ཚོས་ལེན་ཆས་གཡར་ཏེ་ཚོས་གཞི་ཚབ་བརྗེ་བྱེད་

ཚོས་ལེན་ཆས་ཡོ་བྱད་གནས་རིས་ནང་གི་ཚོས་གཞི་བེད་སྤྱོད་བྱེད།

ཚོས་ལེན་ཆས་གཡར་ཏེ་ཁྱེད་ཀྱིས་ཚོས་གཞི་གཞན་སྤྱོད་ རང་ངེས་ཀྱི་ཡོ་ཁྱད་ཁྱབ་ཁོངས་གཅིག་ནང་བདམས་པའི་ཚོས་གཞི་ཚབ་བརྗེ་བྱེད། ཐེངས་རེར་མང་ཤོས་ལ་ཚོས་གཞི་བཞི་ཚབ་བརྗེ་བྱ་ཆོག། བྱེད་ནུས་ཚང་ནང་གི་ཕྱིར་འཐེན་བཀའ་ཚིག་རིས་རྟགས་གཡར་ཏེ་ ཁྱེད་ཀྱིས་བསྐྱར་དུ་ཚབ་བརྗེ་སྔོན་གྱི་ཚོས་གཞི་སླར་གསོ་བྱེད། ཚོས་ལེན་ཆས་གཡར་ཏེ་ཁྱེད་ཀྱིས་གནས་རིས་མི་འདྲ་བའི་ཚོས་གཞི་ཕན་ཚུན་དོ་མཉམ་བྱེད་ཡང་ན་ཀུང་སི་གཅིག་གི་རྟགས་མའི་ཚོས་གཞིའི་གནས་རིས་ཀྱི་ཚོས་གཞི་ལ་ཚབ་བརྗེ་བྱེད།

གཏོགས་གཤིས་གསལ་དྭངས་ཡང་ཚོས་གཞི་ཞིག་ཡིན། གལ་སྲིད་ཁྱེད་ཀྱིས་གཏར་པར་ཆས་སྒུལ་འདེད་བྱ་རིམ་གྱིས་གཏག་པར་གསལ་དྭངས་རིས་དབྱིབས་ལ་རྒྱབ་སྐྱོར་མ་བྱེད་ན་ ཁྱེད་ཀྱིས་ཚོས་གཞི་གཞན་དག་གཅིག་སྤྱད་དེ་(དཔེར་ན་དཀར་པོ་)བཪྙན་རིས་ནང་གི་གསལ་དྭངས་མདོག་ཚབ་བརྗེ་བྱེད།

འདྲ་བར་ ཚོས་ལེན་ཆས་སྤྱད་དེ་བཪྙན་རིས་ནང་གི་ཚོས་གཞི་གཅིག་གསལ་དྭངས་མདོག་ལ་ཚབ་བརྗེ་བྱེད།

ཚོས་ལེན་ཆས་གཡར་ཏེ་ཚོས་གཞིའི་བྱ་ཐབས་ཚབ་བརྗེ་བྱེད་

གནས་རིས་རྣམ་གཞག་(དཔེར་ན་ BMP GIF JPG དང་ TIF)ཡང་རྒྱུའི་ཡིག་ཆའི་རྣམ་གཞག་(དཔེར་ན་ WMF)ཡིས་བཪྙན་རིས་གཅིག་བསྒར་འཛུད་བྱེད་ LibreOffice རིས་རྟགས་ཡིག་ཚགས་དང་LibreOffice གསལ་སྟོན་ཡིག་ཟིན་དང་ཚལ་ཐོའི་བཀའ་ཚིག་[བསྒར་འཛུད་] - [པར་རིས་] - [ཡིག་ཆ་ནས་ཡོང་བའི་པར་རིས་...]རྐྱང་རྡེབ་དགོས།

  1. ཚལ་ཐོ་:[ཡོ་བྱད་] - [རྩིས་རྒྱག་]

  2. མཐོང་སྒྲོམ་གཡོན་གོང་ཟུར་ཁུལ་གྱི་ཚོས་ལེན་ཆས་ཀྱི་རིས་རྟགས་རྐྱང་རྡེབ་བྱེད། དེའི་སྐབས་ ཚོས་ལེན་ཆས་མཐོང་སྒྲོམ་གྱི་ཚོས་གཞིའི་ཚང་ནང་ཙིག་རྟགས་སྣེ་སྣོན་གྱི་ཚོས་གཞི་མངོན།

  3. ཚོས་གཞི་ཚབ་བརྗེ་ལག་བསྟར་བྱེད་པའི་གནས་ས་ཁུལ་དུ་བསྐོར་བཞིན་པའི་ཙིག་རྟགས་གཡོན་མཐེབ་གནོན་རྡེབ་རྗེས་ཚབ་བརྗེ་བྱེད་པའི་ཚོས་གཞི་རང་འགུལ་གྱི་ཚོས་ལེན་ཆས་ནི་མཐོང་ཁྲའི་ཁུངས་ཚོད་གཞིའི་དང་པོའི་ཁུལ་དུ་མངོན།

  4. ཁུངས་ཚོད་གཞིའི་གཡས་ཕྱོགས་ཀྱི་"ཚབ་བརྗེ་..."རེའུ་འགོད་སྒྲོམ་ནང་བེད་སྤྱོད་པའི་ཚོས་གཞི་འདེམས།

    ཟུར་མཆན་རིས་རྟགས་

    བཀོལ་སྤྱོད་དེ་བཪྙན་རིས་ནང་གི་ཁུངས་ཚོད་གཞི་ཡོད་ཚད་ཚབ་བརྗེ་བྱེད།


  1. གལ་སྲིད་ཁྱེད་ཀྱིས་ད་དུང་བཪྙན་རིས་ནང་གི་ཚོས་གཞི་གཞན་ཚབ་བརྗེ་འདོད་ན་ འོག་གི་ཁུངས་ཚོད་གཞིའི་མདུན་ཕྱོགས་ཀྱི་བྲིས་རྟགས་སྒྲོམ་ལ་རྐྱང་རྡེབ་བྱེད་ དེ་རྗེས་བསྐྱར་དུ་མཐོང་ཁྲོམ་གཡོན་གོང་ཟུར་ཁུལ་གྱི་མདོག་ལེན་ཆས་རིས་རྟགསའདེམས་སྤྱོད་བྱེད་པ་མ་ཟད་ཚབ་བརྗེའི་ཚོས་གཞི་འདེམས། ཁྱེད་ཀྱིས་ཐེངང་རེར་མང་ཤོས་ལ་བཪྙན་རིས་ནང་གི་ཚོན་མདོག་བཞི་ཚབ་བརྗེ་བྱེད།

  2. ཚབ་བརྗེ་ལ་རྐྱང་རྡེབ་བྱེད།

དྲན་བརྡའི་རིས་རྟགས་

གལ་སྲིད་ཁྱེད་ཀྱིས་ཚོས་གཞི་འདེམས་པའི་ས་ཁོངས་རྒྱ་སྐྱེད་དམ་ཡང་ན་འཁུམ་པ་བྱེད་ན་ཚོས་ལེན་ཆས་ཡོ་བྱད་ཀྱི་ཡོ་ཁྱད་འཕར་སྣོན་ཡང་ན་ཉུང་དུ་གཏོང་བ་མ་ཟད་ཁྱེད་ཀྱིས་བསྐྱར་དུ་འདེམས།