སྟར་འགོད་ སྙོམ་གཤིབ་དང་ཁྱབ་པའི་བྱ་ཡུལ་

རིམ་སྟར་བྱ་ཡུལ་

ཡིག་ཚགས་ནང་བསྒར་འཛུད་བྱེད་པའི་བྱ་ཡུལ་ཚང་མ་དང་མདུན་གྱི་བྱ་ཡུལ་རིམ་བརྩེགས་བྱེད། འདེམས་པའི་བྱ་ཡུལ་གྱི་དོས་ཁང་གོ་རིམ་བསྐྱར་དུ་སྟར་འགོད་བྱེད་ མུ་མཐུད་གཤམ་གྱི་བཀོད་སྤྱོད་བྱེད།

  1. བསྐྱར་དུ་སྟར་འགོད་བྱེད་པའི་བྱ་ཡུལ་རྐྱང་རྡེབ་བྱེད།

  2. བཟོ་བཅོས་ - སྟར་འགོད་གཡས་མཐེབ་ཚལ་ཐོ་མངོན་པ་འདེམས་པ་མ་ཟད་སྟར་འགོད་འདེམས་གཞི་ཞིག་འདེམས་

    རྩེ་རིམ་ལ་བཀོད་སྒྲིག་བྱེད་བྱ་ཡུལ་འདི་བྱ་ཡུལ་གཞན་ཡོ་ཚད་ཀྱི་ཆེས་མདུན་ངོས་ལ་བཀོད་སྒྲིག་བྱེད།

    གོང་ལ་རིམ་པ་གཅིག་སྤོས་བྱ་ཡུལ་འདི་བྱ་ཡུལ་དོས་ཁང་ནང་གོང་ལ་གནས་གཅིག་སྤོས།

    འོག་ལ་རིམ་པ་གཅིག་སྤོས་བྱ་ཡུལ་འདི་བྱ་ཡུལ་དོས་ཁང་ནང་འོག་ལ་གནས་གཅིག་སྤོས།

    མཐིལ་རིམ་ལ་བཀོད་སྒྲིག་བྱེད་བྱ་ཡུལ་ནི་བྱ་ཡུལ་གཞན་ཡོད་ཚད་ཀྱི་བྱ་ཡུལ་གྱི་རྗེས་ལ་འཇོག་

    བྱ་ཡུལ་རྗེས་བྱ་ཡུལ་ནི་བདམས་པའི་བྱ་ཡུལ་ཞིག་གི་རྗེས་ལ་སྒྲིག

བྱ་ཡུལ་སྟར་འགོད་ནི་བྱ་ཡུལ་ཞིག་གི་རྗེས་ལ་འདེམས་

  1. བསྐྱར་དུ་སྟར་འགོད་བྱེད་པའི་བྱ་ཡུལ་རྐྱང་རྡེབ་བྱེད།

  2. བཟོ་བཅོས་ - སྟར་འགོད་གཡས་མཐེབ་ཚལ་ཐོ་ཁ་ཕྱེས་ཚ་འདེམས་པ་མ་ཟད་བྱ་ཡུལ་འདེམས་པའི་རྗེས་ཙིག་རྟགས་སྟོན་མདའ་ལག་དབྱིབས་ལ་འགྱུར།

  3. བདམས་པའི་བྱ་ཡུལ་དེ་དེའི་རྗེས་ཀྱི་སྟར་འགོད་བྱ་ཡུལ་ལ་རྐྱང་རྡེབ་བྱེད།

བྱ་ཡུལ་གཉིས་ཀྱི་བརྩེགས་འཇོག་གོ་རིམ་བཪྙེས་སྒྱུར་བྱེད་

  1. Shift མཐེབ་གནོན་པ་དང་དུས་མཚུངས་བྱ་ཡུལ་འདི་གཉིས་རྐྱང་རྡེབ་བྱས་ཏེ་དེ་དག་འདེམས།

  2. བཟོ་བཅོས་ - སྟར་འགོད་གཡས་མཐེབ་ཚལ་ཐོ་ཁ་ཕྱེས་པ་དང་མ་ཟད་ལྡོག་འཁོར་འདེམས།

སྙོམས་གཤིབ་བྱ་ཡུལ་

སྙོམ་གཤིབ་བྱེད་ནུས་བེད་སྤྱད་དེ་བྱ་ཡུལ་ཕན་ཚུན་སྙོམས་གཤིབ་ཡང་ན་ཤོག་ངོས་སྙོམས་གཤིབ་བྱེད།

  1. བྱ་ཡུལ་གཅིག་འདེམས་ དེ་དང་ཤོག་ངོས་སྙོམས་གཤིབ་བྱེད་ ཡང་ན་བྱ་ཡུལ་མང་དག་འདེམས་པ་མ་ཟད་ལེགས་སྒྲིག་ཀྱང་བྱེད་ བྱ་ཡུལ་འདི་དག་ཕན་ཚུན་སྙོམས་གཤིབ་བྱེད།

  2. བཟོ་བཅོས་ - སྙོམས་སྒྲིག་ཐབས་ཚུལ་འདེམས་པ་མ་ཟད་སྙོམ་གཤིབ་ཐབས་ཚུལ་འདེམས་གཞི་འདེམས།

ཁྱབ་པའི་བྱ་ཡུལ།

གལ་སྲིད་ཁྱེད་ཀྱིས་ཡིག་ཚགས་ནང་རིས་འགོད་བྱེད་ན་གསུམ་ཡན་གྱི་བྱ་ཡུལ་འདེམས་ [ཁྱབ་པ་]བཀའ་ཚིག་ཆ་སྙོམས་བྱ་ཡུལ་དབར་གྱི་ཆུ་སྙོམས་ཡང་ན་དྲང་འཕྱང་ཕྱོགས་ཀྱི་བར་གཅོད་ལ་ཁྱབ་ཡོད།

  1. གསུམ་ཡན་གྱི་བྱ་ཡུལ་ཁྱབ་པ་འདེམས།

  2. བཟོ་བཅོས་ - ཁྱབ་པ་འདེམས།

  3. དེང་འཕྱང་དང་ཆུ་སྙོམས་ཁྱབས་པའི་འདེམས་གཞི་འདེམས་པ་མ་ཟད་"གཏན་འཁེལ་"རྐྱང་རྡེབ་བྱེད།

བདམས་པའི་བྱ་ཡུལ་ཆུ་སྙོམས་ཡང་ན་དྲང་འཕྱང་གནས་ཚད་མདའ་བརྒྱུད་ཆ་སྙོམས་ཀྱི་ཁྱབ་ཡོད། ཆེས་ཕྱི་རིམ་གྱི་བྱ་ཡུལ་གཉིས་ལྟོས་དངོས་ཚེག་ལ་སྤྱོད་ ཁྱབ་པ་བཀའ་ཚིག་སྐབས་ཉེར་སྤྱོད་བྱེད་ དེ་ཚོ་སྤོ་སྒུལ་མི་བྱེད།