གཞི་གྲངས་མཛོད་ས་ཁོངས་མཚན་འཇོག

ཁྱེད་ཀྱིས་གློག་རྡུལ་རེའུ་མིག་ནང་ཁྱབ་ཁོངས་ངེས་གཏན་གྱི་དྲ་མིག་མཚན་འཇོག་གཞི་གྲངས་མཛོད་ལ་བརྩིས་ནས་བེད་སྤྱོད་བྱེད། གཞི་གྲངས་མཛོད་ཁྱབ་ཁོངས་དེའི་ཕྲེང་རེ་རེས་གཞི་གྲངས་མཛོད་ཀྱི་ཡིག་དུམ་ཞིག་ལ་ལྟོས་ཟླ་བྱེད། ཁྱེད་ཀྱིས་དགོས་པར་གཞིགས་ནས་གཞི་གྲངས་མཛོད་ནང་གི་ཁྱབ་ཁོངས་སུ་སྟར་སྒྲིག་དང་ ཚོ་སྒྲིག་ བཤེར་འཚོལ་ རྩིས་རྒྱག་སོགས་ཀྱི་བཀོད་སྒྲིག་བྱེད།

ཐ་ཚིག་རིས་རྟགས་

ཁྱེད་ཀྱིས་གཞི་གྲངས་མཛོད་འདུས་པའི་ས་ཁོངས་ཀྱི་གློག་རྡུལ་རེའུ་མིག་ནང་ས་ཁོངས་དེ་རང་རྩོམ་སྒྲིག་དང་བེད་སྤྱོད་བྱ་རུང་བ་ལས་"LibreOffice གཞི་གྲངས་ཁུངས་"མཐོང་རིས་ནང་གཞི་གྲངས་མཛོད་ས་ཁོངས་བེད་སྤྱོད་བྱ་མི་རུང་།


གཞི་གྲངས་མཛོད་ཁྱབ་ཁོངས་མཚན་འཇོག་བྱེད།

  1. གཞི་གྲངས་མཛོད་ས་ཁོངས་ལ་དྲ་མིག་ས་ཁོངས་མཚན་འཇོག་བྱ་དགོས་པ་འདེམས་པ།

  2. གཞི་གྲངས་ - མཚན་འཇོག་ཁྱབ་ཁོངས་འདེམས་པ།

  3. མིང་།སྒྲོམ་ནང་གཞི་གྲངས་མཛོད་ཁྱབ་ཁོངས་ཀྱི་མིང་ནང་འཇུག་བྱེད།

  4. གཞན་དག་ལ་རྐྱང་རྡེབ་བྱ།

  5. གཞི་གྲངས་མཛོད་ས་ཁོངས་ལ་སྤྱོད་པའི་འདེམས་གཞི་གཏན་འཁེལ་བྱེད།

  6. "གཏན་འཁེལ།"ལ་རྐྱང་རྡེབ་བྱ།