རང་འགུལ་འཚག་འདེམས།

མིག་སྔར་བདམས་པའི་གཞི་གྲངས་ཡིག་དུམ་གྱི་ནང་དོན་ལ་གཞིགས་ནས་ཟིན་ཐོ་འཚག་འདེམས་བྱས་ཆོག

རིས་རྟགས།

རང་འགུལ་འཚག་འདེམས།

འོད་རྟགས་དེ་དེའི་ནང་དོན་ལ་འཚག་འདེམས་དགོས་རྒྱུའི་ཡིག་དུམ་མིང་གི་སྟེང་བཞག་པ་དང་དེ་རྗེས་ རང་འགུལ་འཚག་འདེམས་གྱི་རིས་རྟགས་ལ་རྐྱང་རྡེབ་བྱས་པས་ནང་དོན་དེ་དག་བདམས་པའི་ཡིག་དུམ་གྱི་ནང་དོན་གཅིག་མཚུངས་ཡིན་པའི་ཟིན་ཐོ་མཐོང་ཐུབ།

དཔེར་ན་ ཉིའུ་ཡོག་ཁ་ནས་ཡོང་བའི་མཁོ་མཁན་ཡོད་ཚད་ལ་ལྟ་ཞིབ་བྱ་དགོས་ཚེ་"New York"ཞེས་པའི་གཤར་བྱང་ལྡན་པའི་ཡིག་དུམ་མིང་ལ་རྐྱང་རྡེབ་བྱ་དགོས། རང་འགུལ་འཚག་འདེམས་ཀྱིས་གཞི་གྲངས་མཛོད་ཀྱི་ནང་ནས་ཉིའུ་ཡོག་ཁ་ནས་ཡོང་བའི་མཁོ་མཁན་ཡོད་ཚད་འཚག་འདེམས་བྱེད།

You can remove the current AutoFilter with the Reset Filter/Sorting icon or with Data - Filter - Reset Filter.

དུས་གཅིག་ལ་ཡིག་དུམ་གྱི་མིང་དུ་འཚག་འདེམས་བྱ་དགོས་ཚེ་ ཁས་ལེན་འཚག་འདེམས་ཆས་ཀྱི་རིས་རྟགས་ལ་རྐྱང་རྡེབ་བྱ་དགོས། ཁས་ལེན་འཚག་འདེམས་ཆས།གླེང་སྒྲོམ་ཁ་ཕྱེ་ན་དེའི་ནང་འཚག་འདེམས་ཆ་རྐྱེན་དུ་མར་ཚོ་སྒྲིག་བྱས་ཆོག