སྤྱི་བསྡོམས།

གཏན་འཁེལ་བའི་དྲ་མིག་ས་ཁོངས་ནང་རང་འགུལ་ངང་དྲ་མིག་གྲངས་ཀ་གསབ་སྣོན་བྱེད། དྲ་མིག་ཅིག་ལ་རྐྱང་རྡེབ་བྱ་ བསྐྱར་དུ་རིས་རྟགས་འདི་ལ་རྐྱང་རྡེབ་བྱས་ནས་ དེ་རྗེས་དྲ་མིག་ས་ཁོངས་ནང་འཇུག་བྱ། གློག་རྡུལ་རེའུ་མིག་ནང་ཙིག་རྟགས་འདྲུད་སྒུལ་བྱས་ནས་དྲ་མིག་ས་ཁོངས་ལ་རྐྱང་རྡེབ་ཀྱང་བྱས་ཆོག

རིས་རྟགས།

སྤྱི་བསྡོམས།

གལ་སྲིད་གློག་རྡུལ་རེའུ་མིག་ནང་གཞི་གྲངས་འདུས་ཡོད་ན་ LibreOffice རང་འགུལ་ངང་དྲ་མིག་ས་ཁོངས་ཤིག་ཤན་འབྱེད་བྱེད། གལ་ཏེ་དྲ་མིག་ས་ཁོངས་འདིར་སྤྱི་བསྡོམས་རྟེན་གྲངས་འདུས་ཡོད་ན་ རྟེན་གྲངས་གཉིས་ཚོ་སྒྲིག་བྱས་ནས་ས་ཁོངས་འདིའི་སྤྱི་བསྡོམས་ཐོབ་བོ། གལ་ཏེ་ས་ཁོངས་ནང་འཚག་ཆས་ལྡན་ན་ རིགས་དབྱེའི་སྤྱི་བསྡོམས་རྟེན་གྲངས་བསྒར་འཛུད་བྱ་ སྤྱི་འགྲོས་རྟེན་གྲངས་ནི་མ་རེད།

"དང་ལེན།"རིས་རྟགས་ལ་(ལྗང་མདོག་ནི་བདམས་པའི་བྲིས་རྟགས་)རྐྱང་རྡེབ་བྱས་ནས་རྩོམ་སྒྲིག་ཚང་ནང་མངོན་པའི་སྤྱི་འགྲོས་བེད་སྤྱོད།