ཚལ་ཐོ་

གཤམ་གསལ་ནི་LibreOffice རིས་འགོད་བཟོ་བའི་ཚལ་ཐོ་ ཡན་ལག་ཚལ་ཐོ་དང་གླེང་སྒྲོམ་ཡོད་ཚད་ཀྱི་གསལ་བཤད་ཡིན།

ཟུར་མཆན་རིས་རྟགས་

ཡིག་ཚགས་ཁ་ཕྱེ་ཟིན་པ་མ་ཟད་གསོན་སློང་རྣམ་པར་གནས་པའི་སྐབས་ཁྱེད་ཀྱིས་ད་གཟོད་སྒུལ་སྤྱོད་ཀྱིས་རྩོམ་སྒྲིག་དང་མངོན་པ་ གཞིའི་སྒྲིག་པ་ རྣམ་གཞག་ཅན་དུ་འགྱུར་བ་ཡིག་ཚགས་གཏན་པར་གྱི་ཚལ་ཐོའི་བཀའ་ཚིག་ཏུ་སྤྱོད་དགོས་གསོན་སློང་རྣམ་པ་གནས་པའི་ཡིག་ཚགས་ཞེས་པ་ནི་མིག་སྔར་གསལ་ཡོལ་ཐད་མཐོང་དཔེ་རིས་ཐོག་མངོན་པའི་ཡིག་ཚགས་བརྗོད་ གལ་སྲིད་ཚལ་ཐོའི་བཀའ་ཚིག་ནི་ཡིག་ཚགས་ནང་གི་བྱ་ཡུལ་ཞིག་ལ་སྤྱོད་དགོས་ན་ཁྱེད་ནས་སྔོན་ལ་ངེས་པར་ཡིག་ཚགས་ནང་གི་བྱ་ཡུལ་འདིར་གསོ་སློང་དགོས།


ཐ་ཚིག་རིས་རྟགས་

ཚལ་ཐོ་དང་གོང་འོག་ནང་དོན་འབྲེལ་བ་ཡོད་པ་འདིས་མིག་སྔར་ལག་བསྟར་བྱེད་མུས་ཀྱི་བཀོལ་སྤྱོད་དང་འབྲེལ་ཡོད་ཀྱི་ཚལ་ཐོའི་རྣམ་གྲངས་ཡིན་ན་ད་གཟོད་སྤྱོད་ཆོག་པ་མཚོན་གལ་སྲིད་འོད་རྟགས་དེ་ཡིག་དཀྱིལ་དུ་གནས་ཡོད་ན་ཡི་གེ་རྩོམ་སྒྲིག་གི་སྐབས་དགོས་པའི་ཚལ་ཐོའི་རྣམ་གྲངས་ཡོད་ཚད་སྤྱོད་རུང་ གལ་སྲིད་ཡིག་ཚགས་ནང་རིས་དབྱིབས་བདམ་ན་ སྤྱོད་རུང་བའི་རིས་དབྱིབས་རྩོམ་སྒྲིག་གི་ཚལ་ཐོའི་རྣམ་གྲངས་ཐག་བཅད་མཐོང་ཐུབ།


ཡིག་ཆ་

ཚལ་ཐོ་འདིར་རིས་མཚོན་ཡིག་ཚགས་སྤྱོད་པའི་རྒྱུན་སྲོལ་བཀའ་ཚིག་འདུས། དཔེར་ན་ ཁ་ཕྱེ་ ཁ་རྒྱག་དང་གཏག་པར་ལྟ་བུ། གལ་ཏེ་LibreOffice རིས་འགོད་བཟོ་བ་ཁ་རྒྱག་དགོས་ན་[མཇུག་བསྡུ་]ལ་རྐྱང་རྡེབ་བྱས་པས་འཐུས་སོ།

རྩོམ་སྒྲིག་

ཚལ་ཐོ་འདིའི་ནང་གི་བཀའ་ཚིག་དེ་རིས་མཚོན་ཡིག་ཚགས་རྩོམ་སྒྲིག་ལ་སྤྱོད།(དཔེར་ན་འདྲ་ཕབ་དང་སྦྱར་བ།)

མཐོང་རིས་

རིས་མཚོན་ཡིག་ཚགས་ཀྱི་མངོན་པའི་སྡུར་ཚད་བཀོད་སྒྲིག་བྱེད།

བསྒར་འཛུད་

ཚལ་ཐོ་འདིས་ཁྱེད་ཀྱིས་གཞི་རྒྱུ་(དཔེར་ན་རིས་དབྱིབས་དང་རམ་འདེགས་ཐིག་)རིས་མཚོན་ཡིག་ཚགས་ནང་བསྒར་འཛུད་བྱ་རུ་འཇུག

རྣམ་གཞག་

རྣམ་གཞག་ཅན་ཡིག་ཚགས་པར་དབྱིབས་དང་ནང་དོན་ལ་སྤྱོད་པའི་བཀའ་ཚིག་འདུས་ཡོད།

ཡོ་བྱད་

ཚལ་ཐོ་འདིས་LibreOffice རིས་མཚོན་བཟོ་བར་སྤྱོད་པའི་ཡོ་བྱད་དང་དེ་བཞིན་སྐད་བརྡ་དང་མ་ལག་བཀོད་སྒྲིག་གི་འཚམས་འདྲི་མཁོ་འདོན་བྱེད།

བཟོ་བཅོས་

Contains commands for modifying objects in your document.

སྒེའུ་ཁུང་

Contains commands for manipulating and displaying document windows.

རོགས་རམ།

"རོགས་རམ་"ཚལ་ཐོ་དེ་LibreOffice ཡི་རོགས་རམ་མ་ལག་སྒུལ་སློང་དང་ཚོད་འཛིན་ལ་སྤྱོད།