སྤྱིར་བཏང་མིང་ཚོགས་རེའུ་མིག་

མིང་ཚོགས་རེའུ་མིག་ལ་ LibreOffice ནང་འཕྲད་པའི་གལ་ཆེ་ཤོས་ཀྱི་བརྡ་ཆད་ཀྱི་འགྲེལ་བཤད་ཚུད་ཡོད།

མིང་ཚོགས་རེའུ་མིག་སྤྱད་ནས་ LibreOffice ཉེར་སྤྱོད་བྱ་རིམ་ནང་ཐོན་པའི་རྒྱུས་མེད་བརྡ་ཆད་འཚལ་དགོས།

ASCII

ASCII ནི་ཨ་རིའི་ཆ་འཕྲིན་བརྗེ་ལེན་ཚད་གཞིའི་ཚབ་ཨང་གི་བསྡུས་མིང་ཡིན་ ASCII ནི་རྩིས་འཁོང་ནང་གི་ཡིག་རྟགས་མངོན་པའི་ཡིག་རྟགས་ཚོགས་ཤིག་ཡིན་དེ་ནི་ཡིག་འབྲུ་དང་གྲངས་ཀ་ཚད་ལྡན་རྟགས་ དམིགས་བསལ་ཀྱིས་མཚོན་པའི་ཡིག་རྟགས་128 ལས་གྲུབ་པ་ཞིག་ཡིན་ རྒྱ་སྐྱེད་ཀྱི་ASCII ཡིག་རྟགས་ཚོགས་ལ་ལ་ཡིག་རྟགས་ 256 ཚུད་ཡོད་ ཡིག་རྟགས་རེ་རེར་ཁ་གསལ་གྱི་ཨང་རེ་རེ་གཏན་འཁེལ་བཟོས་ཡོད་ ཨང་རིམ་དེ་ལའང་ ASCII ཚབ་ཨང་ཞེས་བརྗོད་དོ།

HTML ཡིག་ཆའི་ནང་ཤོག་ངོས་སྟེང་གནས་7གྱི་ ASCII ཡིག་རྟགས་ཚོགས་ཀྱི་ཡིག་རྟགས་ལས་ཐོན་པ་མེད་ ཡིག་རྟགས་གཞན་ དཔེར་ན་འཇར་པན་སྐད་ཀྱི་འགྱུར་བའི་དབྱངས་འགའ་ཞིག་བཅོས་འབྲི་བྱེད་ལས་མཚོན་ དཔེར་ན་ཡིག་ཆུང་ ü དེ་ <Ü>ལ་བསྒྱུར་བ་ལྟ་བུའོ།LibreOffice ཕྱིར་བཏོན་བརྗེ་བསྒྱུར་ཆས་ཀྱི་རང་འགུལ་ངང་གྲུབ།

Bézier བྱ་ཡུལ།

པེ་སེར་འཁྱོག་ཐིག་ནི་གྲངས་རིག་པའི་ཐབས་སྤྱད་ནས་མཚན་འཇོག་བྱས་པའི་འཁྱོག་ཐིག་གཅིག་ཡིན་ དེ་ནི་ཧྥ་རན་སིའི་གྲངས་རིག་པ་མཁས་ཅན་ཧྥི་ཨའར་པེ་སེར་གྱིས་གཏོད་ རྩ་གཉིས་རིས་གཟུགས་ཉེར་སྤྱོད་བྱ་རིམ་ནང་སྤྱོད་པ་ཡིན་ འཁྱོག་ཐིག་འདི་འདྲ་ནི་འགོ་ཚུགས་ཚེག་དང་མཇུག་བསྡུའི་ཚེག་ རང་མཚུངས་ཀྱི་བར་གྱི་ཚེག་གཉིས་བཅས་ཚེག་བཞི་ལས་མཚན་འཇོག་བྱས་ ཙིག་རྟགས་སྤྱད་ནས་ཚེག་འདི་དག་སྤོ་འགུལ་བྱས་ན་འཁྱོག་ཐིག་བྱ་ཡུལ་ལ་བསྒྱུར་བཅོས་བྱ་ཐུབ།

DDE

DDE ཡིས་"འགུལ་རྣམ་གཞི་གྲངས་བརྗེས་པ་"མཚོན་ OLEཡི་ (བྱ་ཡུལ་ཐག་སྦྲེལ་དང་བཙུད་འཇུག་) སྔ་མིང་ཡིན་ DDEསྤྱོད་པ་ཞིག་ཡིག་ཆ་འདྲེན་སྤྱོད་བརྒྱུད་ཐག་སྦྲེལ་བྱེད་ལས་བཙུད་འཇུག་མིན།

ཁྱེད་ཀྱིས་གཤམ་གྱི་བརྒྱུད་རིམ་བརྒྱུད་ནས་ DDE ཐག་སྦྲེལ་འཛུགས་ཆོག་པ་སྟེ་:LibreOffice ལས་དེབ་བདམས་ནས་དེ་ཉིད་དྲས་སྦྱར་པང་དུ་འདྲ་ཕབ་བྱེད་དང་དེ་རྗེས་ལས་དེབ་གཞན་ཞིག་ཏུ་བརྗེས་བསྒྱུར་བྱེད་[རྩོམ་སྒྲིག་] - [བདམས་པ་རང་བཞིན་གྱི་སྦྱར་བ་...]ཡི་གླེང་སྒྲོམ་བདམས་"DDE ཐག་སྦྲེལ་"གདེམ་གཞི་བདམས་ནས་དྲ་མིག་ནང་དོན་དེ་ DDE ཐག་སྦྲེལ་ཏུ་བརྩིས་ནས་བསྒར་འཛུད་བྱ་དགོས་ ཐག་སྦྲེལ་སྒུལ་སློང་གི་སྐབས་ཡིག་ཆའི་འབྱུང་ཁུངས་ཀྱི་ནང་ནས་བསྒར་འཛུད་བྱེད་པའི་དྲ་མིག་ས་ཁོངས་མཐོང་ཐུབ།

IME

IME ཡིས་ནང་འཇུག་ཐབས་ཀྱི་རྩོམ་སྒྲིག་ཆས་མཚོན་ དེ་ནི་སྤྱོད་པོས་ཚད་ལྡན་གྱི་མཐེབ་གནོན་སྤྱད་ཆོག་པ་ཞིག་ཡིན་པ་སྟེ་ནུབ་ཕྱོགས་ཡི་གེའི་ཡིག་རྟགས་མིན་པ་ནས་ཪྙོག་འཛིན་ཡིག་རྟགས་སུ་ནང་འཇུག་བྱས་བྱ་རིམ་ཡིན།

JDBC

Java གཞི་གྲངས་མཛོད་ཀྱི་འབྲེལ་མཐུད་ (JDBC) API སྤྱད་ནས་ LibreOffice ནང་གི་གཞི་གྲངས་མཛོད་ལ་འབྲེལ་མཐུད་བྱ་ JDBC སྒུལ་འདེད་བྱ་རིམ་ Java་བྱ་རིམ་རྩོམ་སྒྲིག་སྐད་བརྡ་ཡིས་རྩོམ་འབྲི་བྱེད་ལས་མ་སྟེགས་དང་འབྲེལའབྲེལ་མེད།

ODBC

སྒོ་དབྱེའི་རྣམ་པའི་གཞི་གྲངས་མཛོད་ཀྱི་འབྲེལ་མཐུད་ནི་ (ODBC) གྲོས་དོན་ཚད་གཞི་ཡིན་ ཉེར་སྤྱོད་བྱ་རིམ་ནི་དེ་བརྒྱུད་ནས་གཞི་གྲངས་མཚམས་འདྲི་བྱེད་ སྤྱོད་རྒྱུའི་འདྲི་རྩད་སྐད་བརྡ་ནི་གྲུབ་ཆ་ཅན་དུ་འགྱུར་བའི་འདྲི་རྩད་སྐད་བརྡ་ (SQL)ཡིན་ LibreOffice ནང་ཁྱེད་ཀྱིས་གཞི་གྲངས་མཛོད་ཀྱི་ནང་ SQL བཀའ་ཚིག་གིས་འདྲི་རྩད་ལག་བསྟར་དགོས་མིན་གཏན་འཁེལ་བཟོ་ཆོག་ གཞན་ཡང་ ཁྱེད་ཀྱིས་ད་དུང་སྤེལ་རེས་རྣམ་པའི་རོགས་རམ་སྤྱད་ནས་ཙིག་རྟགས་རྐྱང་རྡེབ་ཀྱིས་འདྲི་རྩད་མཚན་འཇོག་དང་འདྲི་རྩད་བརྒྱུད་ LibreOffice རང་འགུལ་གྱིས་ SQLལ་འགྲེལ་བཤད་བྱ་ཐུབ།

OLE

བྱ་ཡུལ་ཐག་སྦྲེལ་དང་བཙུད་འཇུག་ (OLE) བྱ་ཡུལ་ནི་དམིགས་འཛུགས་ཡིག་ཚགས་ནང་ཐག་སྦྲེལ་ལམ་བཙུད་ཐུབ་ བཙུད་འཇུག་བྱེད་ནུས་ནི་དམིགས་འཛུགས་ཡིག་རྟགས་བྱ་ཡུལ་གྱི་ཟུར་དེབ་གཅིག་དང་བྱ་རིམ་འབྱུང་ཁུངས་ཀྱི་ཞིབ་ཆ་བསྒར་འཛུད་བྱེད་ གལ་སྲིད་བྱ་ཡུལ་ལ་རྩོམ་སྒྲིག་བྱ་དགོས་ན་བྱ་ཡུལ་ལ་ཆ་རྡེབ་བྱས་ན་ལམ་སེང་འབྱུང་ཁུངས་སྒུལ་སློང་ཐུབ།

OpenGL

OpenGL གིས་རྩ་གསུམ་རིས་གཟུགས་སྐད་བརྡ་མཚོན་ ཆེས་སྔ་ཤོས་སུ་ SGI (Silicon Graphics Inc) ཡིས་གསར་སྤེལ་རྒྱུན་སྤྱོད་ཀྱི་ OpenGL སྐད་བརྡ་ལ་རིགས་གཉིས་ཡོད་པ་སྟེ་: Windows NT ནང་སྤྱོད་པའི་ Microsoft OpenGL དང་ SGI ཡིས་གསར་སྤེལ་བའི་ Cosmo OpenGLབཅས་སོ་ རྗེས་མ་ནི་བཀོལ་སྤྱོད་མ་སྟེགས་ཀྱིས་ཚོད་འཛིན་མ་ཐེབས་པར་རྩིས་འཁོར་སྣ་ཚོགས་ལ་སྤྱོད་རུང་བ་ཞིག་གོ་ ( དམིགས་བསལ་གྱི་རྩ་གསུམ་རིས་གཟུགས་མཁྲེགས་ཆས་ལྡན་མེད་རྩིས་འཁོར་ཚུད་)

PNG

སྤོས་འཛུགས་རུང་བའི་དྲ་རྒྱའི་རིས་གཟུགས་ (PNG) ནི་རིས་གཟུགས་ཡིག་ཆའི་རྣམ་གཞག་གཅིག་ཡིན་ལ་ Internet ཐོག་ཉིན་བཞིན་བེད་སྤྱོད་ཁྱབ་ཆེར་འགྲོ་བཞིན་ཡོད་ ཡིག་ཆ་འདི་རིགས་ཀྱི་གདེམ་རུང་བའི་གནོན་ཁུངས་སྡུར་ཚད་ཀྱི་གནོན་ཁུམ་བྱེད་ JPG རྣམ་གཞག་དང་སྡུར་ན་ PNG ཡིག་ཆའི་གནོན་ཁུམ་གྱི་ཆ་འཕྲིན་བོར་བརླག་ཅི་ཡང་མེད་ PNG ལ་ གནས་2 4དང་ གནས་8 ཀྱི་ཚོན་ཁྲ་དང་སྐྱ་ཚད་ དཀར་ནག་བཅས་ཀྱི་དཔར་རིས་ཉར་ཚགས་ཐུབ་ གལ་སྲིད་དགོས་པ་ཡོད་ན་གསལ་དངས་གཏོགས་གཤིས་ལ་དགོས་པའི་ཨར་ཕ་མགྲོན་ལམ་མཁོ་འདོན་བྱེད་ སྤྲོད་ནོར་ཐེབས་པའི་ PNG དཔར་རིས་བླུགས་པའི་སྐབས་ཕྲེང་རིགས་མི་འདྲ་བར་མངོན་པའི་ཐབས་ཤེས་སྤྱད་ཆོག་ དཔེར་ན་རིགས་རེ་རེ་ལ་ཕྲེང་ 10 (ཕྲེང་) རེ་མངོན་ དེ་རྗེས་བསྐྱར་དུ་དཔར་རིས་ཀྱི་ལྷག་འཕྲོ་རྣམས་བླུགས་དགོས།

RTF

སྣེ་མང་ཡིག་དེབ་རྣམ་གཞག་ (RTF) ནི་ཡིག་དེབ་ཡིག་ཆའི་བརྗེ་ལེན་ལ་སྤྱོད་པའི་ཡིག་ཆ་རྣམ་གཞག་གཅིག་ཡིན་ དེའི་དམིགས་བསལ་རང་བཞིན་ནི་ཡིག་ཆ་རྣམ་གཞག་ཉིད་ཐད་ཀར་ཀློག་བཏོན་ཐུབ་པའི་ཡི་གེའི་ཆ་འཕྲིན་ལ་ཕབ་བསྒྱུར་བྱེད་པ་དེ་ཡིན་ འོན་ཀྱང་ཡིག་ཆ་རྣམ་གཞག་གཞན་དང་བསྡུར་ན་རྣམ་གཞག་འདི་རིགས་ཀྱི་ཡིག་ཆ་ནི་ལྟོས་བཅས་ཀྱིས་ཅུང་ཆེ་བ་ཡོད།

SQL

Structured Query Language (SQL) ནི་གཞི་གྲངས་མཛོད་ཀྱི་འདྲི་རྩད་ལ་སྤྱོད་པའི་སྐད་བརྡ་ཞིག་ཡིན། LibreOfficeནང་ཁྱེད་ཀྱིས་ SQLའམ་སྤེལ་རིས་རྣམ་པའི་སྒོ་ནས་ཙིག་རྟགས་སྤྱད་དེ་རྩོམ་སྒྲིག་འདྲི་རྩད་བྱེད།

SQL གཞི་གྲངས་མཛོད་/SQL ཞབས་ཆས།

SQL གཞི་གྲངས་མཛོད་ནི་ SQL ཡི་མཐུད་ཁ་མཁོ་འདོན་བྱེད་མཁན་གྱི་གཞི་གྲངས་མཛོད་མ་ལག་ཡིན་ SQL གཞི་གྲངས་མཛོད་ནི་རྟག་ཏུ་མཁོ་མཁན་སྣེ་/ཞབས་ཆས་གྱི་དྲ་རྒྱ་ལ་སྤྱོད་པ་ཡིན་ རིགས་འདི་རིགས་ཀྱི་དྲ་རྒྱའི་ནང་མཁོ་མཁན་སྣེ་མི་འདྲ་བ་ཡིས་དབུས་ཀྱིསཞབས་ཆས་ལ་བཅར་འདྲི་བྱེད་(དཔེར་ན་ SQL ཞབས་ཆས་) དེར་བརྟེན་གཞི་གྲངས་མཛོད་ལ་ SQL ཞབས་ཆས་གཞི་གྲངས་མཛོད་ཅེས་བརྗོད་བསྡུས་མིང་ལ་ SQL ཞབས་ཆས་ཞེས་བརྗོད།

LibreOffice ནང་ཕྱི་ཁུལ་ SQL གཞི་གྲངས་མཛོད་ཕྱོགས་བསྡུས་བྱས་ཆོག་ གཞི་གྲངས་མཛོད་ནི་ཕལ་ཆེར་ཁྱེད་ཀྱི་རང་སའི་མཁྲེགས་ཆས་དང་དྲ་རྒྱའི་ཐོག་གནས་ཡོད་ བཅར་འདྲི་བྱེད་སྟངས་ནི་ ODBCའམ་ཕྱོགས་བསྡུས་བྱས་ནས་ LibreOffice ནང་གི་རྩེས་འཁོར་འདིའི་སྒུལ་འདེད་བྱ་རིམ་ནས་མངོན་དུ་གྱུར་དགོས།

གཙོ་བོའི་བརྡ་ཆས་གཙོ་བོ།

གཙོ་མཐེབ་ནི་གཞི་གྲངས་མཛོད་ཀྱི་ཡིག་དུམ་གྱི་མཚོན་རྟགས་ཁོ་ན་ཡིན་ གཞི་གྲངས་མཛོད་ཀྱི་ཡིག་དུམ་གྱི་མཚོན་བྱེད་ཉག་གཅིག་ནི་འབྲེལ་ཡོད་གཞི་གྲངས་མཛོད་ནང་བེད་སྤྱད་སྟེ་རེའུ་མིག་གཞན་ནང་གི་གཞི་གྲངས་ལ་བཅར་འདྲི་ཞུ་བར་སྤྱད་གལ་སྲིད་འདྲེན་སྤྱོད་དེ་ཉིད་རེའུ་མིག་གཞན་ཞིག་གི་གཙོ་མཐེབ་ནས་ཡོང་ན་གཙོ་གནས་ཚིག་འདི་ལ་ཕྱི་ཁུལ་གཙོ་གནད་ཚིག་ཅེས་བརྗེད་

ཡིག་དུམ་གྱི་ཡིག་ཕྲེང་ཁ་བྱང་གི་འབྲེལ་ཡོད་བཀའ་ཚིག་བདམས་པ་བརྒྱུད་ LibreOffice རིའུ་མིག་འཆར་འགོད་ཀྱི་མཐོ་རིས་ཁྲོད་ཀྱི་འགག་རྩའི་ཚིག་ལ་མཚན་འཇོག་བྱེདའོ།

གཡས་མཐེབ་ཚལ་ཐོ།

To activate the context menu of an object, first click the object with the mouse button to select it, and then, . Some context menus can be called even if the object has not been selected. Context menus are found just about everywhere in LibreOffice.

གྲངས་ཀྱི་མ་ལག

གྲངས་ཀྱི་མ་ལག་ནི་གྲངས་མཚོན་པའི་ཡིག་རྟགས་ཁ་གྲངས་ཀྱི་ཐག་བཅད་པ་སྟེ་དཔེར་ན་བཅུ་གོང་སྒྲིག་ལུགས་མ་ལག་གིས་ 0 ནས་ 9 བར་གྲངས་ཀ་རྨང་གཞིར་བྱེད་ གཉིས་གོང་སྒྲིག་ལུགས་མ་ལག་གིས་ཨང་ཀི་ 0 ནས་ 1 བར་རྨང་གཞིར་བྱེད་ བཅུ་དྲུག་གོང་སྒྲིལ་མ་ལག་ནི་ 0 ནས་ 9བར་དང་ Aནས་ F བར་བཅས་ཡིག་རྟགས་ 16 གིས་རྨང་གཞི་བྱས།

ཐག་སྦྲེལ།

ཐག་སྦྲེལ་བཀའ་ཚིག་ནི་རྩོམ་སྒྲིག་ཚལ་ཐོའི་ནང་གནས་ འོན་ཏེ་བཀའ་ཚིག་འདི་སྒུལ་སློང་བྱ་དགོས་ན་མིང་སྔའི་ཡིག་ཚགས་ནང་མ་མཐར་ཡང་ཐག་སྦྲེལ་ཞིག་ཡོད་དགོས་ ཡིག་ཚགས་ནང་ཁྱེད་ཀྱིས་བྱ་ཡུལ་ (དཔེར་ན་རིས་གཟུགས་)བསྒར་འཛུད་བྱེད་པའི་སྐབས་གཅིག་ནས་དེ་ཉིད་ཐད་ཀར་ཡིག་ཚགས་ནང་འདྲ་ཕབ་བྱས་ཆོག་ལ་གཅིག་ཤོས་ཐག་སྦྲེལ་བསྒར་འཛུད་ཀྱང་བྱས་ཆོག

ཐད་ཀར་ཡིག་ཚགས་ནང་འདྲ་ཕབ་བྱེད་པའི་སྐབས་ཡིག་ཚགས་ཀྱི་ཆེ་ཆུང་འགྱུར་བ་འགྲོ་ ལྟོས་བཅས་ཀྱིས་བྱ་ཡུལ་ལ་ལྡན་པའི་ཡིག་ཚིགས་གྲངས་འཕར་སྣོན་(ཉུངམཐར་)བྱེད་ ཡིག་ཚགས་ཉར་ཚགས་བྱས་ཆོག་དེ་རྗེས་རྩིས་འཁོར་གཞན་ཞིག་གི་སྟེང་ཁ་ཕྱེ་བའོ་ བསྒར་འཛུད་ཀྱི་བྱ་ཡུལ་ནི་རྟག་ཏུ་ཡིག་ཚགས་ནང་གི་གཏན་འཁེལ་གནས་ཡུལ་དུ་གནས་

གལ་སྲིད་བྱ་ཡུལ་ཉིད་ཐག་སྦྲེལ་ཏུ་བརྩིས་ནས་བསྒར་འཛུད་བྱས་ན་དེ་ནི་ཡིག་ཚགས་ནང་ཡིག་ཆའི་མིང་འདྲེན་སྤྱོད་གཅིག་བསྒར་འཛུད་བྱེད་ཙམ་ཡིན་ ཡིག་ཚགས་ཡིག་ཆ་དེའི་ཆེ་ཆུང་ལ་ལམ་བུ་དང་ཡིག་ཆ་གསལ་བཤད་ཁ་སྣོན་བྱེད་ཙམ་ཡིན་ གལ་སྲིད་རྩིས་འཁོར་ཐོག་གཞན་ཞིག་གི་ཐོག་ཡིག་ཚགས་ཁ་ཕྱེ་ན་ཐག་སྦྲེལ་དེའི་ཡིག་ཆ་ནི་ངེས་པར་དུ་བསྐྱར་དུ་འདྲེན་སྤྱོད་ཀྱིས་གསལ་བརྗོད་བྱས་པའི་ཡང་དག་གནས་ཡུལ་དུ་གནས་དགོས་ དེ་ལྟར་ན་ཡིག་ཚགས་ནང་གཞི་ནས་བྱ་ཡུལ་དེ་མངོན་ཐུབ་བོ།

རྩོམ་སྒྲིག་ - ཐག་སྦྲེལ་སྤྱད་ནས་ཡིག་ཆ་གང་ཞིག་ཁྱེད་ཀྱི་ཡིག་ཚགས་དང་སྦྲེལ་མཐུད་བྱས་ཟིན་མིན་འཚོལ་ཐུབ་པ་མ་ཟད་དགོས་མཁོ་ལ་དམིགས་ནས་ཐག་སྦྲེལ་བསུབ།

ཐང་གདེམ་སྒྲོམ།

  1. In form controls, a spin button is a property of a numerical field, currency field, date field, or time field. If the property "Spin button" is enabled, the field shows a pair of symbols with arrows pointing to opposing directions, either vertically or horizontally.

  2. In the Basic IDE, a spin button is the name used for the numerical field together with the two arrow symbols.

ཐད་ཀར་ཐང་གདེམ་སྒྲོམ་ནང་གྲངས་ཐང་མཐེབ་འཇུག་བྱས་པའམ་ཡང་ན་སྟེང་འོག་གི་མདའ་རྩེའི་གནོན་མཐེབ་སྤྱད་ནས་གྲངས་ཐང་གདེམ་པ། ཡང་ན་མཐེབ་གཞོང་ཐོག་གི་སྟེང་ཕྱོགས་མཐེབ་བམ་འོག་ཕྱོགས་མཐེབ་སྤྱད་ནས་ཐང་གདེམ་སྒྲོམ་གྱི་གྲངས་ཐང་ཆེ་རུའམ་ཆུང་དུ་གཏོང་བ་ད་དུང་ Page up དང་ Page down མཐེབ་སྤྱད་ནས་ཐང་གདེམ་སྒྲོམ་གྱི་གྲངས་ཐང་ཆེ་ཤོས་སམ་ཆུང་ཤོས་སྒྲིག་ཆོག

གལ་སྲིད་ཐང་གདེམ་སྒྲོམ་ཞིག་གྲངས་ཐང་དང་འབྲེལ་བ་ཡོན་ན་འཇལ་ཚད་ནང་འཇུག་བྱས་ཆོག་དཔེར་ན་ 1 cm འམ་ 5 mm འམ་ 12 pt འམ་ 2"

ཐད་ཀར་དང་བརྒྱུད་པའི་རྣམ་གཞག་ཅན།

If you format a document without Styles, it is referred to as "direct" formatting. This means modifying text or other objects, such as frames or tables, by applying various attributes directly. The format applies only to the selected area and all changes must be made separately. Styles, on the other hand, are not applied to the text directly, but rather are defined in the Styles window and then applied. One advantage is that when you change a Style, all parts of the document to which that Style is assigned are modified at the same time.

མྱུར་བདེའི་མཐེབ་སྤྱོད་པ་བརྒྱུད་+A དེ་རྗེས་ཡིག་དེབ་ཆ་ཚང་བདམས་ དེ་རྗེས་གཡས་མཐེབ་ཚལ་ཐོའི་ནང་གི་[རྣམ་གཞག་དོར་བ་] ཡིག་ཚགས་ནང་ནས་ཐད་ཀར་རྣམ་གཞག་བསུབ་པ།

དྲང་ལྡོག་ཤོག་ལྷེའི་ཕྲེང་རྒྱང་མཚུངས།

དྲང་ལྡོག་ཤོག་ལྷེའི་ཕྲེང་རྒྱང་གཅིག་མཚུངས་ནི་པར་འདེབས་པར་རྣམ་གྱི་བརྡ་ཆད་གཅིག་ཡིན་ འདི་ལ་དཔེ་དེབ་དང་དུས་དེབ་ཚགས་པར་གྱི་དྲང་ངོས་དང་ལྡོག་ངོས་པར་ངོས་ཐོག་གི་ཕྲེང་ཚང་མ་གཅིག་མཚུངས་ཡིན་པའི་གོ་བ་བླངས་ན་འགྲིག་ དྲང་ལྡོག་ཤོག་ལྷེའི་ཕྲེང་རྒྱང་གཅིག་མཚུངས་ཀྱི་བྱེད་ནུས་ཀྱི་ཡིག་ཕྲེང་བར་ཐལ་མདོག་གྲིབ་ནག་ཐོན་རྒྱུར་བཀག་འགོག་གིས་ལྟ་ཀློག་དེ་བས་བདེབདེ་བླག་ཏུ་གྱུར་ དྲང་ལྡོག་ཤོག་ལྷེའི་ཡིག་ཕྲེང་བར་ཐག་ནི་ཉེ་འཁོར་དུ་ཡོད་པའི་ཡིག་དེབ་སྟར་པའི་ནང་གི་ཡིག་ཕྲེང་མཐོ་ཚད་གཅིག་མཚུངས་ལ་གོ་དགོས།

གལ་སྲིད་དུམ་མཚམས་དང་དུམ་མཚམས་བཟོ་ལྟ་ ཤོག་ངོས་བཟོ་ལྟ་དག་དྲང་ལྡོག་ཤོག་ལྷེའི་ཕྲེང་རྒྱང་གཅིག་པར་མཚན་འཇོག་བྱས་ན་ཡིག་གཟུགས་ཆེ་ཆུང་ཇི་འདྲའམ་རིས་གཟུགས་ཡོད་མེད་ལ་མ་ལྟོས་པར་ཡིག་རྟགས་ཀྱི་ཤུགས་རྐྱེན་ཐེབས་པའི་རྨང་ཐིག་ཉིད་དྲང་འཕྱང་ཤོག་ངོས་དྲ་མིག་ཐིག་དང་སྙོམས་གཤིབ་དགོས་ གལ་སྲིད་དགོས་མཁོ་ཡོད་ན་ ཁྱེད་ཀྱིས་ད་དུང་དྲ་མིག་དེའི་བཀོད་སྒྲིག་ཉིད་"བཟོ་ལྟ་ཤོག་ངོས་བཟོ་ལྟ་"གཏོགས་གཤིས་ལ་གཏན་འཁེལ་བཟོ་ཆོག

བྱ་ཡུལ།

བྱ་ཡུལ་ཞིག་གི་གསལ་ཡོལ་ཐོག་ཆ་འཕྲིན་ཚུད་པའི་སྡེ་ཚན་ཞིག་ཡིན་ དེ་མིན་དེ་ད་དུང་ཉེར་སྤྱོད་བྱ་རིམ་གཞི་གྲངས་དང་འབྲེལ་བ་ཡོད་པ་སྟེ་ཡི་གེའི་རིས་གཟུགས་བཅས་སོ།

བྱ་ཡུལ་ཚང་མ་ནི་རང་ཚུགས་དང་ཕན་ཚུན་ཤུགས་རྐྱེན་མི་བཟོ་ གཞི་གྲངས་མཛོད་ཚུད་པའི་བྱ་ཡུལ་ཚང་མར་དམིགས་འཛུགས་ཀྱི་བཀའ་ཚིག་གཏན་འཁེལ་བྱས་ཡོད་ དེ་ལྟར་གྱིས་རིས་དབྱིབས་བྱ་ཡུལ་ཞིག་ལ་རིས་དབྱིབས་རྩོམ་སྒྲིག་གི་བཀའ་ཚིག་སྣ་ཚོགས་སྒྲིག་སྦྱོར་བྱས་ཡོད་རེའུ་མིག་ཞིག་ལ་རྩིས་རྒྱག་ལག་བསྟར་གྱི་བཀའ་ཚིག་སྣ་ཚོགས་སྒྲིག་སྦྱོར་བྱེད་སོགས།

འབྲེལ་ཡོད་གཞི་གྲངས་མཛོད།

RDBMS(འབྲེལ་ཡོད་གཞི་གྲངས་མཛོད་དོ་དམ་མ་ལག་)གཅིག་ནི་ཕན་ཚུན་འབྲེལ་ཇཐུད་རིའུ་མིག་གི་ཐོག་ནས་དོམ་དམ་བྱེད་པའི་གཞི་གྲངས་མཛོད་མ་ལག་ཡིན་ ཡང་དག་པའི་གཞི་གྲངས་མཛོད་ཀྱི་འཆར་འགོད་ནང་གཞི་གྲངས་ཡོད་ཚད་ནང་འཇུག་ཐེངས་གཅིག་བྱས་པས་ ཐག་སྦྲེལ་མི་འདྲ་བའི་ཁྲོད་གཞི་གྲངས་དེ་དག་ལམ་སེང་འཚོལ་ཪྙེད་ཐུབ་པའི་འགན་ལེན་ཐུབ།

འབྲེལ་ཡོད་གཞི་གྲངས་མཛོད་དོ་དམ་མ་ལག་ (RDBMS) ནི་འབྲེལ་ཡོད་གཞི་གྲངས་མཛོད་ཀྱི་བྱ་རིམ་འཛུགས་པ་དང་གསར་བརྗེས་ དོ་དམ་བཅས་ལ་སྤྱད་དགོས་ RDBMS ཡིས་སྤྱོད་པོས་ནང་འཇུག་བྱས་པའམ་ཉེར་སྤྱོད་བྱ་རིམ་ནང་གྲུབ་ཆ་ཅན་གྱི་འདྲི་རྩད་སྐད་བརྡ་ཚུད་པའི་(SQL) བརྗེད་པ་དང་ལེན་བྱེད་པ་དང་སྦྲགས་གཞི་གྲངས་མཛོད་དུ་བཅར་འདྲི་འཛུགས་པ་དང་གསར་བརྗེས་མཁོ་འདོན་བྱེད།

དཔེ་བཞག་ན་ མཁོ་མཁན་རེའུ་མིག་དང་ཚོང་ཟོག་རེའུ་མིག་ ཚོང་ཟོག་སྤྲད་ཐོའི་རེའུ་མིག་བཅས་ཀྱི་ཚོང་ཟོག་གཞི་གྲངས་མཛོད་ནི་ཚབ་མཚོན་གྱི་འབྲེལ་ཡོད་གཞི་གྲངས་མཛོད་ཡིན་ ཚོང་ཟོག་སྤྲད་ཐོའི་རེའུ་མིག་ནང་ངེས་ཡོད་ཀྱི་མཁོ་མཁན་གཞི་གྲངས་སོགས་ཚོང་ཟོག་གཞི་གྲངས་ཚད་མེད་པར་འབྲེལ་བརྒྱུད་ཐག་སྦྲེལལས་གྲུབ་པའི་(ཡང་ན་འབྲེལ་བ་) མཁོ་མཁན་རེའུ་མིག་དང་ཚོང་ཟོག་རེའུ་མིག་གི་དུམ་བུའི་འདྲེན་སྤྱོད་ཡིན་(དཔེར་ན་ མཁོ་མཁན་རེའུ་མིག་ནང་གི་མཁོ་མཁན་ ID ཡིག་དུམ་)

ཡིག་འབྲུའི་བར་གཅོད་མཚུངས།

ཡིག་འབྲུའི་བར་གཅོད་མཚུངས་པའི་ཡིག་རྒྱང་ལེགས་སྒྲིག་ལ་སྤྱོད་པའི་དབྱིན་ཡིག་གི་མིང་ཡིན་ འདི་ལ་ཡིག་འབྲུ་འམ་ཡིག་རྟགས་གཉིས་དབར་གྱི་བར་ཐག་བསྐུམ་པའམ་ཆེར་གཏོང་(དཔེར་ན་ W དང་ a ཡི་དབར་) གི་ཐོག་ནས་ཡིག་གཟུགས་བཪྙན་རིས་ལ་མཐོང་སྣང་ཐོག་གི་མཐུན་སྦྱོར་དོ་མཉམ་ཐབས་ཤིག་ཡིན་ནོ།

ཡིག་འབྲུའི་བར་གཅོད་མཚུངས་པའི་རེའུ་མིག་ནང་ཡིག་འབྲུའི་བར་གཅོད་ཆེ་རུ་གཏོང་དགོས་པའི་ཆ་འཕྲིན་ཚུད་ཡོད་ རེའུ་མིག་འདི་དག་ནི་རྟག་ཏུ་ཡིག་གཟུགས་ཀྱི་ཚོ་ཆས་ཤིག་གོ།

རྣམ་གཞག་ཅན།

Formatting refers to the visual layout of text using a word-processing or DTP program. This includes defining the paper format, page borders, fonts and font effects, as well as indents and spacing. You can format text directly or with Styles provided by LibreOffice.

ལྟོས་བཅས་དང་ལྟོས་མེད་ཉར་ཚགས།

གླེང་སྒྲོམ་མང་པོའི་ནང་ (དཔེར་ན་[བསྒར་འཛུད་] - [རང་འགུལ་རིས་ཡིག་ཚོགས་...]) ཁྱེད་ཀྱིས་ཡིག་ཆ་ལྟོས་བཅས་ཉར་ཚགས་སམ་ལྟོས་མེད་ཉར་ཚགས་གང་ཞིག་དགོས་མིན་གདམ་དགོས།

གལ་སྲིད་ལྟོས་བཅས་ཉར་ཚགས་བདམས་ན་ ཡིག་ཚགས་ནང་བཙུད་རིས་གཟུགས་སོགས་བྱ་ཡུལ་གཞན་གྱི་འདྲེན་སྤྱོད་ཉིད་ལྟོས་བཅོས་ཀྱི་སྒོ་ནས་ཡིག་ཆའི་མ་ལག་ནང་ཉར་ཚགས་བྱེད། གནས་ཚུལ་འདི་འདྲའི་འོག་འདྲེན་སྤྱོད་ཀྱི་དཀར་ཆག་གྲུབ་ཆ་གནས་ཡུལ་གང་དུ་བཀོད་མིན་ནི་གལ་ཆེན་མིན་ འདྲེན་སྤྱོད་ཉིད་སྒུལ་འདེད་ཆས་སོགས་ཐུམ་གཅིག་མཚུངས་ཤིག་གི་ཐོག་གནས་ཡོད་ཚེ་ཡིག་ཆ་དེ་ཉིད་གནས་ཡུལ་གང་དུ་ཡང་ཀྱང་དེ་མར་ཪྙེད་ཐུབ་ གལ་སྲིད་ཁྱེད་ནས་ཡོངས་སུ་མི་འདྲ་བའི་དཀར་ཆག་གྲུབ་ཆ་དང་སྒུལ་འདེད་ཆས་ ཐུམ་མིང་སོགས་ཀྱི་རྩིས་འཁོར་ནང་ནས་ཀྱང་ཡིག་ཚགས་འདི་ཉིད་ཪྙེད་རྒྱུའི་རེ་བ་མཛད་ནས་ལྟོས་བཅས་ཉར་ཚགས་གནང་དགོས་ གལ་སྲིད་ Internet ཞབས་ཆས་ཀྱི་ཐོག་དཀར་ཆག་གྲུབ་ཆ་འཛུགས་དགོས་ན་རེ་བར་ཁྱེད་ཀྱིས་ལྟོས་བཅས་ཉར་ཚགས་གནང་དགོས།

གལ་སྲིད་ལྟོས་མེད་ཉར་ཚགས་སྤྱད་ནས་ཡིག་ཆ་གཞན་གྱི་འདྲེན་སྤྱོད་ཐམས་ཅད་ནི་སྒུལ་འདེད་ཆས་ བམ་པོའམ་རྩ་བ་དཀར་ཆག་བཅས་ལྟོས་མེད་དུ་མཚན་འཇོག་བྱའོ་ ལྟོས་མེད་ཉར་ཚགས་ཀྱི་ལེགས་ཆ་ནི་འདྲེན་སྤྱོད་ལྡན་པའི་ཡིག་ཚགས་དེ་དཀར་ཆག་ཡིག་ཁུག་གཞན་ནང་སྤོ་ཐུབ་པ་གང་ཞིག་ལ་འདྲེན་སྤྱོད་ལ་སྔར་བཞིན་ནུས་པ་ལྡན།

སྒེའུ་ཁུང་དང་ཕྲེང་རྐྱང་ཚོད་འཛིན།

དུམ་བུའི་ནང་ཤོག་ལྷེ་མི་དབྱེ་བ་དང་དུམ་མཚམས་ནང་ཤོག་ལྷེ་མི་དབྱེ་བ་ནི་རྒྱུན་རིང་དུ་བེད་སྤྱོད་གཏོང་མུས་ཀྱི་པར་འདེབས་པར་རྣམ་ཀྱི་ཐ་སྙད་གཅིག་ཡིན་ ཕྲེང་རྐྱང་ཞིག་ནི་དུམ་མཚམས་ཤོག་གི་མཐའ་འཇུག་ཕྲེང་དེ་རང་ཤོག་ལྷེ་འོག་མའི་རྩེ་སྣེར་སྒྲིག་པ་ཞིག་ཡིན་ དུམ་བུ་གྱུར་བའི་ཕྲེང་ནི་དེ་དང་ལྡོག་ཕྱོགས་ཏེ་ དུམ་མཚམས་ཞིག་གི་ཡིག་ཕྲེང་དང་པོ་དེ་རང་ཤོག་ལྷེ་གོང་མའི་འོག་སྣེར་སྒྲིག་LibreOfficeཡི་གེ་ལས་སྣོན་ཡིག་ཚགས་ཤིག་སྤྱད་ནས་རང་འགུལ་གྱིས་མཁོ་བའི་དུམ་མཚམས་བཟོ་ལྟ་ལ་ཕྱི་ཚུལ་མི་མཛེས་པ་ལས་གཡོལ་ཐུབ་ འདི་ལ་ཁྱེད་ཀྱིས་ད་དུང་ཡིག་ཕྲེང་ག་ཚོད་ཤོག་ལྷེ་གཅིག་སྟེང་དུ་གནས་དགོས་མིན་མཚན་འཇོག་བྱ།

སྙོག་འཛིན་ཡི་གེའི་པར་རྣམ་ (CTL)

ཪྙོག་འཛིང་ཕྲ་གཞུང་ཀྱི་སྐད་བརྡ་སྤྱོད་པར་གཤམ་གྱི་ཁྱད་ཆོས་ཆ་ཚང་ངམ་ཁ་ཤས་ཚུད་ཡོད་པ་སྟེ།

མིག་སྔར་ LibreOfficeཡིས་རྒྱ་གར་སྐད་ཡིག་ ཐེ་ལན་ ཧིའི་པོའོ་ལད་སྐད་ཡིག་དང་ཨ་རབ་སྐད་ཡིག་ CTL སྐད་བརྡ་བརྩིས།

Enable CTL support using - Language Settings - Languages.

སྡོད་པ་(རང་འགུལ་གབ་པ་)

བཅར་འཇོག་སྒེའུ་ཁུང་ཚུད་པའི་སྒེའུ་ཁུང་མཐའ་ཟུར་ཐོག་གནོན་མཐེབ་གཅིག་ཡོད་པ་དེ་ཉིད་སྤྱད་ན་སྒེའུ་ཁུང་དེ་ཉིད་མངོན་པའམ་གབ་པར་འགྱུར།

སྡོད་པ།

Some windows in LibreOffice, for example the Styles window and the Navigator, are "dockable" windows. You can move these windows, re-size them or dock them to an edge. On each edge you can dock several windows on top of, or alongside each other; then, by moving the border lines, you can change the relative proportions of the windows.

To undock and re-dock, holding down the key, double-click a vacant area in the window. In the Styles window, you can also double-click a gray part of the window next to the icons, while you hold down the key.