LibreOffice རིས་འགོད་བཟོ་བའི་བྱེད་ནུས་

LibreOffice རིས་འགོད་བཟོ་བ་སྤྱད་ནས་རིས་འགོད་སྟབས་བདེའམ་ཪྙོག་འཛིན་ཅན་བཟོ་ཐུབ་ མ་ཟད་རིས་འགོད་དེ་དག་རྒྱུན་སྤྱོད་ཀྱི་པར་རིས་རྣམ་གཞག་སྒོ་ནས་འདྲེན་བཏོན་བྱེད་ཐུབ་ ད་དུང་རིས་འགོད་ནང་LibreOffice བྱ་རིམ་གྱིས་གསར་འཛུགས་བྱས་པའི་རེའུ་མིག་ རིས་མཚོན་དང་སྤྱི་འགྲོས་དེ་བཞིན་རྣམ་གྲངས་གཞན་དག་བསྒར་འཛུད་བྱ་ཐུབ།

ཕྱོགས་ཚང་རིས་དབྱིབས་

LibreOffice རིས་འགོད་བཟོ་བས་གྲངས་རིག་ཕྱོགས་ཚང་གི་དྲང་ཐིག་དང་ཁྱོག་ཐིག་བརྒྱུད་ནས་ཕྱོགས་ཚང་རིས་དབྱིབས་གསར་འཛུགས་བྱེད་ ཕྱོགས་ཚང་ནི་རིས་དབྱིབས་ཀྱིས་དབྱིབས་རྩིས་བཟོ་ལྟར་གཞིགས་ནས་ཐིག་སྐུད་དང་འཇོང་སྒོར་མཐའ་མང་དབྱིབས་མཚན་འཇོག་བྱེད།

རྩ་གསུམ་བྱ་ཡུལ་བཟོ་བ་

LibreOffice རིས་འགོད་བཟོ་བའི་ནང་སྟབས་བདེའི་རྩ་གསུམ་བྱ་ཡུལ་བཟོ་ཐུབ་(དཔེར་ན་ བསླངས་གཟུགས་གྲུ་བཞི་ ཟླུམ་གཟུགས་དང་ཀ་ཟླུམ་གཟུགས་)མ་ཟད་བྱ་ཡུལ་དེ་དག་གི་འོད་ཁུངས་བཟོ་བཅོས་བྱ་ཐུབ།

Grids and Snap Lines

རིས་འགོད་ནང་བྱ་ཡུལ་སྙོམ་གཤིབ་བྱ་སྐབས་དྲ་རྒྱའི་ཐིག་དང་རམ་འདེགས་ཐིག་གིས་མིག་ཤེས་དྲན་བརྡ་མཁོ་སྤྲོད་བྱེད་ ཡང་ན་བྱ་ཡུལ་དང་དྲ་རྒྱའི་ཐིག་དང་རམ་འདེགས་ཐིག་གམ་བྱ་ཡུལ་གཞན་དག་གི་མཐའ་འགྲམ་དང་སྙོམ་གཤིབ་བྱ་བ་འདེམས་ཐུབ།

བྱ་ཡུལ་སྦྲེལ་མཐུད་ཀྱིས་འབྲེལ་བ་མངོན་

LibreOffice རིས་འགོད་བཟོ་བའི་ནང་དུ་"སྦྲེལ་མཐུད་རྟགས་"སུ་འབོད་པའི་དམིགས་བསལ་ཐིག་སྐུད་ཅིག་སྤྱད་ནས་བྱ་ཡུལ་སྦྲེལ་ཏེ་བྱ་ཡུལ་བར་གྱི་འབྲེལ་བ་མངོན་པར་བྱ་ཐུབ། སྦྲེལ་མཐུད་རྟགས་དང་རིས་འགོད་བྱ་ཡུལ་སྟེང་གི་སྦྱར་མདུང་ཚེག་ཕན་ཚུན་སྦྲེལ་བ་དང་མ་ཟད་ཁྱེད་ཀྱིས་བྱ་ཡུལ་སྤོ་སྒུལ་བྱ་སྐབས་དེ་ལྟའི་སྦྲེལ་མཐུད་འབྲེལ་བ་སྔར་བཞིན་མི་འགྱུར་བར་རང་སོར་གནས། སྒྲིག་འཛུགས་གྲུབ་ཆའི་རི་མོ་དང་ལག་རྩལ་རིས་མཚོན་གསར་འཛུགས་བྱ་སྐབས་སྦྲེལ་མཐུད་རྟགས་ཧ་ཅང་བེད་སྤྱོད་ཆེ།

ཁྲེ་ཚུན་མངོན་པ་

ལག་རྩལ་རིས་མཚོན་གྱིས་རྒྱུན་པར་རིས་འགོད་ནང་བྱ་ཡུལ་གྱི་ཁྲེ་ཚུན་མངོན། LibreOffice རིས་འགོད་བཟོ་བའི་ནང་ཁྱེད་ཀྱིས་ཚང་ངེས་ཐིག་སྤྱད་ནས་ཐིག་གཤིས་ཁྲེ་ཚུན་རྩིས་རྒྱག་དང་མངོན་པར་བྱ་ཐུབ།

དྲས་སྦྱར་རི་མོ་

དྲས་སྦྱར་པར་འཛོད་ནང་བཪྙན་རིས་ འགུལ་རིས་དང་སྐད་སྒྲ་སོགས་ཀྱི་རྣམ་གྲངས་ཚུད་ རིས་འགོད་དང་ LibreOffice བྱ་རིམ་གཞན་དག་ནང་རྣམ་གྲངས་དེ་དག་བསྒར་འཛུད་དང་བེད་སྤྱོད་བྱས་ཆོག

རིས་དབྱིབས་ཡིག་ཆའི་རྣམ་གཞག་

LibreOffice རིས་འགོད་བཟོ་བས་རིས་འགོད་ཡིག་ཚགས་ཀྱིས་རྒྱུན་སྤྱོད་ཀྱི་རིས་དབྱིབས་ཡིག་ཆའི་རྣམ་གཞག་སྣ་ཚོགས་འདྲེན་བཏོན་བྱ་ཐུབ་ དཔེར་ན་ BMP GIF JPG དང་ PNG སོགས།