དུས་ཁྱད་རྩིས་རྒྱག

གལ་ཏེ་ཁྱེད་ཀྱིས་དུས་ཁྱད་བརྩི་འདོད་ན་ དཔེར་ན་ དགོང་མོ་གཅིག་པ་ཞིག་གི་ 23:30 དང་ 01:10 བར་དུས་ཚོད་ཇི་ཙམ་ཡོད་ རབ་བྱུང་ན་གཤམ་གྱི་སྤྱི་འགྲོས་སྤྱོད་དགོས་

=(B2<A2)+B2-A2

དེའི་སྐབས་ ཅུང་ཕྱི་བའི་དུས་ཚོད་ཚེག་ B2ལ་གནས་པ་དང་ཅུང་སྔ་བའི་དུས་ཚོད་ A2 ནང་གནས། དཔེར་བཞག་པའི་འབྲས་བུ་ནི་ 01:40ཡིན་ དེ་ཡང་ཆུ་ཚོད་གཅིག་དང་སྐར་བཞི་བཅུ་ཡིན།

སྤྱི་འགྲོས་བེད་སྤྱོད་པའི་ནང་ཉིན་གཅིག་གི་ཆུ་ཚོད་ཉེར་བཞི་དེ་གྲངས་ཐང་ 1 གིས་མཚོན་ ཆུ་ཚོད་གཅིག་དེ་གྲངས་ཐང་ 1/24 ཡིས་མཚོན། གུག་རྟགས་ནང་གི་གཏན་ཚིགས་གྲངས་ཐང་ནི་ 0 རམ་ 1 ཡིན་ ཆུ་ཚོད་ 0 རམ་ 24 ལ་ལྟོས་ཟླར་གནས། སྤྱི་འགྲོས་ཀྱི་འབྲས་བུ་ནི་བཀོལ་སྤྱོད་ཀྱི་གོ་རིམ་ལ་གཞིགས་ནས་རང་འགུལ་གྱིས་དུས་ཚོད་རྣམ་གཞག་སྒོ་ནས་ཕྱིར་འདོན་བྱེད།