རེའུ་མིག་གཞི་རྒྱུའི་སྣེ་སྟོན།

གལ་སྲིད་ཡིག་ཚགས་ནང་རེའུ་མིག་ཚོད་ཆས་བསྒར་འཛུད་བྱས་ན་རེའུ་མིག་གཞི་རྒྱུའི་སྣེ་སྟོན།རང་འགུལ་ངང་འགུལ་སློང་བྱེད། སྣེ་སྟོན་འདིའི་ནང་སྤེལ་རེས་རྣམ་པའི་སྒོ་ནས་རེའུ་མིག་ཚོད་ཆས་ནང་ཆ་འཕྲིན་གང་དག་གསལ་བ་འདེམས་པར་བྱེད།

བཀའ་ཚིག་ལ་བཅར་འདྲི་...

ནི་སྐྱེ་གྲུབ་ཡིག་དུམ་ཡིན་ ཚོད་ཆས་ཡོ་ཆས་ཚང་ཁ་འབྱེད་རྒྱུ་ ཚོད་ཆས་མང་པོ་རིས་རྟགས་ལ་རྐྱང་རྡེབ་ རེའུ་མིག་ཚོད་ཆས་རིས་རྟགས་ལ་རྐྱང་རྡེབ་བྱེད་པ་མ་ཟད་ཙིག་རྟགས་འདྲུད་འགུལ་བྱ།


ཟུར་མཆན་རིས་རྟགས་

སྤྱོད་ཆོག་ཁ་བརྒྱབ་/ཁ་བརྒྱབ་སྣེ་སྟོན།རིས་རྟགས་ཀྱིས་སྣེ་སྟོན་རང་འགུལ་ངང་འགོག་པར་བྱེད།


རེའུ་མིག་གཞི་རྒྱུའི་སྣེ་སྟོན་ གཞི་གྲངས།

རེའུ་བྱང་ཡིག་དུམ་དང་ཕན་ཚུན་ལྟོས་ཟླ་ཡིན་པའི་གཞི་གྲངས་ཁུངས་དང་རེའུ་མིག་འདེམས་པ། གལ་ཏེ་ཡིག་ཚགས་གཞི་གྲངས་ཁུངས་ལ་ཐག་སྦྲེལ་བྱས་ཡོད་ན་ དེའི་ནང་རེའུ་བྱང་ཡིག་དུམ་བསྒར་འཛུད་བྱེད་དུས་ཤོག་ངོས་འདི་མིང་མངོན་ནོ།

རེའུ་མིག་གཞི་རྒྱུའི་སྣེ་སྟོན་ ཡིག་དུམ་འདེམས་པ།

རེའུ་མིག་ཚོད་འཛིན་ཡིག་དུམ་ནང་ཡིག་དུམ་གང་དག་མངོན་པ་གཏན་འཁེལ་བྱེད།

རྩིས་མེད།

"རྩིས་མེད་"གནོན་མཐེབ་ལ་རྐྱང་རྡེབ་ཀྱིས་གླེང་སྒྲོམ་ཁ་བརྒྱབ་དང་བཟོ་བཅོས་བྱེད་ཅི་ཡང་ཉར་ཚགས་མི་བྱེད་པ་

གོམ་སྟབས་སྔོན་མ།

གླེང་སྒྲོམ་ནང་གོམ་སྟབས་སྔོན་མ་བརྒྱབ་པའི་བཟོ་བཅོས་བདམས་པ་དེ་འཚོལ་ཐུབ། མིག་སྔའི་བཀོད་སྒྲིག་འགྱུར་མེད་ཡིན་ ཤོག་ངོས་གཉིས་པ་ནས་འགོ་བཙུགས་ཏེ་གནོན་མཐེབ་འདི་སྒུལ་སློང་བྱའོ།

གོམ་སྟབས་རྗེས་མ།

"གོམ་སྟབས་རྗེས་མ་"གནོན་མཐེབ་ལ་རྐྱང་རྡེབ་བྱས་ན་ "སྣེ་སྟོན་"གྱིས་གླེང་སྒྲོམ་གྱི་མིག་སྔའི་བཀོད་སྒྲིག་བེད་སྤྱད་པ་དང་སྦྲགས་གོམ་སྟབས་རྗེས་མ་བསྒྱུར་ གལ་སྲིད་གོམ་སྟབས་མཇུག་ཤོས་དེར་སླེབས་ནས་ ལྟོས་ཟླའི་གནས་ཡུལ་གནོན་མཐེབ་བེད་སྤྱད་མེད་པར་འགྱུར་