Put Statement

ཟིན་བྲིས་ལྟོས་བཅས་ཀྱི་ཡིག་ཆར་འབྲི་འཇུག་བྱ་བའམ་ཡིག་ཚོགས་རིམ་སྟར་གཉིས་གོང་འདྲིལ་ལུགས་ཀྱི་ཡིག་ཆར་འབྲི་འཇུག་བྱ།

གཞན་ལ་དཔྱད་གཟིགས་གནང་རོགས་ Get རྗོད་པ་

བརྡ་འཕྲོད་

Put [#] FileNumber As Integer, [position], Variable

ཁུགས་གྲངས་

FileNumber ཧྲིལ་གྲངས་གང་རུང་མི་མཚོན་ཚུལ་དེའི་ནང་གཞི་གྲངས་འབྲི་འཇུག་བྱེད་པའི་ཡིག་ཆ་མཚན་འཇོག་བྱེད་པར་སྤྱོད།

Position ལྟོས་བཅས་ཡིག་ཆར་(བློ་འདོད་ལྟར་ཡིག་ཆར་འཚམས་འདྲི་བྱེད་)མཚོན་ན་འབྲི་འཇུག་བྱ་དགོས་པའི་ཟིན་བྲིས་གྲངས་ཐང་ཡིན།

གཉིས་གོང་འདྲིལ་ལུགས་ཀྱི་ཡིག་ཆ་(Binary འཚམས་འདྲི་)ལ་མཚོན་ན་ཡིག་ཆའི་ནང་ཡིག་ཚིགས་འབྲི་འཇུག་འགོ་ཚུགས་པའི་གནས་ས་ཡིན།

Variable ཡིག་ཆའི་ནང་འགྱུར་ཚད་ཀྱི་མིང་འབྲི་འཇུག་བྱེད་དགོས།

འབྲེལ་ཡོད་ཡིག་ཆའི་ཟུར་མཆན་ གལ་སྲིད་འགྱུར་ཚད་ཀྱི་ནང་དོན་དང་ Open བརྗོད་པའི་ནང་གི་ Len ཡན་ལག་བརྗོད་པའི་ནང་གཏན་འཁེལ་བྱས་པའི་གཞི་གྲངས་ཀྱི་རིང་ཚད་ཟླ་སྒྲིལ་མི་ཐུབ་ན་གསར་དུ་འབྲི་འཇུག་བྱས་པའི་མཇུག་མཚམས་དང་རྗེས་ཀྱི་ཟིན་བྲིས་བར་གྱི་སྟོང་ཆར་གནས་ ཁྱེད་ཀྱིས་འབྲི་འཇུག་བྱེད་བཞིན་པའི་ཡིག་ཆའི་ནང་གི་ད་ཡོད་ཀྱི་གཞི་གྲངས་སྤྱད་ནས་སྟོང་གསབ་བྱའོ།

གཉིས་གོང་འདྲིལ་ལུགས་ཡིག་ཆའི་ཟུར་མཆན་ འགྱུར་ཚད་ནི་ནང་དོན་གཏན་འཁེལ་གྱི་གནས་སར་འབྲི་འཇུག་བྱ་བ་མ་ཟད་ཡིག་ཆའི་སྟོན་མདའ་ཐད་ཀར་ཆེས་མཐའ་འཇུག་གི་ཡིག་ཚོགས་རྗེས་སུ་བསྒར་འཛུད་བྱ། ཟིན་བྲིས་བར་བར་སྟོང་འཇོག་མི་དགོས།

དཔེ་གཞི་

Sub ExampleRandomAccess

Dim iNumber As Integer

Dim sText As Variant REM ངེས་པར་དུ་འགྱུར་ཚད་རིགས་ཡིན་དགོས་

Dim aFile As String

    aFile = "c:\data.txt"

    iNumber = Freefile

    Open aFile For Random As #iNumber Len=32

    Seek #iNumber,1 REM འབྲི་འཇུག་འགོ་འཛུགས་བྱེད་སའི་གནས་ས་

    Put #iNumber,, "This is the first line of text" REM ཡི་གེ་སྐོང་གསབ་ཕྲེང་སྤྱོད་

    Put #iNumber,, "This is the second line of text"

    Put #iNumber,, "This is the third line of text"

    Seek #iNumber,2

    Get #iNumber,,sText

    Print sText

    Close #iNumber

    iNumber = Freefile

    Open aFile For Random As #iNumber Len=32

    Get #iNumber,2,sText

    Put #iNumber,,"This is new text"

    Get #iNumber,1,sText

    Get #iNumber,2,sText

    Put #iNumber,20,"This is the text in record 20"

    Print Lof(#iNumber)

    Close #iNumber

End Sub