རེའུ་མིག

གཞི་གྲངས་མཛོད་སྟར་པ་གླེང་སྒྲོམ་ནང་བསྒར་འཛུད་བྱ་དགོས་ན་རེའུ་མིག་འདེམས་གཞི་བདམས་ནས་འདེམས་ངེས་ཀྱི་གཞི་གྲངས་ཉིད་རེའུ་མིག་ཏུ་བརྩིས་ནས་ཡིག་ཚགས་ནང་བསྒར་འཛུད་བྱ་དགོས། གླེང་སྒྲོམ་དེའི་ནང་བརྒྱུད་གཏོང་དགོས་པའི་གཞི་གྲངས་མཛོད་ཡིག་དུམ་མམ་ཚང་གནས་གཏན་འཁེལ་བྱས་ཆོག་ལ་ཡི་གེའི་རེའུ་མིག་གི་རྣམ་གཞག་ཀྱང་གཏན་འཁེལ་བྱས་ཆོག

རེའུ་མིག

རེའུ་མིག་ས་ཁོངས་ནང་”¨མདའ་རྩེའི་མཐེབ་‰སྤྱད་ནས་ཡི་གེའི་རེའུ་མིག་ནང་སྤྱོད་དགོས་པའི་གཞི་གྲངས་མཛོད་ཀྱི་རེའུ་མིག་སྟར་པ་བདམས་ང་བྱ་དགོས།

གཞི་གྲངས་མཛོད་སྟར་པ།

ཡིག་དེབ་རེའུ་མིག་ནང་བསྒར་འཛུད་བྱ་དགོས་པའི་གཞི་གྲངས་མཛོད་ཀྱི་ཚང་གནས་གཏན་འཁེལ་དགོས། འདིར་རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་སྤྱོད་མེད་པའི་གཞི་གྲངས་མཛོད་ཀྱི་རེའུ་མིག་སྟར་པ་ཡོདཡོད་ཚད་སྒྲིག་ཡོད་ གཤར་བྱང་ནི་ཡིག་འབྲུའི་གོ་རིམ་ལྟར་སྒྲིག་ཡོད།

རེའུ་མིག་སྟར་པ།

ཡིག་ཚགས་ནང་གི་གཞི་གྲངས་མཛོད་སྟར་པ་ཡོངས་རྫོགས་སྒྲིག་པ། སྟར་པ་རེ་རེའི་རེའུ་མིག་ནང་གི་ལྟོས་བཅས་གཤར་བྱང་ཞིག་ཏུ་གཏན་འཁེལ་བ། རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་གི་གཤར་བྱང་གོ་རིམ་གྱིས་ཡིག་དེབ་རེའུ་མིག་ནང་གི་གཞི་གྲངས་གོ་རིམ་གྱི་ཁ་ལོ་བསྒྱུར།

>>

སྒྲིག་ཟིན་པའི་གཞི་གྲངས་མཛོད་ཀྱི་ཡིག་དུམ་ཐམས་བཅད་རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་སྤོས་པ། རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་སྒྲིག་པའི་ཡིག་དུམ་ཡོད་ཚད་ཡིག་ཚགཚག་ནང་བསྒར་འཛུད་བྱེད་པའོ།

>

བདམས་ཟིན་པའི་གཞི་གྲངས་མཛོད་ཡིག་དུམ་རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་སྤོས་པ་དང་ཡང་གཤར་བྱང་ལ་ཆ་རྡུང་བྱས་པ་བརྒྱུད་དེ་ཉིད་ རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་སྤོས་པའོ།རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་སྒྲིག་པའི་ཡིག་དུམ་ཡོད་ཚད་ཡིག་ཚགས་ནང་བསྒར་འཛུད་བྱེད།

<

རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་བདམས་པའི་གཞི་གྲངས་མཛོད་ཡིག་དུམ་དོར། དོར་ཟིན་པའི་ཡིག་དུམ་ནི་ཡིག་ཚགས་ནང་བསྒར་འཛུད་མི་བྱེད།

<<

རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་གི་གཞི་གྲངས་མཛོད་ཡིག་དུམ་དོར་བ།

རྣམ་གཞག

གཞི་གྲངས་མཛོད་ཡིག་དུམ་ཉིད་ཡིག་ཚགས་ནང་བསྒར་འཛུད་བྱེད་པའི་སྐབས་སྤྱོད་རྒྱུའི་རྣམ་གཞག་གཏན་འཁེལ་བྱེད་པ།

གཞི་གྲངས་མཛོད་ནས།

གཞི་གྲངས་མཛོད་རྣམ་གཞག་དང་ལེན།

བདམས་ང་།

གལ་སྲིད་དམིགས་འཛུགས་ཀྱི་གཞི་གྲངས་ཡིག་དུམ་ཀྱི་རྣམ་གཞག་ཆ་འཕྲིན་དང་ལེན་མ་བྱས་ན་རེའུ་འགོད་ནང་ནས་རྣམ་གཞག་གཏན་འཁེལ་བྱེད།འདིར་མཁོ་འདོན་བྱས་པའི་རྣམ་གཞག་ནི་དམིགས་འཛུགས་ཀྱི་གཞི་གྲངས་མཛོད་ཡིག་དུམ་ཁོ་ནར་སྤྱོད་པ། དཔེར་ན་ཨང་ཀིའམ་པོ་ལེན་ཡིག་དུམ་ལྟ་བུའོ། གལ་སྲིད་‹©ཡིག་དེབ་རྣམ་གཞག་ནི་གཞི་གྲངས་མཛོད་­—དུམ་བུ་བདམས་ན་བདམས་ངའི་རེའུ་འགོད་ནང་ནས་རྣམ་གཞག་ཅི་ཡང་འདེམས་ཐབས་བྲལ་ རྒྱུ་མཚན་ནི་རང་འགུལ་གྱིས་ཡིག་དེབ་རྣམ་གཞག་སྲུང་སྐྱོབ་བྱེད།

གལ་སྲིད་ཁྱེད་ལ་དགོས་པའི་རྣམ་གཞག་ད་དུང་སྒྲིག་མེད་ན་གཤར་བྱང་"རྣམ་གཞག་གཞན།..."བདམས་ནས་གླེང་སྒྲོམ་གྲངས་ཀྱི་རྣམ་གཞགནང་དགོས་སྙམ་པའི་རྣམ་གཞག་མཚན་འཇོག་བྱ་དགོས།

རེའུ་འགོད་བདམས་ང་བྱས་པ་བརྒྱུད་གྲངས་ཀའི་རྣམ་གཞག་མཚན་འཇོག་བྱས་པ་ནི་རྟག་ཏུ་རེའུ་འགོད་སྒྲོམ་གཞི་གྲངས་མཛོད་སྟར་པའི་ནང་ནས་བདམས་པའི་གཞི་གྲངས་མཛོད་ཡིག་དུམ་ལ་དམིགས་པ་ཡིན།

ཟུར་མཆན་རིས་རྟགས་

རེའུ་མིག་གི་རྣམ་པའི་ཐོག་ནས་གཞི་གྲངས་ཉིད་ཡིག་ཚགས་ནང་བསྒར་འཛུད་བྱ་དགོས་ཚེ་ངེས་པར་དུ་རེའུ་མིག་འདེམས་གཞི་སྤྱོད་པ་དང་ དེ་རྗེས་རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་ནས་གཞི་གྲངས་མཛོད་ཡིག་དུམ་བདམས་ནས་དེའི་རྣམ་གཞག་ལ་མཚན་འཇོག་བྱའོ། གྲངས་ཀྱི་རྣམ་གཞག་ལ་ལག་བསྟར་དགོས་པའི་བཟོ་བཅོས་ཉིད་མཇུག་མཐར་བདམས་ང་བྱས་པའི་གཞི་གྲངས་ཡིག་དུམ་བར་སྤྱད་ འོན་ཀྱང་བདམས་པའི་གཞི་གྲངས་མཛོད་ཡིག་དུམ་ནི་ གཞི་གྲངས་མཛོད་ཚང་ནང་ནས་བྱུང་བའམ་ཡང་ན་རེའུ་མིག་སྟར་པ་རེའུ་འགོད་སྒྲོམ་ནང་བྱུང་བ་གཉིས་དབར་འབྲེལ་བ་མེད།


རེའུ་མིག་ཁ་བྱང་བསྒར་འཛུད་བྱས་པ།

ཡིག་དེབ་རེའུ་མིག་ནང་གི་སྟར་པར་ཁ་བྱང་ཡིག་ཕྲེང་བསྒར་འཛུད་དགོས་མིན་གཏན་འཁེལ་བཟོ་བ།

ཉེར་སྤྱོད་སྟར་པའི་མིང་།

གཞི་གྲངས་མཛོད་རེའུ་མིག་ནང་གི་ཡིག་དུམ་མིང་ཉིད་ཡིག་དེབ་རེའུ་མིག་ནང་གི་སྟར་པ་རེ་རེའི་ཁ་བྱང་དུ་བརྩིས་ནས་སྤྱོད་པའོ།

ཡིག་ཕྲེང་ཁོ་ན་གསར་འཛུགས་བྱས་པ།

ཁ་བྱང་ཕྲེང་སྟོང་པ་ཉིད་ཡིག་དེབ་རེའུ་མིག་ནང་བསྒར་འཛུད་བྱས་པ། ཕྲེང་གསར་འཛུགས་ཀྱི་འདེམས་གཞིར་སྤྱད་ ཡིག་ཚགས་ནང་གི་ཁ་བྱང་ལ་མཚན་འཇོག་དང་ ཁ་བྱང་འདི་དག་དང་གཞི་གྲངས་མཛོད་ཡིག་དུམ་གྱི་མིང་དང་འབྲེལ་བ་མེད།

གཏོགས་གཤིས།

གླེང་སྒྲོམ་ཁ་ཕྱེ་བ་དང་དེའི་ནང་དུ་རེའུ་མིག་གཏོགས་གཤིས་ལ་མཚན་འཇོག་བྱས་ཆོག་པ་ དཔེར་ན་མཐའ་སྒྲོམ་དང་ རྒྱབ་ལྗོངས་ སྟར་ཞེང་སོགས་སོ།

རང་འགུལ་འདྲ་སྤྱོད་རྣམ་གཞག

གླེང་སྒྲོམ་ཁ་ཕྱེ་ནས་དེའི་ནང་རེའུ་མིག་བསྒར་འཛུད་སྐབས་དེ་མར་སྤྱོད་དགོས་པའི་རྣམ་གཞག་བཟོ་ལྟ་བདམས་ང་བྱས་ཆོག