Atn Function

གྲངས་ཀའི་མཚོན་ཚུལ་གྱི་ལྡོག་པའི་དྲང་ཕྲད་ཐང་རྩིས་རྒྱག་པ་ འབྲས་བུ་ནི་ -Pi/2 ནས་ +Pi/2 བར་ཡིན།

ལྡོག་པའི་དྲང་ཕྲད་ནི་དྲང་ཕྲད་རྟེན་གྲངས་ཀྱི་ལྡོག་པའི་རྩིས་རྒྱག་ཡིན། གལ་ཏེ་ཟུར་ Alpha ཡི་དྲང་ཕྲད་ཐང་ Atn རྟེན་གྲངས་ཀྱུ་ཞུགས་གྲངས་ལ་བརྩིས་ནས་ལྡོག་པའི་རྩིས་རྒྱག་ལག་བསྟར་བྱས་ན་ རྩིས་རྒྱག་འབྲས་བུ་ནི་ Alpha ཟུར་(གཞུ་ཚད་ནི་འཇལ་བྱེད་ཡིན་)ཡིན། ཐད་ཟུར་ཟུར་གསུམ་དབྱིབས་ནང་ལྡོག་པའི་དྲང་ཕྲད་རྟེན་གྲངས་ནི་ཟུར་ Alpha ཁ་གཏད་མཐའ་དང་མཚེས་མཐའི་རིང་ཚད་ཀྱི་སྡུར་ཚད་སྤྱད་ནས་ཟུར་འདི་རྩིས་རྒྱག་དགོས།

Atn(གཏད་ཟུར་/མཚེས་མཐའ་)= Alpha

བརྡ་འཕྲོད་

Atn (Number)

ཕྱིར་ལོག་ཐང་

ཆ་ལྡན་དག་ཚད་

ཁུགས་གྲངས་

Number དྲདྲ་ཟུར་ཟུར་གསུམ་གྱི་མཐའ་གཉིས་ཀྱི་སྡུར་གྲངས་ཀྱི་གྲངས་ཀ་གང་རུང་གི་མཚོན་ཚུལ། Atn རྟེན་གྲངས་ཀྱིས་གཞུ་ཚད་འཇལ་བྱེད་ཡིན་པའི་ལྟོས་བཅས་ཀྱི་ཟུར་ཚད་ (ལྡོག་པའི་དྲང་ཕྲད་)ཕྱིར་ལོག་བྱེད།

གཞུ་ཚད་ནི་ཏུ་ལ་བརྗེ་སྒྱུར་བྱ་ གཞུ་ཚད་ལ་ 180/piཡིས་བསྒྱུར་དགོས།

ཏུའུ་=(གཞུ་ཚད་*180)/pi

གཞུ་ཚད་=(ཏུའུ་*pi)/180

དེའི་ནང་ pi ནི་རྒྱས་བཅད་ཀྱི་སྒོར་མཐའི་ཕྱོད་ཀྱི་རྒྱུན་གྲངས་ཡིན་ དོར་ལེན་རྗེས་ཀྱི་ཐང་ནི་ 3.14159ཡིན།

Error codes:

5 ནུས་མེད་ཀྱི་བརྒྱུད་རིམ་འཁོར་སྤྱོད་

དཔེ་གཞི་

REM གཤམ་གྱི་ཚོན་དཔེ་ནི་ཐད་ཟུར་ཟུར་གསུམ་གྱི་རྩིས་རྒྱག་ལ་སྤྱོད་

REM ཟུར་ Alpha ཡི་དྲང་ཕྲད་ཐང་སྤྱད་ནས་ཟུར་ Alpha རྩིས་རྒྱག་པ་

Sub ExampleAtn

REM བཞི་དོར་ལྔ་སྒྲིལ་བྱས་རྗེས་ Pi = 3.14159སྔོན་མཚན་འཇོག་གི་རྒྱུན་གྲངས་ཡིན་

Dim d1 As Double

Dim d2 As Double

    d1 = InputBox("Enter the length of the side adjacent to the angle:","Adjacent")

    d2 = InputBox("Enter the length of the side opposite the angle:","Opposite")

    Print "The Alpha angle is"; (atn (d2/d1) * 180 / Pi); " degrees"

End Sub