Dim Statement

གསལ་བཤད་འགྱུར་ཚད་དམ་ཚོ་གྲངས།

འགྱུར་ཚད་བར་དུ་མཚམས་རྟགས་སྤྱད་ནས་བར་གཅོད་བྱེད་ (དཔེར་ན་ DIM sPar1, sPar2, sPar3 AS STRING)འགྱུར་གཟུགས་འགྱུར་ཚད་ཁོ་ནར་མཚན་འཇོག་བྱ། འགྱུར་ཚད་ཁག་ལ་ཁེར་རྐྱང་གི་མཚན་འཇོག་ཕྲེང་བེད་སྤྱོད་བྱ་རོགས།

Dim sPar1 As String

Dim sPar2 As String

Dim sPar3 As String

Dim གྱིས་ཡན་ལག་དཔེ་རིམ་ནང་གི་ཆ་ཤས་འགྱུར་ཚད་ཙམ་གསལ་བཤད་བྱེད། ཁོན་ཡོངས་འགྱུར་ཚད་གསལ་བཤད་བྱ་དགོས་ན་ PUBLIC འམ་ PRIVATE རྗོད་པ་བེད་སྤྱོད་བྱ་དགོས།

བརྡ་འཕྲོད་

[ReDim]Dim VarName [(start To end)] [As VarType][, VarName2 [(start To end)] [As VarType][,...]]

ཁུགས་གྲངས་

VarName གང་རུང་འགྱུར་ཚད་དམ་ཚོ་གྲངས་ཀྱི་མིང་།

Start End གཞི་རྒྱུའི་གྲངས་ཚད་ (NumberElements=(end-start)+1) དང་བཤེར་འདྲེན་ཁྱབ་ཁོངས་ལ་སྤྱོད་པའི་གྲངས་ཐང་དང་རྒྱུན་གྲངས།

གལ་ཏེ་བརྒྱུད་རིམ་རིམ་པར་ ReDimསྤྱད་ན་ start དང་ end གྲངས་ཀའི་མཚོན་ཚུལ་ཡིན་ཆོག

VarType འགྱུར་ཚད་གྱི་གཞི་གྲངས་རིགས་ཀྱི་འགག་གནད་ཚིག་ལ་སྤྱོད།

Keyword འགྱུར་ཚད་རིགས་

Bool པོ་ལེན་འགྱུར་ཚད་ (True False)

Currency དངུལ་ལོར་འགྱུར་ ( 4 གནས་སིལ་གྲངས་ཀྱི་དངུལ་ལོར་འདུས་)

Date ཚེས་གྲངས་འགྱུར་ཚད་

Double དག་ཚད་ཆ་ལྟན་གྱི་འཕྱོ་ཚེག་འགྱུར་ཚད་ (1.79769313486232 x 10E308 ནས་ 4.94065645841247 x 10E-324)

Integer ཧྲིལ་གྲངས་འགྱུར་ཚད་ (-32768 ནས་ 32767)

Long རིང་བའི་ཧྲིལ་གྲངས་འགྱུར་ཚད་ (-2,147,483,648ནས་ 2,147,483,647)

Object བྱ་ཡུལ་འགྱུར་ཚད་(མཆན་ དེ་རྗེས་ Set ཁོ་ན་སྤྱད་ནས་འགྱུར་ཚད་དེ་མཚན་འཇོག་བྱེད།)

Single དག་ཆ་ཡ་ལྡན་འཕྱོ་ཚེགཚེགའགྱུར་ཚད་ (3.402823 x 10E38 ནས་ 1.401298 x 10E-45)

String ཡིག་རྟགས་ཕྲེང་བ་འགྱུར་ཚད་ མང་ཤོས་ལ་ASCIIཡིག་རྟགས་ 64,000 ཙམ་འདུས་ཆོག

Variant] འགྱུར་གཟུགས་འགྱུར་ཚད་རིགས་ (རིགས་ཡོད་ཚད་འདུས་ མཚན་ཉིད་ཀྱིས་གཏན་འཁེལ་བྱེད།) གལ་ཏེ་འགག་གནད་ཚིག་གཏན་འཁེལ་བྱས་མེད་པ་དང་ད་དུང་ DefBool DefVar བེད་སྤྱོད་མ་བྱས་པ་སོགས་ཀྱིས་འགྱུར་ཚད་གཞི་གྲངས་རིགས་ཀྱི་རྗོད་པ་གཏན་འཁེལ་བྱས་ཆོག་ འགྱུར་ཚད་དེ་རང་འགུལ་གྱིས་འགྱུར་གཟུགས་རིགས་ལ་མཚན་འཇོག་བྱེད།

LibreOffice ཧུང་ནང་ཁྱེད་ཀྱིས་གསལ་བཤད་འགྱུར་ཚད་མངོན་མི་དགོས། འོན་ཏེ་ཚོ་གྲངས་བེད་སྤྱོད་མ་བྱས་སྔོན་ངེས་པར་དུ་སྔོན་ལ་གསལ་བཤད་ཚོ་གྲངས་བེད་སྤྱོད་བྱ་དགོས། ཁྱེད་ཀྱིས་ Dim རྗོད་པའི་གསལ་བཤད་འགྱུར་ཚད་བེད་སྤྱོད་བྱས་ཆོག་ འགྱུར་ཚད་གསལ་བཤད་མང་པོར་མཚོན་རྟགས་བེད་སྤྱོད་ཀྱིས་བར་ཆོད་བྱེད། འགྱུར་ཚད་རིགས་གསལ་བཤད་བྱ་དགོས་ན་མིང་གི་རྗེས་སུ་རིགས་གསལ་བཤད་ཡིག་རྟགས་ནང་འཇུག་བྱེད་རོགས་ ཡང་ན་ལྟོས་བཅས་ཀྱི་འགག་གནད་ཚིག་བེད་སྤྱོད་བྱེད།

LibreOffice ཧུང་གིས་གཏན་འཁེལ་བྱས་པའི་འགྱུར་ཚད་རིགས་སྤྱད་ནས་མཚན་འཇོག་བྱས་པའི་རྩ་གཅིག་དང་རྩ་མང་ཚོ་གྲངས་ལ་རོགས་སྐྱོར་བྱེད། གལ་ཏེ་བྱང་རིམ་ནང་རེའུ་འགོད་དམ་རེའུ་མིག་རྩོམ་སྒྲིག་བྱ་དགོས་ན་ཚོ་གྲངས་འཚམས་ཤོག་བྱེད་ རྒྱུ་རྐྱེན་ནི་བཤེར་འདྲེན་བརྒྱུད་ནས་ཚོ་གྲངས་ནང་གི་གཞི་གྲངས་རེ་རེ་ཚང་མ་གནས་ངེས་བྱེད་ཅིང་བཤེར་འདྲེན་ལ་གྲངས་ཀའི་མཚོན་ཚུལ་ལམ་འགྱུར་ཚདཚད་ཀྱིས་ཞིབ་བརྗོད་བྱ་བ་བཟོ་ཐུབ།

ཚོ་གྲངས་ཀྱིས་ Dim རྗོད་པ་སྤྱད་ནས་གསལ་བཤད་བྱེད། བཤེར་འདྲེན་ཁྱབ་ཁོངས་མཚན་འཇོག་བྱེད་ཐབས་རིགས་གཉིས་ཡོད་

DIM text(20) as String REM ཨང་སྒྲིག་ནི་ 0 ནས་ 20 བར་གྱི་གཞི་རྒྱུ་ 21 ཡིན་

DIM text(5 to 25) as String REM 5 ནས་ 25བར་གྱི་གཞི་རྒྱུ་ 21 ལ་ཨང་སྒྲིག་བྱས་

DIM text(-15 to 5) as String REM གཞི་རྒྱུ་21 ( 0ཚུད་པ་)

REM ཨང་སྒྲིག་ནི་ -15 ནས་ 5

རྩ་གཉིས་གཞི་གྲངས་ཡིག་དུམ་

DIM text(20,2) as String REM 63 གཞི་རྒྱུ་ཁག་ རིམ་པ་ 1 བྱས་པ་ 0 ནས་ 20བར་ རིམ་པ་ 2 བྱས་པ་ 0 ནས་ 20བར་ རིམ་པ་ 3 བྱས་པ་ 0 ནས་ 20བར།

གལ་ཏེ་ ReDim རྗོད་པ་སྤྱད་ནས་ཚོ་གྲངས་གང་རུང་འདུས་པའི་ཡན་ལག་འཆར་ཅན་བྱ་རིམ་མམ་རྟེན་གྲངས་ནང་རྩ་གྲངས་མཚན་འཇོག་བྱས་ཡོད་ན་ཚོ་གྲངས་དེའི་རིགས་འགུལ་རྣམས་ལ་གསལ་བསྒྲགས་བྱས་ཆོག རྒྱུན་དུ་ཁྱེད་ཀྱིས་ཚོ་གྲངས་རྩ་གྲངས་ཐེངས་གཅིག་ཁོ་ན་མཚམས་འཇོག་བྱས་ཆོག་ཅིང་མཚན་འཇོག་བྱས་རྗེས་བཟོ་བཅོས་བྱ་མིནཆོག། ཡན་ལག་འཆར་ཅན་བྱ་རིམ་ནང་ ReDim གསལ་བཤད་ཚོ་གྲངས་བེད་སྤྱོད་བྱས་ཆོག གྲངས་ཀའི་མཚོན་ཚུལ་ཁོ་ན་བེད་སྤྱད་ནས་རྩ་གྲངས་མཚན་འཇོག་བྱ་ དེ་ལྟར་བྱས་ན་ཡིག་དུམ་དེ་དགོས་ངེས་ཀྱི་ཆེ་ཆུང་ལ་འགན་ལེན་བྱེད།

དཔེ་གཞི་

Sub ExampleDim1

Dim sVar As String

Dim iVar As Integer

    sVar = "Office"

End Sub

 

Sub ExampleDim2

རྩ་གཉིས་གཞི་གྲངས་ཡིག་དུམ་

Dim stext(20,2) As String

Const sDim as String = " Dimension:"

For i = 0 To 20

    For ii = 0 To 2

        stext(i,ii) = str(i) & sDim & str(ii)

    Next ii

Next i

For i = 0 To 20

    For ii = 0 To 2

        MsgBox stext(i,ii)

    Next ii

Next i

End Sub