འདྲ་ཕབ་སྤྱི་འགྲོས།

འདྲ་ཕབ་སྤྱི་འགྲོས་ཀྱི་ཐབས་སྣ་ཚོགས་ཡོད་རེ་བར་ སྤྱོད་དགོས།

  1. སྤྱི་འགྲོས་འདུས་པའི་དྲ་མིག་ལ་བྲིས་རྟགས་འགོད།

  2. ཚལ་ཐོའི་བཀའ་ཚིག་མནན་ནས་རྩོམ་སྒྲིག་ - འདྲ་ཕབ་ ཡང་ཚོ་སྒྲིག་མཐེབ་མནན་དགོས་ (C)

  3. བསྒར་འཛུད་འདྲ་ཕབ་དགོས་པའི་སྤྱི་འགྲོས་ཀྱི་དྲ་མིག་ལ་རྟགས་འགོད་དགོས།

  4. ཚལ་ཐོའི་བཀའ་ཚིག་མནན་ནས་རྩོམ་སྒྲིག་ - བསྒར་འཛུད་ཡང་ཚོ་སྒྲིག་མཐེབ་མནན་དགོས་ (V) འདི་ལྟར་འདྲ་ཕབ་བྱས་པའི་སྤྱི་འགྲོས་ནི་རང་འགུལ་ངང་ལྟོས་བཅས་ཀྱི་ལེགས་སྒྲིག་བྱས་རྗེས་དྲ་མིག་ནང་ཐོན།

སྤྱི་འགྲོས་ཤིག་དྲ་མིག་དུ་མའི་ནང་འདྲ་ཕབ་བྱེད་པའི་སྐབས་གཤམ་གྱི་མྱུར་བདེའི་ཐབས་སྤྱད་ནས་སྤྱི་འགྲོས་ཉིད་ཉེ་འགྲམ་གྱི་དྲ་མིག་ས་ཁོངས་ནང་འདྲ་ཕབ་བྱས་ཆོག

  1. སྤྱི་འགྲོས་འདུས་པའི་དྲ་མིག་ལ་བྲིས་རྟགས་འགོད།

  2. དྲ་མིག་གཡས་འོག་གི་གྲུ་བཞི་ཁ་གང་མ་ནག་པོ་དེ་མནན་པས་ཙིག་རྟགས་དེ་རྒྱ་འགྲམ་གྱི་རྣམ་པར་འགྱུར།

  3. སྡུད་ཙིག་གཡོན་མཐེབ་མནན་པ་དང་ཆབས་ཅིག་ཙིག་རྟགས་དེ་བསྒར་འཛུད་འདྲ་ཕབ་དགོས་པའི་སྤྱི་འགྲོས་ཀྱི་བྲ་མིག་གནས་སུ་འོག་གམ་གཡས་ལ་འདྲུད་སྐྱེལ་བྱ་དགོས།

  4. སྡུད་ཙིག་གཡོན་མཐེབ་གློད་པས་འདྲ་ཕབ་ཀྱིས་སྤྱི་འགྲོས་ཉིད་ཀྱིས་རང་འགུལ་ངང་ལྟོས་བཅས་ཀྱི་ལེགས་སྒྲིག་བྱས་རྗེས་དྲ་མིག་ནང་ཐོན།

སྤྱི་འགྲོས་འདྲ་ཕབ་ཀྱི་སྐབས་སུ་ གལ་སྲིད་གྲངས་ཐང་དང་ཡི་གེས་རང་འགུལ་ངང་ལྟོས་བཅས་ཀྱི་ལེགས་སྒྲིག་བྱ་རྒྱུའི་རེ་བ་མ་མཛད་ན་ཙིག་རྟགས་འདྲུད་སྐྱེལ་གྱི་སྐབས་སུ་ སྤྱི་འགྲོས་ཀྱི་རྟག་ཏུ་རང་འགུལ་ངང་ལྟོས་བཅས་ཀྱི་ལེགས་སྒྲིག་བྱའོ།