སྤྱི་འགྲོས་བརྒྱུད་རྩིས་རྒྱག་པ།

སྤྱི་འགྲོས་ཡོད་ཚད་མཚུངས་རྟགས་ནས་འགོ་བཙུགས་དགོས། སྤྱི་འགྲོས་ནང་ཨང་ཀིའམ་ཡི་གེ་ཡོད་ཆོག་ལ་ཡང་གཞི་གྲངས་གཞན་ཡང་(དཔེར་ན་སྤྱི་འགྲོས་ཀྱི་ཞིབ་ཆ་)ཡོད་ཆོག སྤྱི་འགྲོས་ནང་ད་དུང་གྲངས་རིག་པའི་རྩིས་རྒྱག་རྟགས་སམ་གཏན་ཚིགས་རྩིས་རྒྱག་རྟགས་སམ་རྟེན་གྲངས་མིང་བཅས་ཚུད་ཆོག

དྲན་བརྡའི་རིས་རྟགས་

སྤྱི་འགྲོས་ནང་དཔེར་ན་སྡོམས་འཐེན་བསྒྱུར་བགོས་(+, -, *, /)རྩ་བའི་རྩིས་རྒྱག་རྟགས་སྤྱོད་པའི་སྐབས་"བསྒྱུར་བགོས་སྔོན་དང་སྡོམས་འཐེན་རྗེས་"ཀྱི་གྲངས་རིག་པའི་རྩིས་རྒྱག་ངེས་སྲོལ་ལ་དོ་སྣང་གནང་དགོས། གཞི་གྲངས་ཀྱི་སྤྱི་སྡོམས་བརྩི་བའི་སྐབས་ཁྱེད་ཀྱིས་སྤྱི་འགྲོས་ =SUM(A1:B1)སྤྱད་ནས་མཚོན་པ་ཕུད་ད་དུང་སྤྱི་འགྲོས་ =A1+B1མཚོན་ཆོག་པའོ།


དྲན་བརྡའི་རིས་རྟགས་

དེ་མིན་ ད་དུང་གུག་རྟགས་སྤྱད་ཆོག སྤྱི་འགྲོས་ =(1+2)*3 དང་ =1+2*3 གི་རྩིས་རྒྱག་འབྲས་བུ་ཐ་དད་ཡིན།


གཤམ་གྱི་LibreOffice གློག་རྡུལ་རེའུ་མིག་སྤྱི་འགྲོས་ཀྱི་དཔེ་གཞི་འགའ་ཞིག་ཡིན།

=A1+10

དྲ་མིག་A1གི་གཞི་གྲངས་ལ་10སྣོན་དགོས།

=A1*16%

དྲ་མིག་ A1 གི་གཞི་གྲངས་ཀྱི་བརྒྱ་ཆ་བཅུ་དྲུག

=A1 * A2

དྲ་མིག་ A1 དང་དྲ་མིག་ A2 ནང་གཞི་གྲངས་ཀྱི་བསྒྱུར་ཐོབ།

=ROUND(A1;1)

དྲ་མིག་A1ནང་གི་གཞི་གྲངས་དེ་སིལ་གྲངས་ཚེག་གི་གནས་གཅིག་ཏུ་དོར་འཇུག་བྱེད་པ།

=EFFECTIVE(5%;12)

མིང་ཐོག་སྐྱེད་ཚད་ནི་ 5%དང་ལོ་རེའི་གཏོང་སྤྲོད་ཐེངས་ 12 ཀྱི་དོན་དངོས་སྐྱེད་ཚད་རྩིས་རྒྱག་པ།

=B8-SUM(B10:B14)

དྲ་མིག་B8 ནས་ B10 བར་གྱི་སྤྱི་སྡོམས་ནས་ B14 འཐེན།

=SUM(B8;SUM(B10:B14))

དྲ་མིག་B10 ནས་ B14ནང་གྲངས་ཐང་གི་སྤྱི་སྡོམས་དང་དྲ་མིག་B8ནང་གི་གྲངས་ཐང་ཕན་ཚུན་སྡོམས་པ།


ད་དུང་སྤྱི་འགྲོས་ནང་རྟེན་གྲངས་འཇུག་ཆོག་པ་དཔེར་ན་གོང་ལྟར་རོ། དེ་མིན་ ད་དུང་རྟེན་གྲངས་ནང་རྟེན་གྲངས་འཇུག་ཆོག "རྟེན་གྲངས་སྣེ་སྟོནཔས།"ཁྱེད་ལ་རྟེན་གྲངས་འཇུག་ཐབས་ཀྱི་རོགས་རམ་བྱེད།