ཟུར་ཐོ་ - གྲོགས་རམ་ནང་གཙོ་ཚིག་འཚོལ་ཞིབ་

ཁྱོད་ཀྱིས་ འཚོལ་ཞིབ་ཡི་གུ་ ཚིག་ཡིག་སྒྲོམ་ནང་ མིང་ཚིག་ཅིག་ལུ་ཡིག་དཔར་རྐྱབ་པའི་ཐོག་ལས་ དམིགས་བསལ་གྱི་གནད་དོན་ཅིག་འཚོལ་ཚུགས།

ཁྱོད་ཀྱིས་ འཚོལ་ཞིབ་ཡི་གུ་ལུ་ཡིག་དཔར་རྐྱབ་པའི་སྐབས་ འོད་རྟགས་འདི་ཟུར་ཐོ་ཐོ་ཡིག་ནང་ཡོད་པ་ཅིན་ བཀྲམ་སྟོན་འདི་ཐད་ཀར་དུ་ཤུལ་མའི་མཐུན་སྒྲིག་ལུ་མཆོང་འགྱོ་འོང་། དེ་ལས་ཁྱོད་ཀྱིས་འཚོལ་ཞིབ་ཡི་གུ་ ཚིག་ཡིག་སྒྲོམ་ནང་མིང་ཚིག་ཅིག་ཡིག་དཔར་རྐྱབ་པའི་སྐབས་ ཆེད་དམིགས་འདི་ཐོ་ཡིག་ནང་གི་མཐུན་སྒྲིག་ལེགས་ཤོས་ལུ་མཆོང་འགྱོ་འོང་།

ཊི་ཨའི་པི་ངོས་དཔར། ཟུར་ཐོ་དང་ཚིག་ཡིག་ཆ་ཚང་འཚོལ་ཞིབ་གཉིས་ ཨ་རྟག་ར་ད་ལྟོ་སེལ་འཐུ་འབད་ཡོད་པའི་LibreOffice གློག་རིམ་ལུ་འཇུག་སྤྱོད་འབདཝ་ཨིན། ཐོ་ཡིག་སྒྲོམ་འདི་ལག་ལེན་འཐབ་པའི་ཐོག་ལས་ གྲོགས་རམ་མཐོང་བྱེད་ཀྱི་ལག་ཆས་ཕྲ་རིང་གུ་ འོས་ལྡན་གྱི་གློག་རིམ་ སེལ་འཐུ་འབད།