བྱ་ཡུལ་འདྲ་ཕབ་

འདྲ་ཕབ་ཆས་བྱེད་ནུས་གཡར་ཏེ་ ཁྱེད་ཀྱིས་འདེམས་པའི་བྱ་ཡུལ་གྱི་འདྲ་ཕབ་ཆས་ཀྱི་ཁ་གྲངས་རང་མཚན་འཇོག་བྱེད་པ་མ་ཟད་འདྲ་ཕབ་ཆས་དབར་གྱི་སྟར་འགོད་གནས་ས་ ཁ་ཕྱོགས་ ཆེ་ཆུང་དང་ཚོས་གཞི་འགྱུར་ལྡོག་གཏོང་།

གལ་སྲིད་ཁྱེད་ཀྱིས་དངུལ་སྒོར་བྱུར་བུ་ཞིག་བཟོ་དགོས་ན་འདྲ་ཕབ་བྱེད་ནུས་སྤྱད་དེ་བཟོས། བཟོས་པའི་རྨང་གཞི་ནི་ཆེས་གཤམ་འོག་གི་དངུལ་སྒོར་གཅིག་ཡིན་

  1. སྔོན་ལ་ཤོག་ངོས་འོག་ཕྱོགས་མཐའ་མཚམས་ཁུལ་དུ་འཇོང་སྒོར་ཡང་ན་སྒོར་གཅིག་བཟོས།

  2. ཚལ་ཐོའི་བཀའ་ཚིག་རྩོམ་སྒྲིག་ - འདྲ་ཕབ་ཆས་...གནོན་མཐེབ་བྱེད་པའི་རྗེས་འདྲ་ཕབ་ཆས་གླེང་སྒྲོམ་གཅིག་འཕར་ཐོན་བྱེད།

  3. ནང་བཅུག་ 12 དེ་ཟུར་དེབ་གྲངས་ཚད་ལ་བརྩིས།

  4. ཞེང་ཚད་དང་མཐོ་ཚད་ཀྱི་འདེམས་གཞི་ཆེ་རུ་གཏོང་བའི་ཁུལ་དུ་མོ་ཐང་མཐེབ་འཇུག་བྱེད་ དངུལ་སྒོར་ནི་འོག་ནས་གོང་ལ་རིམ་བཞིན་ཆུང་དུ་འགྲོ

  5. དངུལ་སྒོར་གྱི་ཚོས་གཞི་བརྗེ་སྒྱུར་མཚན་འཇོག་བྱེད་ འགོ་འཛུགས་ དང་ མཇུག་སྒྲིལ་ སྒྲོམ་ནང་ཚོས་མདོག་མི་འདྲ་བ་འདེམས།འགོ་འཛུགས་ཚོས་གཞི་ནི་འདྲ་ཕབ་བྱེད་བཞིན་པའི་བྱ་ཡུལ་ལ་ཉེར་སྤྱོད་བྱེད།

  6. གླེང་སྒྲོམ་ནང་གི་"གཏན་འཁེལ་"གནོན་མཐེབ་གནོན་རྡེབ་རྗེས་ བྱ་རིམ་ནི་འདྲ་ཕབ་ཆས་ལ་སྐྱེ་གྲུབ་བྱེད།