Shell Function
དགོས་པའི་སྐབས་སུ་ བེད་སྤྱོད་བྱ་རིམ་གཞན་དུ་སྒུལ་སློང་དང་ལྟོས་ཟླའི་སྒེའུ་ཁུང་རྣམ་པར་མཚན་འཇོག་བྱའོ།
སྐད་བརྡ་
Shell (Pathname As String[, Windowstyle As Integer][, Param As String][, bSync])
ཞུགས་གྲངས་
Pathname:
སྒུལ་སློང་དགོས་པའི་བྱ་རིམ་གྱི་བརྒྱུད་ལམ་ཆ་ཚང་དང་བྱ་རིམ་མིང་།
Windowstyle:
བྱ་རིམ་ལག་བསྟར་སྐབས་དེར་ཡོད་སྒེའུ་ཁུང་རྣམས་ཧྲིལ་གྲངས་མཚོན་ཚུལ་གགཏན་འཁེལ་ལ་སྤྱོད་པ་ (གདེམས་རུང་)དེའི་ཐང་ནི་
0 |
མདོ་གནས་དེ་གབ་པའི་བྱ་རིམ་སྒེའུ་ཁུང་དུ་གནས། |
1 |
མདོ་གནས་དེ་ཚད་ལྡན་གྱི་བྱ་རིམ་སྒེའུ་ཁུང་སྟེང་གནས་པ། |
2 |
མདོ་གནས་དེ་ཆུང་ཤོས་གྱི་བྱ་རིམ་སྒེའུ་ཁུང་སྟེང་གནས་པ། |
3 |
མདོ་གནས་དེ་ཆེ་ཤོས་གྱི་བྱ་རིམ་སྒེའུ་ཁུང་སྟེང་གནས་པ། |
4 |
ཚད་ལྡན་གྱི་ཆེ་ཆུང་གཉིས་ཀའི་བྱ་རིམ་སྒེའུ་ཁུང་ལ་མདོ་གནས་མེད། |
6 |
ཆུང་འགྱུར་ཅན་གྱི་བྱ་རིམ་སྒེའུ་ཁུང་གི་མདོ་གནས་ནི་སྔར་བཞིན་སྤྱོད་བཞིན་པའི་སྒེའུ་ཁུང་དུ་གནས། |
10 |
གསལ་ཡོལ་ཆ་ཚང་མངོན་པ། |
Param:
ཡིག་རྟགས་ཕྲེང་བའི་མཚོན་ཚུལ་ནི་བརྒྱུད་སྐྱེལ་དགོས་པའི་བཀའ་ཚིག་ཕྲེང་གཏན་འཁེལ་ལ་སྤྱོད་པ།
bSync:
གལ་སྲིད་ཐང་འདི་ཉིད་ trueསྒྲིག་ན་ Shell བཀའ་ཚིག་དང་ LibreOffice ལས་འགན་ཡོད་ཚད་ shell འཕེལ་རིམ་མཇུག་མ་བསྒྲིལ་པར་ངང་སྒུག་རྣམས་པར་གནས་ གལ་སྲིད་དེ་ཉིད་ falseསྒྲིག་ན་shell ཐད་ཀར་འབྲས་བུར་ཕྱིར་ལོག་ ཁས་ལེན་གྲངས་ཐང་ནི་ false
དཔེ་གཞི་
Sub ExampleShellForWin
Shell("c:\windows\calc.exe",2)
End Sub