ལས་བྱ།

ལས་བྱ་འདེམས་གཞིའི་ཁྭ་ཤོག་ངོས་སྟེང་རེའུ་བྱང་ཚོད་ཆས་ཡིག་དུམ་ནང་ཐོན་པའི་ལས་བྱས་ལྟོས་བཅས་ཀྱི་ཧུང་གཏན་འཁེལ་བྱེད།

When the event occurs, the linked macro will be called. To assign a macro to an event, press the ... button. The Assign Action dialog opens.

བཀའ་ཚིག་ལ་བཅར་འདྲི་...

བདམས་པའི་རེའུ་མིག་གཞི་རྒྱུའི་གཡས་མཐེབ་ཚལ་ཐོ་ཁ་ཕྱེ་ - ཚོད་ཆས་ - ལས་བྱ་འདེམས་གཞི་ཁཱ་འདེམས་དགོས།

"གཞི་གྲངས་མཛོད་ཚོད་ཆས་"ཡོ་ཆས་ཚང་ངམ་"གཞི་གྲངས་མཛོད་རེའུ་མིག་ཇུས་འགོད་"ཡོ་ཆས་ཚང་ཁ་ཕྱེ་ ཚོད་ཆས་རིས་རྟགས་ - ལས་བྱ་འདེམས་གཞི་ཁཱ་ལ་རྐྱང་རྡེབ་བྱ།


ཚོད་ཆས་མི་འདྲ་བ་ལ་ཐོན་པའི་ལས་བྱ་ཡང་མི་འདྲ། ལས་བྱ་འདེམས་གཞི་ཁྭ་ཤོག་ངོས་སྟེང་བདམས་པའི་ཚོད་ཆས་ཙམ་དང་སྟེང་འོག་ཡི་གེ་ལ་ལྟོས་ནས་ཧ་ལམ་ཐོན་སྲིད་པའི་ལས་བྱ་ཁོ་ན་སྒྲིག གཤམ་གྱི་ལས་བྱ་མཚན་འཇོག་བྱེད་དོ།

Approve action

ཚོད་ཆས་ལ་རྐྱང་རྡེབ་བྱས་པ་བརྒྱུད་ནས་བཀོལ་སྤྱོད་གང་རུང་བྱུང་བའི་སྔོན་ལ་ལས་བྱ་འདི་ཐོན་ནོ། དཔེར་ན་ "གོང་འབུལ།"གནོན་མཐེབ་ལ་རྐྱང་རྡེབ་བྱས་ནས་བསྐུར་བའི་བཀོལ་སྤྱོད་གཅིག་འགུལ་སློང་བྱེད་ ཐོག་མ་ཅན་ཁོ་ན་བྱེད་དུས་ལས་བྱ་ཐོན་སྐབས་"བསྐུར་བའི།"འཕེལ་རིམ་དངོས་སྒུལ་སློང་བྱེད་དོ། འགོ་མ་བཙུགས་སྔོན་ལས་བྱས་བརྒྱུད་རིམ་འདི་མཚམས་འཇོག་བྱེད། གལ་ཏེ་ཐག་སྦྲེལ་གྱི་ཐབས་ཤེས་ཀྱིས་ FALSEཕྱིར་ལོག་བྱས་ན་ཐོག་མ་ཅན་གྱི་དུས་ལས་བྱ་ལག་བསྟར་མི་བྱེད།

Execute action

བཀོལ་སྤྱོད་གང་རུང་ཞིག་འགུལ་སློང་བྱེད་དུས་ཐོག་མ་ཅན་གྱི་དུས་ལས་བྱ་ཐོན། དཔེར་ན་ གལ་སྲིད་རེའུ་འགོད་ནང་"གོང་འབུལ།"གནོན་མཐེབ་ལྡན་དུས་འཕེལ་རིམ་བསྐུར་བ་དེ་ནི་ཐོག་མ་ཅན་གྱི་བཀོལ་སྤྱོད་མཚོན།

བཟོ་བཅོས་བྱས་ཟིན།

ཚོད་ཆས་མདོ་གནས་ཤོར་བ་མ་ཟད་ཚོད་ཆས་ཀྱི་ནང་དོན་ནི་མདོ་གནས་ཤོར་བ་ལས་བཟོ་བཅོས་བྱེད་དུས་ བཟོ་བཅོས་བྱས་ཟིན་པའི་ལས་བྱ་ཐོན།

ཡི་གེ་བཟོ་བཅོས་བྱས།

ཡིག་དུམ་ནང་འཇུག་གམ་ཡི་གེ་བཟོ་བཅོས་ནང་འཇུག་སྐབས་ ཡི་གེ་བཟོ་བཅོས་བྱས་ཟིན་ལས་བྱ་ཐོན་ནོ།

རྣམ་གྲངས་གནས་སྟངས་བཟོ་བཅོས་བྱས་ཟིན།

The Item status changed event takes place if the status of the control field has changed.

བསྡིགས་ཁུང་སྤྲོད་དུས།

ཚོད་ཆས་ཡིག་དུམ་ལ་མདོ་ཚེག་ཐོབ་དུས་བསྡིགས་པའི་སྐབས་ལས་བྱ་ཐོན་ནོ།

དམིགས་འབེན་ལས་ཡོ་དུས།

ཚོད་ཆས་ཡིག་དུམ་མདོ་ཚེག་ཤོར་དུས་དམིགས་འབེན་ལས་ཡོ་འཁྱོག་བྱེད་དུས་ལས་བྱ་ཐོན་ནོ།

མཐེབ་གནན་པ།

གལ་སྲིད་ཚོད་ཆས་ལ་མདོ་གནས་ལྡན་དུས་མཐེབ་གང་རུང་ཞིག་མནན་ན་མཐེབ་གནན་པའི་ལས་བྱ་ཐོན། ལས་བྱ་འདི་ནི་གཤར་བྱང་བརྟག་དཔྱད་ལ་སྤྱོད་པའི་ཧུང་ལ་ཐག་སྦྲེལ་བྱེད།

མཐེབ་གློད་ཟིན།

གལ་སྲིད་ཚོད་ཆས་ལ་མདོ་ཚེག་ལྡན་དུས་མཐེབ་གང་རུང་གློད་ན་གནོན་མཐེབ་གློད་པའི་ལས་བྱ་ཐོན་ནོ།

ཙིག་རྟགས་ནང་དུ་ཡོད་པ།

ཙིག་རྟགས་ཚོད་ཆས་ཡིག་དུམ་ནང་གནས་དུས་ཙིག་རྟགས་ནང་ཁུལ་དུ་སྡོད་པའི་ལས་བྱ་ཐོན།

གནོན་མཐེབ་གནོན་འཛིན་དང་དུས་མཚུངས་ཙིག་རྟགས་སྤོ་འགུལ་བྱེད།

མཐེབ་གང་རུང་གནོན་འཛིན་བྱས་པ་མ་ཟད་དུས་མཚུངས་ཙིག་རྟགས་འའདྲུད་སྒུལ་བྱེད་དུས་གནོན་མཐེབ་གནོན་འཛིན་དང་དུས་མཚུངས་ཙིག་རྟགས་སྤོ་འགུལ་ལས་བྱ་ཐོན། དཔེར་ན་ འདྲུད་འཇོག་སྐབས་ཟུར་སྣོན་མཐེབ་ཅིག་བརྒྱུད་ནས་འདྲུད་འཇོག་མ་ཚུལ་གཏན་འཁེལ་བྱེད་(འདྲ་ཕབ་བམ་སྤོ་འགུལ་)

ཙིག་རྟགས་སྤོ་འགུལ།

ཙིག་རྟགས་ཚོད་ཆས་ལས་བརྒལ་དུས་ ཙིག་རྟགས་སྤོ་འགུལ་ལས་བྱ་ཐོན།

ཙིག་རྟགས་མཐེབ་གནན་པ།

ཙིག་རྟགས་སྟོན་མདའ་ཚོད་ཆས་སྟེང་གནས་པ་མ་ཟད་ཙིག་རྟགས་མཐེབ་གནོན་དུས་ཙིག་རྟགས་མཐེབ་གནན་པའི་ལས་བྱ་ཐོན།

ཟུར་མཆན་རིས་རྟགས་

Note that this event is also used for notifying requests for a popup context menu on the control.


ཙིག་རྟགས་མཐེབ་གློད་པ།

ཙིག་རྟགས་སྟོན་མདའི་སྟེང་གནས་པ་མ་ཟད་ཙིག་རྟགས་མཐེབ་གློད་དུས་ ཙིག་རྟགས་མཐེབ་གློད་པ་ལས་བྱ་ཐོན་ནོ།

ཙིག་རྟགས་ཕྱི་རུ་ཡོད་པ།

ཙིག་རྟགས་ཀྱི་ཚོད་ཆས་ཡིག་དུམ་གྱི་ཕྱི་རུ་གནས་དུས་ཙིག་རྟགས་ཕྱི་རུ་གནས་པའི་ལས་བྱ་ཐོན།

གསར་བརྗེའི་སྔོན།

The Before update event occurs before the control content changed by the user is written into the data source. The linked macro can, for example, prevent this action by returning "FALSE".

གསར་བཅོས་བྱས་རྗེས།

སྤྱོད་པོས་བཟོ་བཅོས་བྱས་པའི་ཚོད་ཆས་ཀྱི་ནང་དོན་གཞི་གྲངས་ཁུངས་ནང་འབྲི་འཇུག་བྱས་རྗེས་ "གསར་བཅོས་བྱས་རྗེས།"ལས་བྱ་ཐོན་ནོ།

བསྐྱར་བཀོད་སྔོན་དུ།

རེའུ་བྱང་བསྐྱར་དུ་བཀོད་སྒྲིག་བྱེད་པའི་སྔོན་དུ་བསྐྱར་དུ་བཀོད་སྒྲིག་བྱེད་པའི་སྔོན་ལས་བྱ་ཐོན། ཐག་སྦྲེལ་གྱི་རུང་གིས་ "FALSE" ཕྱིར་ལོག་བྱས་པ་བརྒྱུད་བཀོལ་སྤྱོད་འདི་ལ་བཀག་འགོག་བྱེད།

གལ་ཏེ་གཤམ་གྱི་ཆ་རྐྱེན་ཞིག་ཐོན་ན་ རེའུ་མིག་བསྐྱར་དུ་བཀོད་སྒྲིག་བྱེད།

  1. སྤྱོད་པོས་མཚན་འཇོག་བྱེད་པའི་བསྐྱར་གནས་མཐེབ་གནོན་གྱི་ (HTML) གནོན་མཐེབ་ངོས་བཟུང་བྱེད།

  2. གཞི་གྲངས་ཁུངས་ལ་ཐག་སྦྲེལ་བྱས་པའི་རེའུ་མིག་ནང་གསར་པའི་ཟིན་བྲིས་སྟོང་པ་ཞིག་གསར་འཛགས་བྱེད་དགོས། དཔེར་ན་ མཐའ་མཇུག་གི་ཟིན་འགོད་ནང་གཤམ་གྱི་ཟིན་བྲིས་གནོན་མཐེབ་གནོན་དགོས།

བསྐྱར་དུ་བཀོད་སྒྲིག་བྱས་རྗེས།

རེའུ་བྱང་བསྐྱར་དུ་བཀོད་སྒྲིག་བྱེད་རྗེས་ བསྐྱར་དུ་བཀོད་སྒྲིག་བྱས་རྗེས་ལས་བྱ་ཐོན་ནོ།