གཞི་གྲངས།

གཞི་གྲངས་འདེམས་གཞི་ཁྭ་ཤོག་ངོས་སྟེང་རེའུ་མིག་གཏོགས་གཤིས་མཚན་འཇོག་བྱ་ གཏོགས་གཤིས་འདི་དག་དང་རེའུ་མིག་ཐག་སྦྲེལ་གྱི་གཞི་གྲངས་མཛོད་འབྲེལ་བ་ཡོད་དོ།

རེའུ་བྱང་བེད་སྤྱོད་ཀྱི་གཞི་གྲངས་ཁུངས་མཚན་འཇོག་བྱེད་ ཡང་ན་སྤྱོད་པོས་གཞི་གྲངས་རྩོམ་སྒྲིག་བྱེད་ཆོག་མིན་གཏན་འཁེལ་བྱེད། བྱེད་ནུས་རིམ་སྒྲིག་དང་འཚག་འདེམས་བྱེད་པ་མ་ཕུད་ ད་དུང་ཡལ་ལག་རེའུ་བྱང་།གསར་འཛུགས་ལ་དགོས་པའི་གཏོགས་གཤིས་ཡོད་ཚད་འཚོལ་ཐུབ།

བཀའ་ཚིག་ལ་བཅར་འདྲི་...

བདམས་པའི་རེའུ་མིག་གཞི་རྒྱུའི་གཡས་མཐེབ་ཚལ་ཐོ་ཁ་འབྱེད་རྒྱུ་ - རེའུ་མིག་ - གཞི་གྲངས་འདེམས་གཞི་ཁཱ་འདེམས་དགོས།

"གཞི་གྲངས་མཛོད་ཚོད་ཆས་"ཡོ་ཆས་ཚང་ངམ་"གཞི་གྲངས་མཛོད་རེའུ་མིག་ཇུས་འགོད་"ཡོ་ཆས་ཚང་ཁ་ཕྱེ་ རེའུ་མིག་རིས་རྟགས་ - གཞི་གྲངས་འདེམས་གཞི་ཁཱ་ལ་རྐྱང་རྡེབ་བྱ།


SQL བཀའ་བརྡ་དབྱེ་ཞིབ།

LibreOffice ཡིས་ SQL བརྗོད་པ་དབྱེ་ཞིབ་བྱེད་མིན་གཏན་འཁེལ་བྱེད། གལ་ཏེ་བཀོད་སྒྲིག་ནི་ Yes(ཡིན་ན་)ནང་དོན་རེའུ་འགོད་སྒྲོམ་འཁྲིས་ཀྱི་ ... གནོན་མཐེབ་ལ་རྐྱང་རྡེབ་བྱ། བཀོལ་སྤྱོད་འདིས་སྒེའུ་ཁུང་ཞིག་ཁ་ཕྱེ་རྒྱུ་ ཁྱེད་ཀྱིས་དེའི་ནང་རིས་དབྱིབས་ཅན་གྱི་གཞི་གྲངས་མཛོད་བརྩད་འདྲི་གསར་འཛུགས་བྱེད། སྒེའུ་ཁུང་འདི་ཁ་བརྒྱབ་རྗེས་བརྩད་འདྲིར་སྤྱོད་པའི་ SQL བརྗོད་པ་ནང་དོན་རེའུ་མིག་སྒྲོམ་བསྒར་འཛུད་བྱ།

གཞི་གྲངས་ཁུངས་ཀྱི་རིགས།

ད་ཡོད་ཀྱི་གཞི་གྲངས་མཛོད་རེའུ་མིག་སྤྱོད་མིན་ནམ་བརྩད་འདྲི་གཞི་གྲངས་ཁུངས་ལ་བརྩིས་ན་ཡང་ན་ SQL བཀའ་བརྡ་གཞིར་བྱས་མིན་ལས་རེའུ་བྱང་སྐྱེ་གྲུབ་བྱེད།

གལ་ཏེ་"རེའུ་མིག"ཡང་ན་"བརྩད་འདྲི།"བདམས་ན་རེའུ་བྱང་གིས་ཁྱེད་ཀྱིས་གཞི་གྲངས་ཁུངས་ནང་གཏན་འཁེལ་བྱས་པའི་རེའུ་མིག་དང་བརྩད་འདྲི་འདྲེན་སྤྱོད་བྱེད། གལ་ཏེ་བརྩད་འདྲི་གསར་འཛུགས་བྱེད་འདོད་པའམ་ཡན་ལག་རེའུ་བྱང་། གསར་འཛུགས་བྱེད་འདོད་ན་ འདེམས་གཞི་"SQL"འདེམས་དགོས། དེ་རྗེས་ཁྱེད་ཀྱིས་རེའུ་འགོད་ནང་དོན་སྒྲོམ་གྲུ་བཞིའི་ནང་ SQL བརྩད་འདྲིའམ་ཡན་ལག་རེའུ་བྱང་གི་བརྗོད་པ་ཐད་ཀར་ནང་འཇུག་བྱ། གཏན་འཁེལ་གཞིར་བྱས་པའི་བརྗོད་པས་རེའུ་བྱང་སྐྱེ་གྲུབ་བྱེད།

གཞི་གྲངས་ཁུངས།

རེའུ་བྱང་འདྲེན་སྤྱོད་ཀྱི་གཞི་གྲངས་ཁུངས་མཚན་འཇོག་བྱེད། ... གནོན་མཐེབ་ལ་རྐྱང་རྡེབ་བྱ་ ཁ་ཕྱེ།གླེང་སྒྲོམ་བཀོལ་སྤྱོད་བྱ་ ཁྱེད་ཀྱིས་དེའི་གཞི་གྲངས་ཁུངས་འདེམས་ཆོག

གཞི་གྲངས་ཁོ་ན་གསབ་སྣོན་བྱེད་པ།

རེའུ་བྱང་ལ་གཞི་གྲངས་གསར་པ་ཁོ་ན་གསབ་སྣོན་(ཡིན་)བྱེད་པའམ་གཞན་པའི་གཏོགས་གཤིས་(མིན་)གསབ་སྣོན་བྱས་ཆོག་པར་མཚན་འཇོག་བྱེད།

ཟུར་མཆན་རིས་རྟགས་

གལ་ཏེ་གཞི་གྲངས་ཁོ་ན་གསབ་སྣོན་བྱེད་པར་"ཡིན།"བཀོད་སྒྲིག་བྱས་ན་གཞི་གྲངས་འདི་བཟོ་བཅོས་དང་སུབ་ཐབས་བྲལ་ལོ།


གསར་སྣོན་བྱས་ཆོག་པ།

གཞི་གྲངས་གསབ་སྣོན་བྱེད་ཆོག་མིན་གཏན་འཁེལ་བྱེད།

ནང་དོན།

རེའུ་བྱང་ལ་སྤྱོད་པའི་ནང་དོན་གཏན་འཁེལ་བྱེད། ནང་དོན་ནི་ད་ཡོད་ཀྱི་རེའུ་མིག་གམ་བརྩད་འདྲི་(དེ་སྔོན་གཞི་གྲངས་མཛོད་ནང་གསར་འཛུགས་བྱས་པའི་རེའུ་མིག་གམ་བརྩད་འདྲི་)ཡིན་ཆོག་ལ་བརྗོད་པ་ SQL སྤྱད་ནས་མཚན་འཇོག་བྱས་པའམ་ཡིན་ཆོག ནང་དོན་ཁུངས་ནང་འཇུག་མ་བྱས་སྔོན་ནང་དོན་རིགས་ནང་ཡང་དག་པའི་རིགས་མཚན་འཇོག་བྱེད་དགོས།

གལ་སྲིད་ནང་དོན་རིགས་ནང་"རེའུ་མིག"ཡང་ན་"བརྩད་འདྲི།"བདམས་ན་སྒྲོམ་འདིའི་ནང་བདམས་པའི་གཞི་གྲངས་མཛོད་ནང་བཀོད་སྒྲིག་བྱས་པའི་རེའུ་མིག་དང་བརྩད་འདྲི་ཡོད་ཚད་སྟར་སྒྲིག་བྱེད།

ཕྱོགས་སྟོན་ཚང་།

མཐིལ་ངོས་རེའུ་བྱང་ཚང་ནང་གི་ཕྱོགས་སྟོན་བྱེད་ནུས་སྤྱོད་དགོས་མིན་གཏན་འཁེལ་བྱེད།

འདེམས་གཞི་"རེའུ་བྱང་ཕ།"ནི་ཡན་ལག་ཚལ་ཐོར་ལྟོས་པ་ཡིན། གལ་ཏེ་ཡན་ལག་རེའུ་བྱང་ལ་འདེམས་གཞི་འདི་བདམས་ན་ ཁྱེད་ཀྱིས་འོད་རྟགས་ཡན་ལག་རེའུ་མིག་ལ་སྤོ་དུས་རེའུ་བྱང་ཕའི་ཟིན་ཐོར་མིག་བཤར་བྱེད་ཆོག རྒྱུ་མཚན་ནི་ཡན་ལག་རེའུ་མིག་ནི་1:1གི་འབྲེལ་བ་སྤྱད་ནས་རེའུ་བྱང་ཕ་ལ་སྦྲེལ་ཡོད་པས་ཡན་ལག་རེའུ་བྱང་ནང་མིག་བཤར་བྱེད་པར་སྙིང་པོ་མེད། མིག་བཤར་བྱེད་ནུས་རེའུ་བྱང་ཕའི་སྟེང་ལག་བསྟར་བྱེད།

བཟོ་བཅོས་བྱས་ཆོག་པ།

གཞི་གྲངས་བཟོ་བཅོས་བྱེད་མིན་གཏན་འཁེལ་བྱེད།

བསྐྱར་འཁོར།

Tab མཐེབ་སྤྱོད་དུས་ཀྱི་མིག་བཤར་ཐབས་ཚུལ་གཏན་འཁེལ་བྱེད། Tab མཐེབ་སྤྱད་ན་རེའུ་བྱང་ནང་མདུན་ལ་སྤོ་འགུལ་བྱེད་ཆོག གལ་ཏེ་མཐེབ་ Tab སྤྱོད་དུས་ Shift མཐེབ་མནན་ན་ལྡོག་ཕྱོགས་ལ་མིག་བཤར་བྱེད། གལ་ཏེ་མཇུག་མཐའི་ཡིག་དུམ་(ཡང་ན་དང་པོ་)ལ་སླེབས་ན་ Tab མཐེབ་གནོན་དགོས་ཤིང་ཕན་ནུས་མང་པོ་ཡོད་ཆོག གཤམ་གྱི་འདེམས་གཞིའི་མཚན་འཇོག་ཆས་ཚོད་ཆས་སྤྱད་ཆོག

འདེམས་གཞི།

གོ་དོན།

ཚད་གཞི།

བཀོད་སྒྲིག་འདི་སྤྱད་ན་སྔར་ནས་ཡོད་པའི་གཞི་གྲངས་མཛོད་སྦྲེལ་བའི་བསྐྱར་འཁོར་ལ་རང་འགུལ་མཚན་འཇོག་བྱེད་ གལ་ཏེ་རེའུ་བྱང་ནང་གཞི་གྲངས་མཛོད་ཐག་སྦྲེལ་ཞིག་ལྡན་ན་ཁས་ལེན་གནས་ཚུལ་འོག་Tab མཐེབ་ཀྱིས་མཇུག་མཐའི་ཡིག་དུམ་ཞིག་ཕྱིར་ཐོན་བྱེད་དུས་གཤམ་མམ་གོང་གི་ཟིན་ཐོར་འགྱུར་རོ་("ཡོངས་རྫོགས་ཟིན་ཐོ་"ལ་དཔྱད་གཟིགས་མཛོད་)གལ་ཏེ་གཞི་གྲངས་མཛོད་ཐག་སྦྲེལ་མེད་ན་གཤམ་མམ་/གོང་གི་རེའུ་བྱང་མངོན་("མིག་སྔའི་ཤོག་ལྷེ་"ལ་དཔྱད་གཟིགས་མཛོད་)

ཟིན་ཐོ་ཡོད་ཚད།

འདེམས་གཞི་འདི་གཞི་གྲངས་མཛོད་རེའུ་བྱང་ལ་སྤྱད་ན་འཚམས་ཞིང་ཟིན་ཐོ་ཡོད་ཚད་ལ་མིག་བཤར་བྱེད་པར་སྤྱོད། གལ་ཏེ་མཐེབ་ Tab མཐེབ་སྤྱད་ནས་རེའུ་བྱང་གི་མཇུག་མཐའི་ཡིག་དུམ་ཞིག་ཕྱིར་ཐོན་བྱེད་ན་ མིག་སྔའི་ཟིན་ཐོར་བཟོ་བཅོས་བྱེད་དོ།

བྱ་འགུལ་ཟིན་ཐོ།

འདེམས་གཞི་འདི་གཞི་གྲངས་མཛོད་རེའུ་མིག་ལ་སྤྱོད་པར་འཚམས་ཞིང་མིག་སྔའི་ཟིན་བྲིས་མིག་བཤར་ལ་སྤྱོད། གལ་ཏེ་ Tab མཐེབ་སྤྱད་ན་རེའུ་མིག་གི་མཇུག་མཐའི་ཡིག་དུམ་ཕྱིར་ཐོན་བྱས་ན་མིག་སྔའི་ཟིན་བྲིས་བརྗེ་འགྱུར་བྱེད།

མིག་སྔའི་ཤོག་ངོས།

རེའུ་མིག་གི་མཇུག་མཐའི་ཡིག་དུམ་ཞིག་ནང་འཇུག་བྱས་རྗེས་འོད་རྟགས་གཤམ་གྱི་རེའུ་མིག་གི་ཡིག་དུམ་དང་པོའི་ནང་མཆོངས་པར་འགྱུར། HTML རེའུ་མིག་ལ་མཚོན་ནས་བཤད་ན་ཚད་ལྡན་གྱི་སྤྱོ་འགུལ་གོ་རིམ་རེད། དེར་བརྟེན་འདེམས་གཞི་འདིས་རེའུ་མིག་ HTML ལ་གལ་ཧ་ཅང་ཆེ།


ཚད་ལྡན་འཚག་འདེམས།

འཚག་འདེམས་རེའུ་བྱང་ནང་གཞི་གྲངས་ལ་མཁོ་བའི་ཆ་རྐྱེན་ནང་འཇུག་གྱིས། འཚག་འདེམས་སྒྲིག་སྲོལ་ནི་ SQL སྒྲིག་སྲོལ་སྲུང་དགོས་ འོན་ཀྱང་ཚིག་གྲུབ་ WHERE བེད་སྤྱོད་མི་ཆོགདཔེར་ན་ གལ་ཏེ་མིང་གི་ "Mike" ཡི་ཟིན་ཐོ་ཡོད་ཚད་མངོན་དགོས་ན་ ཁྱེད་ཀྱིས་གཞི་གྲངས་ཡིག་དུམ་ནང་ Forename = 'Mike'མཐེབ་གནོན་བྱེད། གཞན་ཡང་ཚོ་སྒྲིག་ཆ་རྐྱེན་ Forename = Mike OR Forename = Peterསྤྱད་ཆོག ཆ་རྐྱེན་འདི་གཉིས་ལ་ཟླ་སྒྲིག་པའི་ཟིན་ཐོ་ཡོད་ཚད་མངོན་ནོ།

སྤྱོད་པོའི་མ་ཚུལ་འོག་རེའུ་བྱང་ཚང་།སྟེང་གི་རང་འགུལ་འཚག་འདེམས།དང་ཁས་ལེན་འཚག་འདེམས།རིས་རྟགས་འཚག་འདེམས་ཀྱིས་འཚག་འདེམས་བྱེད་མིན་གཏན་འཁེལ་བྱེད།

ཡིག་དུམ་གཙོ་བོ་ཐག་སྦྲེལ།

གལ་ཏེ་ཡལ་ལག་རེའུ་བྱང་།གསར་འཛུགས་བྱེད་ན་ ཁྱེད་ཀྱིས་རེའུ་བྱང་ཨ་མའི་གཞི་གྲངས་ཡིག་དུམ་ནང་འཇུག་བྱས་ནས་རེའུ་བྱང་མ་བུ་མཉམ་འགྲོས་ཡོང་བ་བྱེད་དགོས། གྲངས་ཐང་མང་པོ་ནང་འཇུག་བྱེད་ན་ནང་འཇུག་ཕྲེང་ཁག་གི་རྗེས་སུ་Shift + Enterམཐེབ་གནོན་དགོས།

ཡལ་ལག་རེའུ་བྱང་ནི་ SQL བརྩད་འདྲི་གཞིར་བྱས་པ་ཡིན། གནད་ལ་འཁེལ་བའི་སྒོ་ནས་བཤད་ན་ཞུགས་གྲངས་བརྩད་འདྲི།ལ་གནས་ཡོད། གལ་ཏེ་ཐག་སྦྲེལ་ཡིག་དུམ་གཙོ་བོའི་སྒྲོམ་གྲུ་བཞིའི་ནང་ཡིག་དུམ་གྱི་མིང་ཞིག་ནང་འཇུག་བྱས་ན་ཡིག་དུམ་འདི་གཙོ་བོའི་རེའུ་བྱང་ནང་ཚུད་པའི་གཞི་གྲངས་ཡིག་དུམ་ནང་ནང་འཇུག་བྱས་པའི་འགྱུར་ཚད་གཅིག་ཐག་སྦྲེལ་ཀློག་ལེན་བྱེད་ SQLའགྱུར་ཚད་འདི་དང་ཡན་ལག་རེའུ་བྱང་འདྲེན་སྤྱོད་ཀྱི་རེའུ་མིག་གཞི་གྲངས་ཕན་ཚུན་གཤིབ་སྡུར་བྱེད། ཡང་ན་ ཡིག་དུམ་གཙོ་བོ་ཐག་སྦྲེལ་སྒྲོམ་གྲུ་བཞིབཞི་ནང་སྟར་མིང་འདི་ནང་འཇུག་བྱེད།

གཤམ་གྱི་དཔེ་གཞི་ཁག་ལ་གཟིགས།

རེའུ་བྱང་གཞིར་བྱས་པའི་རེའུ་མིག་ དཔེར་ན་མཁོ་མཁན་གཞི་གྲངས་མཛོད་གཅིག་ ("Customer")མིང་ནི་ "Cust_ID" ཡི་གཞི་གྲངས་ཡིག་དུམ་ནང་མཁོ་མཁན་རེརེ་ཨང་སྒྲིག་གཅིག་འབའ་ཞིག་སྤྲོད། གཞི་གྲངས་མཛོད་རེའུ་བྱང་གཞན་ཞིག་ནང་མཁོ་མཁན་གྱི་མངགས་ཉོའི་ཐོ་དོ་དམ་བྱེད། ད་ལྟ་ཁྱེད་ཀྱིས་རེའུ་བྱང་ནང་མཁོ་མཁན་གྱི་མངགས་ཉོའི་ཐོ་ལྟ་འདོད་ན་ ཁྱེད་ཀྱིས་ཡན་ལག་རེའུ་བྱང་ཞིག་གསར་འཛུགས་གྱིས། ཐག་སྦྲེལ་ཡིག་དུམ་གཙོ་བོའི་ནང་གི་མཁོ་མཁན་གཞི་གྲངས་མཛོད་ནང་ཁ་གསལ་པོས་མཁོ་མཁན་གྱི་གཞི་གྲངས་ཡིག་དུམ་ཤན་འབྱེད་ནང་འཇུག་བྱེད་དེ་ "Cust_ID"ཡིན། ཐག་སྦྲེལ་ཡིག་དུམ་ནང་དང་ལེན་ཡིག་དུམ་ Cust_ID གཞི་གྲངས་ཀྱི་འགྱུར་ཚད་མིང་ནང་འཇུག་གྱིས། དཔེར་ན་ "x"ལྟ་བུ།

ཡན་ལག་ཚལ་ཐོས་མངགས་ཉོའི་རེའུ་མིག་ ("Orders") ནང་གི་མཁོ་མཁན་ཚང་མའི་ ID ལྟོས་ཟླའི་གཞི་གྲངས་མངོན་ (Customer_ID -> x)སྔོན་འགྲོ་ནི་མངགས་ཉོའི་རེའུ་མིག་ནང་གི་མ་ལག་རེ་རེས་མཁོ་མཁན་རེ་ལ་ལྟོས་ཟླ་བྱེད། གཞན་ཡང་མིང་ལ་ Customer_ID ཡི་ཡིག་དུམ་གཞན་ཞིག་སྤྱད་ཀྱང་ཆོག འོན་ཀྱང་རེའུ་བྱང་གཙོ་བའི་ནང་གི་ Customer_ID ཡིག་དུམ་དང་མ་འདྲེས་པའི་སླད་དུ་ དེ་ལ་ Customer_Numberཞེས་མིང་བསྐྱར་འདོགས་བྱས་ཆོག

ད་ལྟ་"Orders"རེའུ་མིག་ནང་གི་ Customer_Number དང་"Customers"རེའུ་མིག་ནང་གི་ Customer_IDགཤིབ་བསྡུར་བྱ། གཤིབ་བསྡུར་བྱེད་དུས་ x འགྱུར་ཚད་གཤམ་གྱི་ SQL བརྗོད་པ་སྤྱོད་དགོས།

SELECT * FROM མངགས་ཐོ་ WHERE Customer_Number =: x(གལ་ཏེ་ཡན་ལག་རེའུ་བྱང་འདིས་མངགས་ཉོའི་རེའུ་མིག་ནང་གི་གཞི་གྲངས་ཡོད་ཚད་མངོན་ནོ་)

ཡང་ན།

SELECT རྣམ་གྲངས་ FROM མངགས་ཐོ་ WHERE Customer_Number =: x(གལ་ཏེ་མངགས་ཉོ་བྱ་རྒྱུའི་རེའུ་མིག་ནང་གི་རེའུ་བྱང་གིས་"རྣམ་གྲངས།"ཡིག་དུམ་གྱི་གཞི་གྲངས་ཁོ་ན་མངོན་)

ཁྱེད་ཀྱིས་གཞི་གྲངས་ཁུངས་ཡིག་དུམ་ནང་ SQL བཀའ་བརྡ་ནང་འཇུག་བྱེད་པའམ་ཡན་ལག་རེའུ་བྱང་གསར་འཛུགས་བྱ་རྒྱུར་སྤྱོད་པའི་ལྟོས་བཅས་ཀྱི་ཞུགས་གྲངས་བརྩད་འདྲི་གསར་འཛུགས་བྱེད།

ཡིག་དུམ་ནས་ཐག་སྦྲེལ།

གལ་ཏེ་ཡན་ལག་རེའུ་བྱང་འཛུགས་ན་རེའུ་བྱང་ཕའི་ཡིག་དུམ་ནང་གྲངས་ཐང་དུ་ཉར་ཚགས་ལ་སྤྱོད་པའི་གྲངས་ཐང་ཡིན་སྲིད་པའི་འགྱུར་ཚད་ནང་འཇུག་གྱིས། གལ་ཏེ་ཡན་ལག་རེའུ་བྱང་བརྩད་འདྲི་གཞིར་བྱས་ན་བརྩད་འདྲིའི་ནང་མཚན་འཇོག་བྱ་རྒྱུའི་འགྱུར་ཚད་ནང་འཇུག་གྱིས། གལ་ཏེ་གཞི་གྲངས་ཁུངས་སྤྱད་ན་ཡིག་དུམ་ནང་འཇུག་བྱས་པའི་ SQL བརྗོད་པ་སྤྱད་དེ་རེའུ་བྱང་གསར་འཛུགས་བྱས་ན་ཁྱེད་ཀྱིས་བརྗོད་པའི་ནང་སྤྱོད་པའི་འགྱུར་ཚད་ནང་འཇུག་གྱིས། འགྱུར་ཚད་ཀྱི་མིང་གང་རུང་སྤྱད་ཆོག གལ་ཏེ་གྲང་ཐང་མང་པོ་ནང་འཇུག་བྱེད་ན་ Shift+Enter མཐེབ་གནོན་དགོས།

གལ་ཏེ་ དཔེར་ན་མཐེབ་ཡིག་དུམ་གཙོ་བོ་མཐུད་ནས་ནང་ Customer_ID གཞི་གྲངས་མཛོད་ཡིག་དུམ་ནི་ཡིག་དུམ་ཕ་ལ་གཏན་འཁེལ་བྱེད་ ཐག་སྦྲེལ་ནི་ཡིག་དུམ་ནང་ཉར་ཚགས་ Customer_ID གཞི་གྲངས་མཛོད་ཀྱི་ཡིག་དུམ་ཐང་གི་འགྱུར་ཚད་མིང་ལ་མཚན་འཇོག་བྱེད་ གཞི་གྲངས་མཛོད་ཡིག་དུམ་"མཁོ་མཁན་ཨང་སྒྲིག"གི་ཐང་ནི་འགྱུར་ཚད་འདིའི་ནང་ཀློག་ལེན་བྱེད། གལ་ཏེ་འགྱུར་ཚད་འདི་སྤྱད་ནས་གཞི་གྲངས་ཁུངས་སྒྲོམ་ནང་བརྗོད་པ་ SQL ཞིག་གཏན་འཁེལ་བྱེད་ན་རེའུ་བྱང་ནང་འབྲེལ་ཡོད་ཐང་མངོན་ནོ།

རིམ་སྒྲིག

རེའུ་བྱང་གཞི་གྲངས་ཀྱི་རིམ་སྒྲིག་ཆ་རྐྱེན་གཏན་འཁེལ་བྱེད། རིམ་སྒྲིག་ཆ་རྐྱེན་ཚད་ལྡན་གྱིས་ SQL སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པ་ལས་ ORDER BY ཡན་ལག་བརྗོད་པ་མི་སྤྱོད། དཔེར་ན་ གལ་ཏེ་གཞི་གྲངས་མཛོད་ཀྱི་ཟིན་འགོད་ཡོད་ཚད་ཡིག་དུམ་ཞིག་རིམ་འཕར་རིམ་སྒྲིག་བྱེད་འདོད་པ་དང་གཞན་པའི་ཡིག་དུམ་ནང་རིམ་ཆག་རིམ་སྒྲིག་བྱེད་འདོད་ན་ Forename ASC, Name DESCནང་འཇུག་གྱིས་(གལ་ཏེ་ Forename དང་ Name གཞི་གྲངས་ཡིག་དུམ་གྱི་མིང་ཡིན་ན་)

སྤྱོད་པོའི་མ་ཚུལ་ནང་རེའུ་བྱང་ཚང་།རེའུ་བྱང་ཚང་སྟེང་གི་ལྟོས་བཅས་ཀྱི་རིས་རྟགས་ནས་རིམ་སྒྲིག་བྱེད་ རིམ་འཕར་རིམ་སྒྲིག རིམ་ཆག་རིམ་སྒྲིགརིམ་སྒྲིག

སུབ་ཆོག་པ།

གཞི་གྲངས་སུབ་ཆོག་མིན་གཏན་འཁེལ་བྱེད།

གང་ནི་ཡན་ལག་རེའུ་མིག་རེད་དམ།

གཞི་གྲངས་མཛོད་རེའུ་མིག་གཅིག་གཞིར་བྱེད་པའམ་གཞི་གྲངས་མཛོད་བརྩད་འདྲི་ཞིག་གི་རེའུ་བྱང་གསར་འཛུགས་བྱེད། རེའུ་བྱང་གིས་མཐོང་སྣང་ལ་སྣང་བ་སྤྲོ་བའི་ཐབས་ཚུལ་གྱིས་གཞི་གྲངས་མངོན་པ་དང་ ད་དུང་གཞི་གྲངས་ནང་འཇུག་གམ་རྩོམ་སྒྲིག་བྱེད།

གལ་ཏེ་རེའུ་བྱང་གིས་རེའུ་མིག་ཞིག་གམ་བརྩད་འདྲིའི་ནང་གི་གཞི་གྲངས་འདྲེན་སྤྱོད་བྱེད་ཐུབ་པར་རེ་བ་བྱེད་པ་མ་ཟད་རེའུ་མིག་གཞན་པའི་ནང་གི་གཞི་གྲངས་མངོན་ན་ཡན་ལག་རེའུ་བྱང་གསར་འཛུགས་བྱེད་འོས། དཔེར་ན་ ཡན་ལག་རེའུ་བྱང་གཞན་པའི་གཞི་གྲངས་མཛོད་རེའུ་བྱང་ནང་གི་གཞི་གྲངས་ཀྱི་ཡི་གེའི་སྒྲོམ་མངོན་པར་སྤྱོད་དོ།

ཡན་ལག་རེའུ་བྱང་ནི་རེའུ་བྱང་གཙོ་བོའི་ཟུར་སྣོན་ཚོ་ཆས་ཤིག་རེད། གཙོ་བོའི་རེའུ་བྱང་ལ་"རེའུ་བྱང་ཕ།"ཡང་ན་"རེའུ་བྱང་གཙོ་བོ།"ཟེར། རེའུ་བྱང་ཞིག་ནས་རེའུ་མིག་མང་པོར་འཚམས་འདྲི་བྱེད་དུས་ཡན་ལག་རེའུ་བྱང་སྤྱོད། གཞན་པའི་རེའུ་མིག་ཚང་མར་སོ་སོའི་ཡན་ལག་རེའུ་བྱང་དགོས།

རེའུ་བྱང་གསར་འཛུགས་བྱས་རྗེས་རེའུ་བྱང་འདི་ཡན་ལག་རེའུ་བྱང་ལ་འགྱུར་དགོས། འདི་མངོན་འགྱུར་བྱེད་དགོས་ན་"ཇུས་འགོད་མ་ཚུལ།"ནང་འཇུག་བྱེད་པ་མ་ཟད་"རེའུ་བྱང་ལས་རོགས།"ཁ་ཕྱེ་དགོས། "རེའུ་བྱང་ལས་རོགས།"ནང་རེའུ་བྱང་ཞིག་(ཡན་ལག་རེའུ་བྱང་ལ་འགྱུར་བ་)གཞན་པའི་རེའུ་བྱང་(རེའུ་བྱང་གཙོ་བོར་འགྱུར་)སྟེང་འདྲུད་འཇོག་བྱེད།

ཡིག་ཚགས་ཀྱི་སྤྱོད་པོས་ཡན་ལག་རེའུ་བྱང་ལྡན་པའི་རེའུ་བྱང་མཐོང་ཐབས་བྲལ། སྤྱོད་པོས་ནང་འཇུག་ཟིན་པའི་གཞི་གྲངས་ཀྱི་ཡིག་ཚགས་ཁོ་ན་མཐོང་བའམ་སྔར་ཡོད་གཞི་གྲངས་ཀྱི་ཡིག་ཚགས་མངོན་ནོ།

རེའུ་བྱང་གཙོ་བོའི་ནང་གཞི་གྲངས་ཡིག་དུམ་གྱི་"ཐག་སྦྲེལ།"ཡིག་དུམ་གཙོ་བོ་གཏན་འཁེལ་བྱེད། ཡན་ལག་རེའུ་བྱང་ནང་"ཐག་སྦྲེལ།"ནི་ཡིག་དུམ་ནས་"ཐག་སྦྲེལ།"ཡིག་དུམ་གཙོ་བོའི་ནང་དོན་དང་ཟླ་སྒྲིག་པའི་ཡིག་དུམ་དང་བཀོད་སྒྲིག་བྱེད།

སྤྱོད་པོས་གཞི་གྲངས་ལ་མིག་བཤར་བྱེད་དུས་རེའུ་བྱང་གིས་ཐོག་མཐའ་བར་གསུམ་དུ་མིག་སྔའི་གཞི་གྲངས་ཟིན་འགོད་བྱེད། གལ་ཏེ་ཡན་ལག་ཚལ་ཐོར་མཚན་འཇོག་བྱས་ན་ཡན་ལག་ཚལ་ཐོའི་ནང་དོན་ནི་ཡུན་ཐུང་དུས་འགྱངས་ཧའོ་སྐར་ཆ་ 200 བྱས་རྗེས་མངོན་ནོ། དུས་འགྱངས་འདིས་ཁྱེད་ལ་མགྱོགས་མྱུར་ངང་རེའུ་བྱང་གཙོ་བོའི་གཞི་གྲངས་ཟིན་ཐོ་མིག་བཤར་བྱེད། གལ་ཏེ་ནར་འགྱངས་དུས་ཚོད་ནང་གཤམ་གྱི་གཞི་གྲངས་གཙོ་བོའི་ཟིན་ཐོར་མིག་བཤར་བྱེད་ན་ ཡན་ལག་ཚལ་ཐོའི་གཞི་གྲངས་མཛོད་བྱང་འཚོལ་དང་མངོན་པར་བྱེད་མི་དགོས།