ཚོ་སྒྲིག་སྒྲོམ་/རེའུ་འགོད་སྒྲོམ་སྣེ་སྟོན་ ཡིག་དུམ་ཐག་སྦྲེལ།

ཐག་སྦྲེལ་གཞི་གྲངས་རེའུ་མིག་དང་རེའུ་འགོད་རེའུ་མིག་གི་ཡིག་རྟགས་ལ་སྤྱོད་པ་སྟོན།

གྲངས་ཐང་རེའུ་མིག་ནི་མིག་སྔའི་རེའུ་བྱང་རེའུ་མིག་ཡིན་ དེའི་ནང་རེའུ་འགོད་ཡིག་དུམ་བསྒར་འཛུད་བྱེད། རེའུ་འགོད་རེའུ་མིག་ནི་དེའི་གཞི་གྲངས་ནི་རེའུ་འགོད་ཡིག་དུམ་ནང་མངོན་པའི་རེའུ་མིག་ལ་ཟེར། རེའུ་མིག་འདི་གཉིས་ངེས་པར་དུ་ཐུན་མོང་གི་གཞི་གྲངས་ཡིག་དུམ་བརྒྱུད་ཐག་སྦྲེལ་བྱེད། ཐག་སྦྲེལ་འདི་དག་སྣེ་སྟོན་གྱི་ཤོག་ངོས་སྟེང་ནང་འཇུག་བྱེད། ཡིག་དུམ་གྱི་ནང་དོན་མི་མཚུངས་པ་བྱས་ཆོག་(འདི་ནི་ཡིག་དུམ་གྱི་མིང་ནི་རེའུ་མིག་གཉིས་ནང་གི་མཚན་འཇོག་གི་ཐབས་ཚུལ་གྱིས་ཐག་གཅོད་བྱེད་)འོན་ཀྱང་ཡིག་དུམ་གྱི་རིགས་ངེས་པར་དུ་མཚུངས་དགོས།

བཀའ་ཚིག་ལ་བཅར་འདྲི་...

ནི་སྐྱེ་གྲུབ་ཡིག་དུམ་ཡིན་ "ཚོད་ཆས་"ཡོ་ཆས་ཚང་ཁ་ཕྱེ་ རེའུ་འགོད་སྒྲོམ་རིས་རྟགས་ལ་རྐྱང་རྡེབ་བྱེད་པ་མ་ཟད་ཙིག་རྟགས་འདྲུད་སྒུལ་བྱ། རེའུ་མིག་ནང་ངེས་པར་དུ་གཞི་གྲངས་མཛོད་སྦྲེལ་བ་གནས་དགོས་:སྣེ་སྟོན་ - ཤོག་ཨང་ 3


གྲངས་ཐང་རེའུ་མིག་ཡིག་དུམ།

ཐག་སྦྲེལ་རེའུ་མིག་ནང་གི་ཡིག་དུམ་དང་སྦྲེལ་བའི་མིག་སྔའི་རེའུ་བྱང་གཞི་གྲངས་ཡིག་དུམ་གཏན་འཁེལ་བྱེད། དེ་མིན་ ཁྱེད་ཀྱིས་གཤམ་གྱི་རེའུ་འགོད་ཡིག་དུམ་ནང་མཁོ་བའི་གཞི་གྲངས་ཡིག་དུམ་ལ་རྐྱང་རྡེབ་མཛོད།

ཚོད་ཆས་ - གཏོགས་གཤིས་ནང་ཡིག་དུམ་ནི་ གཞི་གྲངས་ཡིག་དུམ་ འོག་གི་ གཞི་གྲངས་ལ་གཏན་འཁེལ་བྱས་ནས་ འདེམས་གཞི་ཤོག་ངོས་ནང་གི་གཤར་བྱང་ཐོན།

རེའུ་འགོད་རེའུ་མིག་ཡིག་དུམ།

གཏན་འཁེལ་བྱས་པའི་གྲངས་ཐང་རེའུ་མིག་ཡིག་དུམ་དང་འབྲེལ་ཡོད་ཀྱི་ཐག་སྦྲེལ་གཞི་གྲངས་མཛོད་ཀྱི་ཡིག་དུམ་གཏན་འཁེལ་བྱེད། དེ་མིན་ རེའུ་འགོད་ཡིག་དུམ་འོག་གི་གཞི་གྲངས་ཡིག་དུམ་ལ་རྐྱང་དེབ་གྱིས།

ཚོད་ཆས་ - གཏོགས་གཤིས་ནང་ཡིག་དུམ་ནི་ རེའུ་འགོད་ནང་དོན་འོག་ SQL བརྗོད་པའི་ གཞི་གྲངས་འདེམས་གཞི་ཁྭ་ཤོག་ལྷེའི་ནང་ཐོན་པར་གཏན་འཁེལ་བྱེད།