འདྲེན་འཇུག་དང་འདྲེན་བཏོན་ dBase ཡིག་ཆ།

ཁྱེད་ཀྱིས་LibreOffice གཞི་གྲངས་མཛོད་དམ་ཡང་ན་གློག་རྡུལ་རེའུ་མིག་ནང་ dBase ཡིག་ཆའི་རྣམ་གཞག་གི་གཞི་གྲངས་ཁ་ཕྱེ་བ་དང་ཉར་ཚགས་བྱེད་(*.dbf ཡིག་ཆའི་་མིང་རྒྱ་སྐྱེད་)dBase གཞི་གྲངས་མཛོད་ནི་ .dbf ཡིག་ཆའི་རྒྱ་སྐྱེད་མིང་ལྡན་པའི་ཡིག་ཆའི་ཚོགས་སྤྱི་ཚུད་པའི་དཀར་ཆག་ཡིན། ཡིག་ཆ་ཚང་མ་གཞི་གྲངས་མཛོད་ནང་གི་རེའུ་མིག་གཅིག་ལ་ལྟོས་ཟླ་ཡིན། ཁྱེད་ཀྱིས་LibreOffice dBase ཡིག་ཆ་ཁ་ཕྱེ་བ་དང་ཉར་ཚགས་བྱེད་པའི་སྐབས་སྤྱི་འགྲོས་དང་རྣམ་གཞག་བོར་བརླག་འགྲོ

dBase ཡིག་ཆས་གློག་རྡུལ་རེའུ་མིག་འདྲེན་འཇུག་བྱེད།

  1. ཡིག་ཆ་ - ཁ་ཕྱེ་འདེམས་པ།

  2. འདྲེན་འཇུག་བྱ་དགོས་པའི་ *.dbf ཡིག་ཆ་ཪྙེད་པ།

  3. ཁ་ཕྱེ།ལ་རྐྱང་རྡེབ་བྱ།

    འདྲེན་འཇུག་ dBase ཡིག་ཆ།གླེང་སྒྲོམ་ཁ་ཕྱེ།

  4. "གཏན་འཁེལ།"ལ་རྐྱང་རྡེབ་བྱ།

    dBase ཡིག་ཆས་གློག་རྡུལ་རེའུ་མིག་གསར་པ་ཁ་ཕྱེ།

    ཐ་ཚིག་རིས་རྟགས་

    གལ་ཏེ་གློག་རྡུལ་རེའུ་མིག་ dBase ཡིག་ཆར་གཞན་ཉར་བྱ་དགོས་ན་འདྲེན་འཇུག་ཡིག་ཆའི་ཕྲེང་དང་པོ་བསྒྱུར་བའམ་འདྲེན་བཏོན་བྱ་མི་རུང་། ཕྲེང་འདིར་ dBase གཞི་གྲངས་མཛོད་ལ་ངེས་པར་དགོས་པའི་ཆ་འཕྲིན་འདུས་ཡོད་པས་ཡིན།


dBase ཡིག་ཆས་གཞི་གྲངས་མཛོད་ཀྱི་རེའུ་མིག་འདྲེན་འཇུག་བྱེད།

LibreOffice གཞི་གྲངས་མཛོད་རེའུ་མིག་ནི་དོན་དངོས་ཐོག་ད་ཡོད་གཞི་གྲངས་མཛོད་ལ་སླེབས་པའི་ཐག་སྦྲེལ་ཡིན།

  1. ཡིག་ཆ་ - གསར་འཛུགས་ - གཞི་གྲངས་མཛོད་འདེམས་པ།

  2. གཞན་ཉར།གླེང་སྒྲོམ་གྱི་ཡིག་ཆའི་མིང་།སྒྲོམ་ནང་གཞི་གྲངས་མཛོད་ཀྱི་མིང་ནང་འཇུག་བྱེད།

  3. ཉར་ཚགས།ལ་རྐྱང་རྡེབ་བྱ།

  4. གཞི་གྲངས་མཛོད་གཏོགས་གཤིས།གླེང་སྒྲོམ་གྱི་གཞི་གྲངས་མཛོད་རིགས།སྒྲོམ་ནང་ "dBASE"འདེམས་དགོས།

  5. གོམ་སྟབས་རྗེས་མ།ལ་རྐྱང་རྡེབ་བྱ།

  6. མིག་བཤར།ལ་རྐྱང་རྡེབ་བྱ།

  7. dBase ཡིག་ཆ་འདུས་པའི་དཀར་ཆག་ཪྙེད་པ་ དེ་རྗེས་"གཏན་འཁེལ།"ལ་རྐྱང་རྡེབ་བྱ།

  8. གསར་འཛུགས།ལ་རྐྱང་རྡེབ་བྱ།

གློག་རྡུལ་རེའུ་མིག་ནི་ dBase ཡིག་ཆར་འདྲེན་བཏོན་བྱེད།

  1. [ཡིག་ཆ།] - [གཞན་ཉར།...]འདེམས་པ།

  2. ཡིག་ཆའི་རྣམ་གཞགསྒྲོམ་ནང་"DBase ཡིག་ཆ་"འདེམས་པ།

  3. ཡིག་ཆའི་མིང་།སྒྲོམ་ནང་ dBase ཡིག་ཆའི་མིང་ནང་འཇུག་བྱེད།

  4. ཉར་ཚགས།ལ་རྐྱང་རྡེབ་བྱ།

ཟུར་མཆན་རིས་རྟགས་

མིག་སྔའི་ལས་ཁྲའི་གཞི་གྲངས་ཁོ་ན་འདྲེན་བཏོན་བྱེད།