ཚོ་སྒྲིག་སྒྲོམ་/རེའུ་འགོད་སྒྲོམ་སྣེ་སྟོན།

གལ་ཏེ་ཡིག་ཚགས་ནང་ཚོ་སྒྲིག་སྒྲོམ་མམ་རེའུ་འགོད་སྒྲོམ་བསྒར་འཛུད་བྱས་ན་སྣེ་སྟོན་རང་འགུལ་ངང་འགུལ་སློང་བྱེད། སྣེ་སྟོན་འདིའི་ནང་སྤེལ་རེས་ཀྱིས་མངོན་རྒྱུའི་ཆ་འཕྲིན་མངོན་འགྱུར་བྱེད།

བཀའ་ཚིག་ལ་བཅར་འདྲི་...

ནི་སྐྱེ་གྲུབ་ཡིག་དུམ་ཡིན་ "ཚོད་ཆས་"ཡོ་ཆས་ཚང་ཁ་ཕྱེ་ ཚོ་སྒྲིག་སྒྲོམ་ཡང་ན་རེའུ་འགོད་སྒྲོམ་རིས་རྟགས་ལ་རྐྱང་རྡེབ་བྱེད་པ་མ་ཟད་ཙིག་རྟགས་ལ་འདྲུད་སྒུལ་བྱ། རེའུ་མིག་ནང་ངེས་པར་དུ་གཞི་གྲངས་མཛོད་སྦྲེལ་ཚར་བ་དགོས།


ཟུར་མཆན་རིས་རྟགས་

སྤྱོད་ཆོག་ཁ་བརྒྱབ་/ཁ་བརྒྱབ་སྣེ་སྟོན།རིས་རྟགས་ཀྱིས་སྣེ་སྟོན་རང་འགུལ་ངང་འགོག་པར་བྱེད།


ཚོ་སྒྲིག་སྒྲོམ་སྣེ་སྟོན་དང་རེའུ་འགོད་སྒྲོམ་སྣེ་སྟོན་ནི་མཐའ་མཇུག་གི་གོམ་པའི་སྟེང་བར་ཁྱད་ཕྲན་བུ་ཡོད་ འབྱུང་ཁུངས་ནི་ཚོད་ཆས་ཡིག་དུམ་ངོ་བོ་ཡིན།

རེའུ་འགོད་སྒྲོམ།

རེའུ་འགོད་སྒྲོམ་ནང་སྤྱོད་པོས་རེའུ་འགོད་ནང་ནས་གཤར་བྱང་མི་འདྲ་བའི་ནང་གཤར་བྱང་ཞིག་འདེམས་དགོས། གཤར་བྱང་འདི་རྣམས་གཞི་གྲངས་མཛོད་རེའུ་མིག་ནང་ཉར་ཚགས་བྱེད་པ་མ་ཟད་རེའུ་འགོད་སྒྲོམ་རྩོམསྒྲིག་བརྒྱུད་མི་དགོས།

སྤྱིར་བཏང་བཤད་ན་ རེའུ་བྱང་ལྡན་པའི་ནང་མཐོང་རུང་རེའུ་བྱང་གཤར་བྱང་གི་གཞི་གྲངས་མཛོད་རེའུ་མིག་རེའུ་བྱང་རྨང་གཞིའི་རེའུ་མིག་མི་བྱེད། རེའུ་བྱང་ནང་གི་རེའུ་འགོད་སྒྲོམ་འདྲེན་སྤྱོད་བརྒྱུད་ནས་ནུས་པ་ཐོན། དེ་ཡང་མཐོང་རུང་རེའུ་འགོད་རྣམ་གྲངས་ཀྱི་འདྲེན་སྤྱོད་རེའུ་བྱང་རེའུ་མིག་ནང་གནས་(ཐང་རེའུ་མིག་)གལ་ཏེ་སྤྱོད་པོས་རེའུ་འགོད་ནང་གཤར་བྱང་འདེམས་པ་མ་ཟད་ཉར་ཚགས་བྱེད་ན་ འདྲེན་སྤྱོད་འདི་རྣམས་ཐང་རེའུ་མིག་ནང་གཅིག་མཚུངས་ནང་འཇུག་བྱེད། འདྲེན་སྤྱོད་ཐང་བརྒྱུད་ནས་རེའུ་འགོད་སྒྲོམ་མིག་སྔའི་རེའུ་བྱང་རེའུ་མིག་ཐག་སྦྲེལ་གྱི་རེའུ་མིག་ནང་གི་གཞི་གྲངས་མངོན། དེར་བརྟེན་རེའུ་འགོད་སྒྲོམ་སྣེ་སྟོན་གཞི་གྲངས་མཛོད་གཅིག་མཚུངས་ནང་གི་རེའུ་མིག་གཉིས་ཐག་སྦྲེལ་བྱེད་པར་མོས་མཐུན་བྱེད་ འདི་ལྟར་ཚོད་ཆས་ཡིག་དུམ་རེའུ་བྱང་འདྲེན་སྤྱོད་དམིགས་འབེན་རེའུ་མིག་ལས་གཞན་པའི་རེའུ་མིག་ནང་གི་གཞི་གྲངས་མཛོད་ཡིག་དུམ་གྱི་ཞིབ་ཕྲའི་རེའུ་འགོད་མངོན་ནོ།

རེའུ་མིག་གཞན་པའི་ནང་ཡིག་དུམ་མིང་ (ControlSource) བཤེར་འཚོལ་ལ་མཁོ་བའི་ཡིག་དུམ་སྤྱད་རྗེས་ལྟོས་བཅས་ཀྱི་ཡིག་དུམ་ལེགས་གྲུབ་བྱ། གལ་ཏེ་ཡིག་དུམ་མིག་བཤེར་འཚོལ་མི་ཐུབ་ན་རེའུ་འགོད་ནི་སྔར་བཞིན་སྟོང་པ་ཡིན། རེའུ་འགོད་ཡིག་དུམ་ནང་གི་སྟར་ལ་ཐག་སྦྲེལ་ལྡན་དུས་སྔོན་ལ་བརྩད་འདྲི་མི་མངོན་ རེའུ་མིག་གཞན་པའི་སྟར་དང་པོ་ཐད་ཀར་བེད་སྤྱོད་བྱེད་དོ།

དཔེར་ན་ གལ་སྲིད་རྩོམ་ཡིག་རེའུ་མིག་ལ་མཁོ་འདོན་ཚོང་པའི་ཨང་སྒྲིག་ལྡན་ན་རེའུ་འགོད་སྒྲོམ་གྱིས"མཁོ་འདོན་ཚོང་པའི་ཨང་སྒྲིག"བེད་སྤྱོད་ཐག་སྦྲེལ་གྱིས་མཁོ་འདོན་ཚོང་པའི་རེའུ་མིག་ནང་གི་མཁོ་འདོན་ཚོང་པའི་མིང་མངོན། སྣེ་སྟོན་གྱི་ཡིག་དུམ་ཐག་སྦྲེལ་ཤོག་ངོས་སྟེང་ཐག་སྦྲེལ་འདིའི་མཁོ་ངེས་ཀྱི་བཀོད་སྒྲིག་ཡོད་ཚད་གཏན་འཁེལ་བྱེད་པར་རེ་བ་བྱེད་དོ།

ཚོ་སྒྲིག་སྒྲོམ།

ཚོ་སྒྲིག་སྒྲོམ་ནང་སྤྱོད་པོས་རེའུ་འགོད་གཤར་བྱང་ནང་ནས་གཤར་བྱང་ཞིག་འདེམས་ཆོག་ལ་རང་ཉིད་ཀྱིས་ཡི་གེ་ནང་འཇུག་བྱེད་ཆོག རེའུ་འགོད་ནང་གི་གཤར་བྱང་གཞི་གྲངས་མཛོད་གང་རུང་ཞིག་གི་རེའུ་མིག་ནས་ཡོང་ཆོག གཤར་བྱང་ནང་འཇུག་གམ་བདམས་རྗེས་དེ་དག་རེའུ་བྱང་ནང་ཁོ་ནར་ཉར་ཚགས་བྱེད་ཆོག དེ་མིན་གཞི་གྲངས་མཛོད་ནང་ཉར་ཚགས་བྱས་ཆོག གལ་ཏེ་གཞི་གྲངས་མཛོད་ནང་ཉར་ཚགས་བྱས་ན་གཤར་བྱང་འདི་དག་རེའུ་བྱང་སྤྱོད་པའི་གཞི་གྲངས་མཛོད་རེའུ་མིག་ནང་འབྲི་འཇུག་བྱེད།

Combo boxes can display the data of any table. A direct link between the current form table and the table whose values are to be displayed in the combo box (list table) is not required. Combo boxes do not work with references. If the user enters or selects a value and saves it, the value actually displayed will be entered in the form table. As there is no link between the form table and the list table, the Field Link table does not appear here.

གལ་ཏེ་རེའུ་འགོད་སྒྲོམ་ཡིན་ན་ཁྱེད་ཀྱིས་རེའུ་འགོད་ནང་གཤར་བྱང་བདམས་རྗེས་རེའུ་འགོད་རེའུ་མིག་ནང་ཉར་ཚགས་བྱེད། གལ་ཏེ་ཚོ་སྒྲིག་སྒྲོམ་ཡིན་ན་ཁྱེད་ཀྱིས་ཟུར་སྣོན་ཡིག་དེབ་གསབ་སྣོན་བྱེད་ཆོག་ ཡིག་དེབ་འདི་དག་འབྲི་འཇུག་བྱེད་ཆོག་པའམ་དགོས་མཁོ་ལྟར་རེའུ་བྱང་མིག་མདུན་གྱི་གཞི་གྲངས་མཛོད་རེའུ་མིག་(ཐང་རེའུ་མིག་)ནང་ཉར་ཚགས་བྱེད་ བྱེད་ནུས་འདི་ལ་ ཚོ་སྒྲིག་སྒྲོམ་སྣེ་སྟོན་གཞི་གྲངས་ལས་སྣོན་ཤོག་ལྷེ་མཇུག་མཐའི་ཤོག་ལྷེར་བརྩིས། རེའུ་འགོད་སྒྲོམ་ལ་ཤོག་ལྷེ་འདི་འདྲ་མེད་ གནས་འདིར་ཁྱེད་ཀྱིས་ནང་འཇུག་གི་ཡིག་དེབ་ཐང་རེའུ་མིག་ནང་ཉར་ཚགས་བྱས་མིན་དང་གནས་ས་གང་དུ་ཉར་ཚགས་བྱེད་པ་འདེམས་ཆོག

རེའུ་མིག་གཞི་རྒྱུའི་སྣེ་སྟོན་ གཞི་གྲངས།

རེའུ་བྱང་ཡིག་དུམ་དང་ཕན་ཚུན་ལྟོས་ཟླ་ཡིན་པའི་གཞི་གྲངས་ཁུངས་དང་རེའུ་མིག་འདེམས་པ། གལ་ཏེ་ཡིག་ཚགས་གཞི་གྲངས་ཁུངས་ལ་ཐག་སྦྲེལ་བྱས་ཡོད་ན་ དེའི་ནང་རེའུ་བྱང་ཡིག་དུམ་བསྒར་འཛུད་བྱེད་དུས་ཤོག་ངོས་འདི་མིང་མངོན་ནོ།

ཚོ་སྒྲིག་སྒྲོམ་/རེའུ་འགོད་སྒྲོམ་སྣེ་སྟོན་ རེའུ་མིག་འདེམས་པ།

སྤྱོད་རུང་གི་གཞི་གྲངས་མཛོད་རེའུ་མིག་ནང་རེའུ་མིག་གཅིག་གཏན་འཁེལ་བྱེད་ རེའུ་མིག་ནང་གཞི་གྲངས་ཡིག་དུམ་གྱི་ནང་དོན་ནི་རེའུ་འགོད་གཤར་བྱང་མངོན་པ་ཡིན།

ཚོ་སྒྲིག་/རེའུ་འགོད་སྒྲོམ་སྣེ་སྟོན་ ཡིག་དུམ་འདེམས་པ།

གོང་གི་ཤོག་ལྷེའི་རེའུ་མིག་ནང་གཏན་འཁེལ་གྱི་གཞི་གྲངས་ཡིག་དུམ་འདེམས་པ་ ཡིག་དུམ་གྱི་ནང་དོན་རེའུ་འགོད་སྒྲོམ་མམ་ཚོ་སྒྲིག་སྒྲོམ་ནང་མངོན་པ།

ཚོ་སྒྲིག་སྒྲོམ་/རེའུ་འགོད་སྒྲོམ་སྣེ་སྟོན་ ཡིག་དུམ་ཐག་སྦྲེལ།

ཐག་སྦྲེལ་གཞི་གྲངས་རེའུ་མིག་དང་རེའུ་འགོད་རེའུ་མིག་གི་ཡིག་རྟགས་ལ་སྤྱོད་པ་སྟོན།

ཚོ་སྒྲིག་སྒྲོམ་/རེའུ་འགོད་སྒྲོམ་སྣེ་སྟོན་ གཞི་གྲངས་མཛོད་ཡིག་དུམ།

ཚོ་སྒྲིག་སྒྲོམ་ནང་ ཁྱེད་ཀྱིས་གཞི་གྲངས་མཛོད་ཡིག་དུམ་ཞིག་གི་གྲངས་ཐང་ཉར་ཚགས་བྱེད་ཆོག་ རེའུ་བྱང་ནང་གྲངས་ཐང་འདི་མངོན་ཆོག

རྩིས་མེད།

"རྩིས་མེད་"གནོན་མཐེབ་ལ་རྐྱང་རྡེབ་ཀྱིས་གླེང་སྒྲོམ་ཁ་བརྒྱབ་དང་བཟོ་བཅོས་བྱེད་ཅི་ཡང་ཉར་ཚགས་མི་བྱེད་པ་

གོམ་སྟབས་སྔོན་མ།

གླེང་སྒྲོམ་ནང་གོམ་སྟབས་སྔོན་མ་བརྒྱབ་པའི་བཟོ་བཅོས་བདམས་པ་དེ་འཚོལ་ཐུབ། མིག་སྔའི་བཀོད་སྒྲིག་འགྱུར་མེད་ཡིན་ ཤོག་ངོས་གཉིས་པ་ནས་འགོ་བཙུགས་ཏེ་གནོན་མཐེབ་འདི་སྒུལ་སློང་བྱའོ།

གོམ་སྟབས་རྗེས་མ།

"གོམ་སྟབས་རྗེས་མ་"གནོན་མཐེབ་ལ་རྐྱང་རྡེབ་བྱས་ན་ "སྣེ་སྟོན་"གྱིས་གླེང་སྒྲོམ་གྱི་མིག་སྔའི་བཀོད་སྒྲིག་བེད་སྤྱད་པ་དང་སྦྲགས་གོམ་སྟབས་རྗེས་མ་བསྒྱུར་ གལ་སྲིད་གོམ་སྟབས་མཇུག་ཤོས་དེར་སླེབས་ནས་ ལྟོས་ཟླའི་གནས་ཡུལ་གནོན་མཐེབ་བེད་སྤྱད་མེད་པར་འགྱུར་