སྤྱིར་བཏང་།

བཀའ་ཚིག་ལ་བཅར་འདྲི་...

བདམས་པའི་རེའུ་མིག་གཞི་རྒྱུའི་ནང་གཡས་མཐེབ་ཚལ་ཐོ་ཁ་ཕྱེ་རྒྱུ་ - རེའུ་མིག་ - རྒྱུན་སྲོལ་འདེམས་གཞི་ཁཱ་འདེམས་དགོས།

"གཞི་གྲངས་མཛོད་ཚོད་ཆས་"ཡོ་ཆས་ཚང་ཁ་ཕྱེ་བའམ་"གཞི་གྲངས་མཛོད་རེའུ་མིག་ཇུས་འགོད་"ཡོ་ཆས་ཚང་ཁ་ཕྱེ་དགོས་ རེའུ་མིག་རིས་རྟགས་ - རྒྱུན་སྲོལ་འདེམས་གཞི་ཁཱ་ལ་རྐྱང་རྡེབ་བྱ།


རེའུ་མིག་ནི་རེའུ་མིག་ཚོད་ཆས་སྣ་ཚོགས་ལྡན་པའི་ཡི་གེ་ལས་སྣོན་ཡིག་ཚགས་སམ་ལས་དེབ་ཡིན། གལ་ཏེ་དྲ་ཤོག་རེའུ་མིག་གཅིག་གསར་འཛུགས་བྱེད་ན་སྤྱོད་པོས་ Internet བརྒྱུད་སྐྱེལ་གྱི་གཞི་གྲངས་བརྒྱུད་ནང་འཇུག་བྱས་ཆོག རེའུ་མིག་ནང་ཚོད་འཛིན་ཁག་ལ་ལྡན་པའི་གཞི་གྲངས་གཏན་འཁེལ་གྱི་ URL བརྒྱུད་ནས་ཞབས་ཞུ་ཆས་ལ་བརྒྱུད་སྐྱེལ་བྱེད་པ་མ་ཟད་ཞབས་ཞུ་ཆས་ཀྱིས་དེ་དག་ལ་ལས་སྣོན་བྱེད།

མིང་།

རེའུ་མིག་གི་མིང་གཏན་འཁེལ་བྱེད། མིང་འདི་རེའུ་བྱང་ལས་རོགས།ནང་རེའུ་མིག་འདི་བྲིས་རྟགས་བྱེད་པར་སྤྱོད།

URL

URLགཏན་འཁེལ་བྱེད་ རེའུ་མིག་ནང་གི་གཞི་གྲངས་ལེགས་གྲུབ་ཟིན་པ་རྣམས་ URLའདིའི་ནང་བརྒྱུད་སྐྱེལ་བྱེད།

སྒྲོམ་གཞི།

དམིགས་འབེན་སྒྲོམ་ཞིག་ལ་མཚན་འཇོག་གིས་ཁུར་སྣོན་གྱི་ URLམངོན་པར་སྤྱོད།

གལ་སྲིད་ཡིག་དུམ་འདི་རྐྱང་རྡེབ་བྱས་ན་ རེའུ་འགོད་ནང་འདེམས་གཞི་ཞིག་འདེམས་ གཤམ་གི་ཡིག་ཚགས་བླུགས་པའི་སྒྲོམ་གཞི་གཏན་འཁེལ་བྱེད། གཤམ་དུ་ཁ་ཤས་ཡང་སྲིད།

གཤར་བྱང་།

གོ་དོན།

_blank

སྒྲོམ་གཞི་སྟོང་པ་གསར་པ་ཞིག་གིས་ནང་གཤམ་གྱི་ཡིག་ཚགས་ཞིག་གསར་བཟོ་བྱེད།

_parent

གཤམ་གྱི་ཡིག་ཚགས་ཕ་སྒྲོམ་ནང་གསར་བཟོ་བྱེད། གལ་སྲིད་ཕ་སྒྲོམ་མེད་ན་ ཡིག་ཚགས་ནི་སྒྲོམ་རང་ནང་གསར་བཟོ་བྱེད།

_self

གཤམ་གྱི་ཡིག་ཚགས་ནི་སྒྲོམ་གཞི་འདྲ་བའི་ནང་གསར་བཟོ་བྱེད།

_top

གཤམ་གྱི་ཡིག་ཚགས་ནི་ཆེས་མཐོ་ཤོས་ཀྱི་སྒེའུ་ཁུང་ནང་གསར་བཟོ་བྱེད་ དེ་ནི་རིམ་པའི་གྲུབ་ཆའི་སྒྲོམ་གཞི་མཐོ་ཤོས་དེ་ཡིན། གལ་སྲིད་མིག་སྔའི་སྒྲོམ་གཞི་ནི་རིམ་པ་མཐོ་ཤིས་ཀྱི་སྒེའུ་ཁུང་ནང་གནས་ཡོད་ན་ མིག་སྔའི་སྒྲོམ་གཞི་ནང་ཡིག་ཚགས་གསར་བཟོ་བྱེད།


གོང་འབུལ་གྱི་རིགས།

གཏན་འཁེལ་ནི་བརྒྱུད་སྐྱེལ་ལེགས་གྲུབ་བྱུང་བའི་རེའུ་བྱང་ཆ་འཕྲིན་གྱི་ཐབས་ཤེས་ལ་སྤྱོད།

"Get" ཐབས་ཤེས་སྤྱོད་དུས་ཚོད་འཛིན་བྱས་པའི་གཞི་གྲངས་ཁག་འཁོར་ཡུག་འགྱུར་ཚད་ལ་བརྩིས་ནས་བརྒྱུད་སྐྱེལ་བྱེད། གཞི་གྲངས་འདི་དག་ "?Control1=Content1&Control2=Content2&..." ཡི་རྣམ་གཞག་ URLལ་ཟུར་སྣོན་བྱེད་པ་མ་ཟད་ཡི་གེ་བསྐུར་ཡུལ་གྱི་ཞབས་ཞུའི་ཆས་སྟེང་གི་བྱ་རིམ་གྱིས་ཡིག་རྟགས་ཕྲེང་ལ་དབྱི་ཞིབ་བྱེད།

"Post" ཐབས་ཤེས་སྤྱོད་དུས་སྤྱད་པ་དེ་ URL གཏན་འཁེལ་གྱི་རེའུ་མིག་ནང་དོན་སྤྱད་ནས་གསར་འཛུགས་བྱས་པའི་ཡིག་ཚགས་ཤིག་གི་ནང་བསྐྱུར་དགོས།

གོང་འབུལ་བྱེད་དུས་ཨང་སྒྲིག་ལས་སྣོན་ལག་བསྟར་བྱེད་པ།

གཞི་གྲངས་བརྒྱུད་སྐྱེལ་གྱི་ཨང་སྒྲིག་རིགས་གཏན་འཁེལ་བྱེད།

ཚོད་འཛིན་ཡིག་དུམ་ཆ་འཕྲིན་གྱི་གཞི་གྲངས་སྐྱེལ་བ།

རེའུ་མིག་བསྐུར་དུས་ LibreOffice ནང་གི་བེད་སྤྱོད་ལ་མཁོ་འདོན་བྱས་པའི་ཚོད་འཛིན་ཡིག་དུམ་ལ་གཞིགས་དགོས། ཚོད་འཛིན་ཡིག་དུམ་གྱི་མིང་རྟག་ཏུ་བརྒྱུད་སྤྲོད་བྱེད་ གལ་ཏེ་ཞོར་གཏོགས་ཐང་ཡོད་ན་ཡང་བརྒྱུད་སྤྱོད་བྱེད།

གྲངས་ཐང་གང་དག་བརྒྱུད་སྐྱེལ་བྱེད་པ་རྐྱང་པའི་ཆས་ཀྱིས་ཐག་གཅོད། ཡིག་དེབ་སྒྲོམ་ནང་མཐོང་ཐུབ་པའི་གཤར་བྱང་བརྒྱུད་སྐྱེལ་བྱེད་ རེའུ་འགོད་སྒྲོམ་ནང་བདམས་པའི་གཤར་བྱང་བརྒྱུད་སྐྱེལ་བྱེད་ གབ་ཨང་ཡིག་དུམ་དང་འདེམས་གཞི་ཡིག་དུམ་ནང་གི་དེ་དག་གི་འདྲེན་སྤྱོད་ཐང་རེད་ ཆ་རྐྱེན་ནི་ཡིག་དུམ་འདི་དག་གསོན་སློང་བྱེད།

ཆ་འཕྲིན་འདི་དག་གང་འདྲ་བྱས་ནས་སྐྱེལ་མིན་ནི་རྒྱུ་སྐྱེལ་གྱི་ཚབས་ཚུལ་(Get ཡང་ན་ Post)གང་ཞིག་བདམས་མིན་དང་ཨང་སྒྲིག་(URL ཡང་ན་ Multipart)གང་ཞིག་བདམས་མིན་གྱིས་ཐག་གཅོད་བྱེད། གལ་ཏེ་ Get ཐབས་ཚུལ་དང་ URL ཨང་སྒྲིག་བདམས་ན་གྲངས་ཐང་གིས་ <མིང་>=<གྲངས་ཐང་> གི་རྣམ་པས་བསྐུར་རོ།

HTML ནང་གི་ཚོད་ཆས་ཕུད་ LibreOffice ད་དུང་ཁྱེད་ལ་གཞན་པའི་ཚོད་ཆས་མཁོ་འདོན་བྱེད། འདིར་ཡིད་གཟབ་དགོས་རྒྱུར་དམིགས་འཛུགས་གྲངས་ཀ་ལྡན་པའི་རྣམ་གཞག་གི་ཡིག་དུམ་གྱིས་མཐོང་རུང་གྲངས་ཐང་བརྒྱུད་སྐྱེལ་མི་བྱེད་ མཚན་འཇོག་བྱས་པའི་ཚད་གཞིའི་རྣམ་གཞག་བརྒྱུད་སྐྱེལ་བྱེད། གཤམ་གྱི་རེའུ་མིག་གིས་ LibreOffice ཆེད་སྤྱོད་ཚོད་ཆས་མངོན་པར་བྱེད།

ཚོད་ཆས།

ཐང་ལ།

གྲངས་ཀ་ཡིག་དུམ་ དངུལ་ལོར་ཡིག་དུམ།

བཅུ་གོང་འདྲིལ་ལུགས་ཀྱི་བར་གཅོད་རྟགས་ཚེག་སྤྱད་ནས་མཚོན་པ།

ཚེས་གྲངས་ཡིག་དུམ།

ཚེས་གྲངས་རྣམ་གཞག་ནི་རྒྱས་བཅད་རྣམ་གཞག་(ཟླ་-ཚེས་-ལོ་)གཞིར་བཟུང་བསྐུར་རོ་ ས་འདིའི་སྤྱོད་པོ་ཡི་བཀོད་སྒྲིག་དང་འབྲེལ་བ་མེད་དོ།

དུས་ཚོད་ཡིག་དུམ།

དུས་ཚོད་རྣམ་གཞག་ནི་རྒྱས་བཅད་རྣམ་གཞག་(ཆུ་ཚོད་:སྐར་མ་:སྐར་ཆ་)གིས་བརྒྱུད་སྐྱེལ་བྱེད་ དེ་དང་སྤྱོད་པོའི་རང་ས་བཀོད་སྒྲིག་འབྲེལ་བ་མེད།

གབ་ཨང་ཡིག་དུམ།

གབ་ཨང་ཡིག་དུམ་གྲངས་ཐང་གི་བསྐུར་བའི་ཐབས་ཚུལ་དང་ཡིག་དེབ་སྒྲོམ་དང་མཚུངས་སྟེ་བསྐུར་བའི་རེའུ་མིག་ནང་གི་མཐོང་རུང་གྲངས་ཐང་ཡིན།

རེའུ་མིག་ཚོད་ཆས།

རེའུ་མིག་ཚོད་ཆས་