སྤྱད་ནས་བཤེར་འཚོལ་བྱེད་པ།

?

.

*

.*


Similarity Search

Find terms that are similar to the Find text. Select this checkbox, and then click the Similarities button to define the similarity options.

Match character width (only if Asian languages are enabled)

Distinguishes between half-width and full-width character forms.

Sounds like (Japanese) (only if Asian languages are enabled)

Lets you specify the search options for similar notation used in Japanese text. Select this checkbox, and then click the Sounds button to specify the search options.

Sets the search options for similar notation used in Japanese text.

དེ་གཅིག་མཚུངས་སུ་འཇོག་པ།

Specifies the options to be treated as equal in a search.

སྣང་ཚུལ།

Specifies the characters to be ignored.

གནས་སྟངས།

གནས་སྟངས་ཚང་ དུ་བཤེར་འཚོལ་ཐུབ་པའི་ཟིན་ཐོ་མངོན་པར་བྱེད། རེའུ་མིག་གི་མཇུག་མཚམས་(སམ་འགོ་ཚུགས་པར་)སུ་བཤེར་འཚོལ་སླེབས་པའི་སྐབས་རང་འགུལ་གྱིས་འགོ་ཚུགས་སར་(རམ་མཇུག་མཚམས་སུ་)བསྒྱུར་ནས་མུ་མཐུད་བཤེར་འཚོལ་བྱེད།

གལ་སྲིད་གཞི་གྲངས་ཚད་ཤིན་ཏུ་ཆེ་ན་ ལྡོག་པའི་བཤེར་འཚོལ་སྐབས་ཟིན་ཐོར་དུས་ཚོད་ངེས་ཅན་ཞིག་དགོས་པ་རྩིས་རྒྱག་དགོས། གནས་སྟངས་ཕྲེང་གིས་ཁྱེད་ལ་བརྗོད་རྒྱུར་ ད་དུང་ཟིན་ཐོ་རྩིས་རྒྱག་དགོས།

བཤེར་འཚོལ་/རྩིས་མེད།

གལ་སྲིད་བཤེར་འཚོལ་ལེགས་གྲུབ་བྱུང་ན་རེའུ་མིག་ནང་གི་ལྟོས་བཅས་ཡིག་དུམ་འབུར་དུ་མངོན་པར་བྱེད། བསྐྱར་དུ་བཤེར་འཚོལ་གནོན་མཐེབ་ལ་རྐྱང་རྡེབ་བྱས་པས་མུ་མཐུད་བཤེར་འཚོལ་ཐུབ། བརྩིས་མེད་གནོན་མཐེབ་ལ་རྐྱང་རྡེབ་ཀྱིས་བཤེར་འཚོལ་མཚམས་འཇོག་བྱེད།

ཁ་རྒྱག་པ།

གླེང་སྒྲོམ་ཁ་རྒྱག་པ། LibreOffice ཕྱིར་ཐོན་མ་བྱས་སྔོན་ཐེངས་གོང་མའི་བཤེར་འཚོལ་གྱི་འབྲེལ་ཡོད་བཀོད་སྒྲིག་ཉར་ཚགས་བྱེད།

གལ་སྲིད་དུས་གཅིག་ཏུ་རེའུ་མིག་གམ་རེའུ་བྱང་དུ་མ་ཁ་ཕྱེ་ན་ཡིག་ཚགས་རེ་རེ་ལ་བཤེར་འཚོལ་འདེམས་གཞི་མི་འདྲ་བ་རེ་བཀོད་སྒྲིག་བྱས་ཆོག ཡིག་ཚགས་འདི་དག་ཁ་བརྒྱབ་པའི་སྐབས་མཐའ་མཇུག་ཏུ་ཁ་བརྒྱབ་པའི་ཡིག་ཚགས་ཀྱི་བཤེར་འཚོལ་འདེམས་གཞི་ཞིག་ཉར་ཚགས་བྱེད།