ལག་ཆས་ཕྲ་རིང་ཚུ།

འ་ནི་དབྱེ་ཚན་འདི་གིས་ LibreOffice རྩོམ་འབྲི་པ་ནང་འཐོབ་ཚུགས་པའི་ ལག་ཆས་ཕྲ་རིང་འདི་གི་སྤྱི་མཐོང་ཅིག་བྱིནམ་ཨིན། LibreOffice དོན་ལུ་སྔོན་སྒྲིག་ལག་ཆས་ཕྲ་རིང་རིམ་སྒྲིག་འདི་སྤྱི་མཐོང་འགྲེལ་བཤད་འབདཝ་ཨིན།

ཚད་ལྡན་ཕྲ་རིང་

ཚད་ལྡན་ ཕྲ་རིང་འདི་ LibreOffice གློག་རིམ་ཆ་མཉམ་ནང་འཐོབ་ཚུགས་

ཕྲ་རིང་རྩ་སྒྲིག་འབད་དོ།

རྩ་སྒྲིག་འབད་ནིའི་ཕྲ་རིང་འདི་ལུ་ ཚིག་ཡིག་རྩ་སྒྲིག་འབད་ནིའི་ལས་འགན་ཚུ་ལེ་ཤཱ་ཅིག་ཡོདཔ་ཨིན།

པར་རིས་ཕྲ་རིང་།

In མཐའ་ཐིག་མཐོང་སྣང་མཐའ་ཐིག་ཕྲ་རིང་འདི་གིས་ འཕྲལ་འཕྲལ་ལག་ལེན་འཐབ་ཡོད་པའི་ ཞུན་དག་ལག་ཆས་ཚུ་ཡོད། ཁ་སྐོང་བརྡ་བཀོད་ཡོད་པའི་ལག་ཆས་ཕྲ་རིང་ཅིག་ཁ་ཕྱེ་ནི་ལུ་ ངོས་དཔར་གྱི་རྩ་བར་ཡོད་པའི་མདའ་རྟགས་འདི་གུ་ཨེབ་གཏང་འབད།

གཞི་ཁྲམ་གྱི་ཕྲ་རིང་།

པར་གྱིཕྲ་རིང་འདི་གི་ནང་ན་ རྩ་སྒྲིག་འབད་ནི་དང་ སེལ་འཐུ་གྲུབ་པའི་ བིཊི་མེཔ་ཚད་རིས་ཚུ་གནས་ས་བཙུགས་ནིའི་དོན་ལུ་ ལས་འགན་འདི་ཡོདཔ་ཨིན།

གཞི་ཁྲམ་གྱི་ཕྲ་རིང་།

གཞི་ཁྲམ་ཅིག་སེལ་འཐུ་གྲུབ་ད་ གཞི་ཁྲམ་གི་ཕྲ་རིང་འདི་གིས་ གཞི་ཁྲམ་འདི་ རྩ་སྒྲིག་འབད་ནི་དང་གནས་ས་བཙུགས་ནིའི་དོན་ལུ་ ལས་འགན་གལ་ཅན་འདི་བྱིནམ་ཨིན།

ཨོ་ཨེལ་ཨི-དངོས་པོའི་ཕྲ་རིང་།

དངོས་པོ་ཚུ་སེལ་འཐུ་འབད་ཡོད་པ་ཅིན་ ཨོ་ཨེལ་ཨི་-དངོས་པོ་ཕྲ་རིང་འདི་བྱུངམ་ཨིནམ་མ་ཚད་ དངོས་པོ་ཚུ་རྩ་སྒྲིག་འབད་ནི་དང་ གནས་ས་བཙུགས་ནིའི་དོན་ལུ་ གལ་ཅན་གྱི་ལས་འགན་འདི་ཚུ་ ནང་ན་ཡོདཔ་ཨིན།

ཐིག་ཁྲམ་གི་ཕྲ་རིང་།

ཐིག་ཁྲམ་ཚུ་དང་ གཅིག་ཁར་ལཱ་འབདཝ་ད་ཐིག་ཁྲམ་ཕྲ་རིང་འདི་གི་ནང་ ཁྱོད་རང་ལུ་དགོ་པའི་ལས་འགན་ཚུ་ཡོདཔ་ཨིན། ཁྱོད་ཀྱི་འོད་རྟགས་འདི་ཐིག་ཁྲམ་ཅིག་ནང་སྤོ་བཤུད་འབདཝ་ད་ འདི་བྱུངམ་ཨིན།

དངོས་པོ་རྒྱུ་དངོས་ཀྱི་ཕྲ་རིང་ཚུ་འབྲི་དོ།

You can see the Drawing Object Properties bar in Writer and Calc. Select the menu View - Toolbars - Drawing Object Properties. The controls are enabled when a drawing object is selected. You see some different icons by default, whether the current document is a text document or a spreadsheet.

འགོ་ཚག་དང་ཕྲ་རིང་ཨང་རྟགས་བཀོད་ནི།

དོན་མཚམས་ཚུ་གྱི་གོ་རིམ་བསྒྱུར་བཅོས་འབད་ནི་དང་དོན་མཚམས་ཀྱི་གནས་རིམ་སོ་སོ་ཚུ་ངེས་འཛིན་འབད་ནི་གྲངས་སུ་བཙུགས་ཐོག་ལས་ ཨང་རྟགས་བཀོད་ཡོད་པའི་དོན་མཚམས་གྱི་གཞི་བཀོད་འདི་ལེགས་བཅོས་འབད་ནིའི་དོན་ལུ་ འགོ་མཚམས་དང་ཨང་རྟགས་ཀྱི་ཕྲ་རིང་ནང་ལུ་ ལས་འགན་འདི་ཡོདཔ་ཨིན།

ཚིག་ཡིག་དངོས་པོ་གི་ཕྲ་རིང་།

འབྲི་ནི་དངོས་པོ་ཅིག་གི་ནང་ཡོད་པའི་ ཚིག་ཡིག་གི་དོན་ལུ་ རྩ་སྒྲིག་འབད་ནིའི་བརྡ་བཀོད་ཚུ་ནང་ན་ཡོདཔ་ཨིན། ཁྱོད་ཀྱི་འབྲི་ནིའི་དངོསཔོ་ཅིག་ནང་ གཡེབ་གཏང་ཐེངས་གཉིས་འབདཝ་ད་ ཚིག་ཡིག་དངོས་པོ་གི་ཕྲ་རིང་འདི་བྱུངམ་ཨིན།

གནད་ཚད་ཀྱི་ཕྲ་རིང་།

གནད་ཚད་ཕྲ་རིང་འདི་ནང་ ད་ལྟོའི་ཡིག་ཆ་འདི་གི་སྐོར་ལས་ བརྡ་དོན་ཚུ་ཡོདཔ་་མ་ཚད་ དམིགས་བསལ་གྱི་ལས་འགན་ཚུ་དང་བཅས་ ཨེབ་རྟ་འདྲ་མིན་ཚུ་བྱིནམ་ཨིན།

Print Preview

The Print Preview Bar appears when you view the current document in the print preview mode.

ཐིག་ཁྲམ་ཕྲ་རིང་

གནད་སྡུད་ཀྱི་མཐོང་སྣང་ཚད་འཛིན་འབད་ནིའི་དོན་ལུ་ ཐིག་ཁྲམ་གནད་སྡུད་ཕྲ་རིང་ལག་ལེན་འཐབ།

ཐག་ཤིང་ཚུ།

ཐིག་ཤིང་འདི་ཚུ་གིས་ ཤོག་ལེབ་ཀྱི་རྒྱ་ཁྱོན་དང་ མཆོང་ལྡེ་ཚུ་གི་གནས་ས་ འགོ་མཚམས་ མཐའ་མཚམས་ དེ་ལས་ཀེར་ཐིག་ཚུ་བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱི་དེ་ཚུ་གེ་རང་ མཱའུསི་ལག་ལེན་འཐབ་ཐོག་ལས་ ཐིག་ཤིང་གུར་ལེགས་བཅོས་འབད་བཏུབ།

མན་ངག་གི་ཕྲ་རིང་།

མན་ངག་ཕྲ་རིང་འདི་གིས་ ཁྱོད་ལུ་ རྩིས་ལས་ཚུ་ཡིག་ཆ་ཚིག་ཡིག་ཅིག་ནང་ གསར་བསྐྲུན་དང་བཙུགས་བཅུགཔ་ཨིན། མན་ངག་ཕྲ་རིང་འདི་ཤུགས་ལྡན་བཟོ་ནི་ལུ་ ཨེཕ་༢་དེ་ཨེབ་གཏང་།

བཙུགས།

གཞི་ཁྲམ་དང་ ཚད་རིས་ ཐིག་ཁྲམ་ དེ་ལས་གཞན་དངོས་པོ་ཚུ་ བཙུགས་ནིའི་དོན་ལུ་ ལག་ཆས་ཕྲ་རིང་དེ་གི་ནང་ན་ འདྲ་མིན་སྣ་ཚོགས་ཀྱི་ལས་འགན་ཚུ་ ཡོདཔ་ཨིན།

Classification Bar

The Classification bar contains tools to help secure document handling.

The Classification toolbar contains listboxes to help in selecting the security of the document, according to the BAF category policy and BAILS levels. LibreOffice will add custom fields in the document properties (File - Properties, Custom fields tab) to store the classification policy as document metadata.

Go to menu View - Toolbars and select Classification

Mail Merge Toolbar

The Mail Merge Toolbar contains commands for the final steps of the mail merge process.