སྤྱོད་པོས་མཚན་འཇོག་བྱས་པའི་གྲངས་ཀའི་རྣམ་གཞག
ཁྱེད་ཀྱིས་རང་ཉིད་ཀྱིས་གྲངས་ཀའི་རྣམ་གཞག་གཅིག་བཀོད་སྒྲིག་བྱེད་ LibreOffice གློག་རྡུལ་རེའུ་མིག་ནང་གི་གྲངས་ཀ་མངོན་པར་བྱེད།
དཔེར་ན་ གྲངས་ཀ་ 10,200,000 དེ་ 10.2 Millionལ་མངོན་པར་བྱ་དགོས།
-
སྤྱོད་པོ་གསར་པས་མཚན་འཇོག་བྱས་པའི་རྣམ་གཞག་ལ་སྤྱོད་པའི་དྲ་མིག་འདེམས་དགོས།
-
རྣམ་གཞག་ - དྲ་མིག་ - གྲངས་ཀ་འདེམས་པ།
-
རིགས་འབྱེད།རེའུ་འགོད་སྒྲོམ་ནང་"སྤྱོད་པོ་མཚན་འཇོག"འདེམས་པ།
-
རྣམ་གཞག་ཨང་།ཡི་གེའི་སྒྲོམ་ནང་གཤམ་གསལ་ཚབ་ཨང་ནང་འཇུག་བྱ།
0.0,, "Million"
-
"གཏན་འཁེལ།"ལ་རྐྱང་རྡེབ་བྱ།
འོག་གི་རེའུ་མིག་ལ་ཧྲིལ་ལོན་དང་ སྟོང་གནས་བར་གཅོད་རྟགས་ (,) སིལ་གྲངས་ཚེག་ (.) ཀུན་འཕྲོད་རྟགས་ # དང་ 0 གི་ཕན་འབྲས་མངོན་ཡོད།
གྲངས་ཀ། |
.#,, "Million" |
0.0,, "Million" |
#,, "Million" |
10200000 |
10.2 Million |
10.2 Million |
10 Million |
500000 |
.5 Million |
0.5 Million |
1 Million |
100000000 |
100. Million |
100.0 Million |
100 Million |