རྣམ་གཞག་ཅན་གྱི་ཡིག་དུམ་གྱི་དམིགས་གསལ་གཏོགས་གཤིས་བྱེད།

རྣམ་གཞག་ཅན།གཏོགས་གཤིས་ རྣམ་གཞག་ཅན་གྱི་ཡིག་དུམ་གླིང་སྒྲོམ་ནང་རྣམ་གཞག་ཅན་གྱི་ཕྲེང་ནང་གི་ ... གནོན་མཐེབ་རྐྱང་རྡེབ་བྱེད་ རྣམ་གཞག་ཅན་གཏོགས་གཤིས་བཀོད་སྒྲིག་བྱེད།གྲངས་ཀའི་རྣམ་གཞག་གླེང་སྒྲོམ་མངོན།

གལ་སྲིད་རྣམ་གཞག་ཅན་གྱི་ཡིག་དུམ་དང་གཞི་གྲངས་མཛོད་ཡི་གེ་ཡིག་དུམ་ཕན་ཚུན་འབྲེལ་ན་ ཡིག་དུམ་འདི་ནང་གི་གཤར་བྱང་ནི་ཡི་གེ་ལས་སྣོན་ལ་བརྩིས། གལ་སྲིད་རྣམ་གཞག་ཅན་གྱི་ཡིག་དུམ་དང་གཞི་གྲངས་མཛོད་ནང་གྲངས་ཀའི་ཡིག་དུམ་ཕན་ཚུན་འབྲེལ་ལ་མངོན་ ཡིག་དུམ་འདི་ནང་འཇུག་པའི་ནང་དོན་ནི་གྲངས་ཀའི་ལས་སྣོན་ལ་བརྩིས། ཚེས་གྲངས་དང་དུས་ཚོད་དེ་ནང་ཁུལ་དུ་གྲངས་ཀའི་ལས་སྣོན་ལ་བརྩིས།

གྲངས་ཐང་ཆུང་ཤོས།དང་གྲངས་ཐང་ཆེ་ཤོས།རྣམ་གཞག་ཅན་གྱི་ཡིག་དུམ་དེ་གྲངས་ཐང་ཆུང་ཤོས་དང་གྲངས་ཐང་ཆེ་ཤོས་ནང་ནང་འཇུག་བྱེད། གྲངས་ཐང་ཆུང་ཤོས་དང་གྲངས་ཐང་ཆེ་ཤོས་ནི་ད་ཡོད་གཞི་གྲངས་ཀྱི་ཕྱིར་གཏོང་(དཔེར་ན་ གྲངས་ཐང་ཆུང་ཤོས་ 5 འབྲེལམཐུད་ཀྱི་གཞི་གྲངས་མཛོད་ཡིག་དུམ་ནང་ཧྲིལ་གྲངས་ཐང་ 3ཚུད་ཡོད་ འདྲེན་གཏོན་ 5བྱེད་ ཡིན་ནའང་གཞི་གྲངས་མཛོད་ནང་གི་ཐང་བཟོ་བཅོས་མི་བྱེད་)དང་གཞི་གྲངས་གསར་པའི་ནང་འཇུག་(དཔེ་ན་ གྲངས་ཐང་ཆེ་ཤོས་ནི་ 10 གལ་སྲིད་ 20ནང་འཇུག་བྱེད་ན་ ནང་འཇུག་གི་ཐང་དག་བཅོས་བྱེད་ 10 གཞི་གྲངས་མཛོད་ནང་བྲིས་འཇུག་བྱེད་)གཏན་འཁེལ་བྱེད། གལ་སྲིད་ཡིག་དུམ་བཀོད་སྒྲིག་བྱེད་མེད་ན་གྲངས་ཐང་ཆུང་ཤོས།དང་གྲངས་ཐང་ཆེ་ཤོས།ཚད་བཀག་གང་ཡང་ཉེར་སྤྱོད་མི་བྱེད། གཞི་གྲངས་མཛོད་ཡི་གེ་ཡིག་དུམ་རྣམ་གཞག་ཅན་གྱི་ཡིག་དུམ་འབྲེལ་མཐུད་བྱེད་ ཐང་འདི་གཉིས་དང་ཁས་ལེན་གྲངས་ཐང་།ཚང་མ་སྤྱོད་མི་རུང་།

ཁས་ལེན་གྲངས་ཐང་།ཐོ་འགོད་གསར་པའི་ནང་གྲངས་ཐང་འདི་ཁས་ལེན་གྲངས་ཐང་བཀོད་སྒྲིག་བྱེད།