Options

འཚགས་འདེམས་འདེམས་གཞི་གཞན་དག་མངོན་པ།

བཀའ་ཚིག་ལ་བཅར་འདྲི་...

Choose Data - More Filters - Standard Filter... - Options label.

Choose Data - More Filters - Advanced Filter... - Options label.


འདེམས་གཞི།

ཆེ་བྲིས་ཆུང་བྲིས་དབྱེ་འབྱེད།

གཞི་གྲངས་འཚགས་འདེམས་སྐབས་ཡིག་འབྲུའི་ཆེ་བྲིས་ཆུང་བྲིས་དབྱེ་བ་འབྱེད།

ས་ཁོངས་ལ་སྟར་ཤོག་བྱང་འདུས་ཡོད།

དྲ་མིག་ས་ཁོངས་ཀྱི་ཕྲེང་དང་པོའི་ནང་སྟར་ཤོག་བྱང་འདུས་ཡོད།

འཚགས་འདེམས་འབྲས་བུ་ལ་འདྲ་ཕབ་བྱས།

བསྐྱར་འདེམས་སྒྲོམ་འདེམས་པ་དང་ དེ་རྗེས་འཚགས་འདེམས་འབྲས་བུ་མངོན་པར་སྤྱོད་པའི་དྲ་མིག་ས་ཁོངས་འདེམས་དགོས། ཡང་ན་ཐད་ཀར་དུ་སྟར་འགོད་ནང་མིང་བཏགས་ཀྱི་ས་ཁོངས་འདེམས་ཆོག།

བསྐུམ་པ་/ཆེར་གཏོང་།

"བསྐུམ་པ་/ཆེར་གཏོང་"རིས་རྟགས་ལ་རྐྱང་རྡེབ་བྱས་ནསགླེང་སྒྲོམ་དེ་ཚིག་དུམ་ནང་འཇུག་པའི་ཆེ་ཆུང་བར་བསྐུམ་དགོས་ དེ་ལྟར་ན་དེ་བས་སྟབས་བདེའི་སྒོ་ནས་ལས་ཀའི་རེའུ་མིག་ཁྲོད་མཁོ་བའི་འདྲེན་སྤྱོད་ལ་རྟགས་བཀོད་ཐུབ།

ཁྱེད་ནས་ལས་ཀའི་རེའུ་མིག་ནང་ཙིག་རྟགས་མཐེབ་ལ་རྐྱང་རྡེབ་དང་སྦྲགས་ས་ཁོངས་ཤིག་འདྲུད་འགུལ་བྱས་ནས་གླེང་སྒྲོམ་རང་བཞིན་གྱིས་ཁུམས་ ཁྱེད་ཀྱིས་ཙིག་རྟགས་མཐེབ་གློད་མ་ཐག་གླེང་སྒྲོམ་ཉིད་བསྐྱར་དུ་ཆེ་ཆུང་ཆ་ཚང་གི་ཐོག་ནས་མངོན་ ཙིག་རྟགས་ཀྱིས་མཚན་འཇོག་བྱས་པའི་འདྲེན་སྤྱོད་ས་ཁོངས་དེ་ཡིག་ཚགས་ནང་དུ་མཐའ་སྒྲོམ་སྔོན་པོའི་ཐོག་ནས་དམིགས་ཀྱིས་མངོན་པར་བྱེད།

རིས་རྟགས་

བསྐུམ་པ་/ཆེར་གཏོང་།

རིས་རྟགས་

བསྐུམ་པ་/ཆེར་གཏོང་།

ཀུན་འཕྲོད་རྟགས་བེད་སྤྱོད།

འཚགས་འདེམས་སྐབས་ཀུན་འཕྲོད་རྟགས་བེད་སྤྱོད་བྱས་ཆོག གལ་ཏེ་ LibreOffice རྒྱབ་སྐྱོར་བྱས་པའི་ཚད་མཐུན་མཚོན་ཚུལ་དགོས་པ་ཡོད་ན་ས་འདིར་

གལ་ཏེ་"བེད་སྤྱོད་ཀུན་འཕྲོད་རྟགས་"བསྐྱར་འདེམས་སྒྲོམ་འདེམས་ན་འཚགས་འདེམས་མཚན་འཇོག་སྐབས་ཡང་ན་ EQUAL (=)、NOT EQUAL (<>) དང་གཤམ་གསལ་རྟེན་གྲངས་བེད་སྤྱོད་བྱས་ཆོག་:DCOUNTA、DGET、MATCH、COUNTIF、SUMIF、LOOKUP、VLOOKUP དང་ HLOOKUP

བསྐྱར་ཟློས་གཞི་གྲངས་མ་འདུས་པ།

གཞི་གྲངས་རེའུ་འགོད་འཚགས་འདེམས་ནང་གི་བསྐྱར་ཟློས་ཕྲེང་ཕུད་པ།

འཚགས་འདེམས་ཆ་རྐྱེན་སོར་ཉར།

"འདྲ་ཕབ་འབྲས་བུ་སླེབས་པ།"བསྐྱར་འདེམས་སྒྲོམ་འདེམས་པ་དང་ དེ་རྗེས་གཞི་གྲངས་འཚགས་འདེམས་མངོན་པར་སྤྱོད་པའི་དམིགས་འབེན་ས་ཁོངས་གཏན་འཁེལ་བྱེད། གལ་ཏེ་བསྐྱར་འདེམས་སྒྲོམ་འདི་འདེམས་ན་དམིགས་འབེན་ས་ཁོངས་དང་ཁུངས་ས་ཁོངས་ཀྱི་ཐག་སྦྲེལ་རྒྱུན་མཐུད་བྱེད། ངེས་པར་དུ་[གཞི་གྲངས་] - [མཚན་འཇོག་ས་ཁོངས་...] གནས་པའི་འོག་ཁུངས་ས་ཁོངས་དེ་གཞི་གྲངས་མཛོད་ས་ཁོངས་ལ་མཚན་འཇོག་བྱས།དེ་ལྟར་སྤྱོད་པོས་གཤམ་གསལ་ཐབས་ཤེས་ལ་གཞིགས་ནས་ག་དུས་ཡིན་ནའང་མཚན་འཇོག་བྱས་པའི་འཚགས་འདེམས་ :བསྐྱར་ཟློས་སུ་བེད་སྤྱོད་བྱས་ཆོག་ཁུངས་ས་ཁོངས་ནང་རྐྱང་རྡེབ་བྱ་བ་དང་ དེ་རྗེས་[གཞི་གྲངས་] - [གསར་སྐྱེད་ས་ཁོངས་]འདེམས་པར་བྱ།

གཞི་གྲངས་ས་ཁོངས།

འདེམས་དགོས་པའི་དྲ་མིག་ས་ཁོངས་སམ་དེའི་མིང་མངོན་པ།

Options

Click the Options label to expand the dialog to show further options. Click again to restore the dialog.